མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་དགོངས་ཞུ་དགོས་པའི་ཡོངས་གྲགས་ཞུ་ཡིག

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

(ལར་ཞེན་ཅན་གྱི་ཏང་མི་འགས་(རྒྱ་ནག་གི་)སྲིད་འཛིན་ཞི་ཅིན་ཕིན་གྱིས་དགོངས་པ་ཞུ་དགོས་པའི་ཡོངས་གྲགས་ཞུ་ཡིག་ཕུལ།)

གཞིས་ཆགས་བུས་བོད་སྒྱུར་བྱས།

xi_jinpingབློ་མཐུན་ཞི་ཅིང་ཕིང་ལགས། ང་ཚོ་ནི་ལར་ཞེན་ཆེ་བའི་ཏང་མི་ཡིན། ད་རེས་རྒྱལ་ཡོངས་ “ལྷན་ཚོགས་གཉིས་” ཀྱི་དུས་སྐབས་འདིར་ང་ཚོས་ཁྱེད་ཉིད་ཏང་དང་ (ཀྲུང་དབྱངས་) སྲིད་གཞུང་གི་ལས་གནས་ཡོངས་རྫོགས་ནས་རྩ་དགོངས་ཞུ་རོགས་ཞུ་རྒྱུ་ཡིན། ང་ཚོས་ཞུ་སྐུལ་འདི་ནི་ཏང་གི་རྩ་དོན། ཀྲུང་དབྱངས་དང་ཀྲུང་དབྱངས་མི་མང་། ད་དུང་ཁྱེད་རང་སྒེར་དང་ཁྱེད་ཀྱི་ནང་མིའི་བདེ་འཇགས་བཅས་ལ་སེམས་འཁུར་ཡོད་པའི་ཐོག་ནས་ཞུས་པ་ཡིན།

བློ་མཐུན་ཞི་ཅིང་ཕིང་ལགས། ཁྱེད་ཉིད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་དུ་གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེར་(ཧྲུའུ་ཅི་)འདེམས་ཐོན་བྱུང་བ་ལྟར། ཁྱེད་ནས་ “སྟག་རྣམས་རྡུང་རྡེག་བཏང་ནས་” ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེ་སེལ་རྒྱུའི་བློ་ཐག་བཅད་པ་དེས་གུང་ཁྲན་ཏང་ནང་ལོགས་སུ་གནོད་འཚེ་ཅན་གྱི་ལྐོག་ཟའི་རང་གཤིས་དེ་ཏོག་ཙམ་ཇེ་བཟང་དུ་ཕྱིན་ཡོད། དེ་བཞིན་ཁྱེད་ནས་ཁྱབ་ཆེ་བའི་བཅོས་སྒྱུར་གྱི་ཆེད་དུ་དབུས་ཀྱི་ལས་དོན་རུ་ཁག་གཙོ་བོ་འགའི་ཐོག་ཏུ་ཁྱེད་རང་སྒེར་ནས་དབུ་འཁྲིད་ཅིང་། དེ་མཚུངས་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཀྱི་ཐོག་ལ་བྱ་བ་རླབས་པོ་ཆེ་ཞིག་བསྒྲུབས་ཡོད་པ་ལའང་མི་མང་ནས་རྒྱབ་སྐྱོར་ཐོབ་ཡོད། འབད་རྩོལ་དེ་དག་ང་ཚོས་དོ་སྣང་མ་བྱུང་བ་དེ་འདྲ་རྩ་བ་ནས་མིན།

འོན་ཀྱང་བློ་མཐུན་ཞི་ཅིན་ཕིན་ལགས། ང་ཚོ་ལ་ནོར་འཁྲུལ་འཐེར་འདོན་བྱ་རྒྱུ་ལས་གདམ་ཁ་གཞན་མེད། དོན་དམ་དུ་ཁྱེད་ཀྱི་ལག་ཏུ་དབང་ཆ་ཡོད་ཚད་བཟུང་ནས་ཐད་ཀར་ཐག་གཅོད་བྱེད་ཀྱི་ཡོད་པར་བརྟེན། ད་ཆ་ང་ཚོར་ཆབ་སྲིད་དང་ཤེས་ཡོན། ལྟ་གྲུབ། ལེགས་བྱང་བཅས་ཀྱི་ཕྱོགས་ཐམས་ཅད་ཀྱི་ནང་དུ་སྔར་མ་གྲགས་པའི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད།

ཆབ་སྲིད་ཐོག་ལ་མཚོན་ན། ཁྱེད་ནས་གལ་གནད་ཆེ་བའི་གུང་ཁྲན་ཏང་གི་ལམ་སྲོལ་རྣམས་རྡོག་རོལ་དུ་བཏང་། དེའི་ནང་དུ་གཙོ་བོ་གུང་ཁྲན་ཏང་གི་དབུས་རྒྱུན་རྣམས་ནས་མཉམ་མཐུད་འགན་འཁུར་གྱི་དམངས་གཙོའི་ལམ་སྲོལ་དེ་རྒྱབ་སྐྱུར་དང་། དེའི་དོད་དུ་དཔོན་རིགས་རིམ་པ་ཚང་མས་ “གཙོ་བོ་” ཁྱེད་ཀྱི་འདོད་ཚུལ་ལ་རྒྱབ་སྐྱོར་དགོས་པ་བཅས་ནི་ཚད་ལས་བརྒལ་བའི་དབང་ཆའི་དམིགས་ཡུལ་གྱི་གནས་སུ་ལྷུང་ཡོད་པར་མཚོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱངས་མི་དམངས་ཆབ་སྲིད་སློབ་སྟོན་ལྷན་ཚོགས། སྲིད་གཞུང་ལྷན་ཁང་ནང་དངོས་སུ་ཏང་གི་ལས་དོན་ཚོགས་ཆུང་གི་དབང་ཆ་ཇེ་མཐོ་ཇེ་བརྟན་དུ་གཏོང་བ་དང་བསྟུན་ཏེ། ཁྱེད་ཀྱིས་སྲིད་བློན་ལི་ཁེ་ཆིང་དང་གཞན་དཔོན་རིགས་རྣམས་ཐེ་བའི་སྲིད་གཞུང་གི་ལས་ཁུངས་ཚང་མའི་རང་རང་གི་དབང་ཆ་རྣམས་ཇེ་ཆུང་ཇེ་ཞན་དུ་བཏང་། དེ་དང་མཉམ་དུ་ལས་དོན་ཁང་དང་སྲིད་གཞུང་འོག་གི་ཚོང་ལས་སྒྲིག་འཛུགས་ཁག་ཏུ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་རྩ་འཛུགས་བྱེད་བཞིན་པ་དེ་ཡིས་དབང་ཆའི་ལམ་ལུགས་གསར་པ་ཞིག་འཛུགས་པ་དང་། སྲིད་གཞུང་གི་རིམ་པ་ཚང་མའི་ནང་དུ་གསལ་ཁ་མེད་པ་ཆགས་ཤིང་། ཐག་གཅོད་ཀྱི་བརྒྱུད་རིམ་ལའང་ཐེ་ཚོམ་སྐྱེས་གཞིར་འགྱུར།

(རྒྱལ་ཁབ་) གཞན་དང་འབྲེལ་ལམ་གྱི་ཐད་ལ་མཚོན་ན། ཁྱེད་ཀྱིས་བློ་མཐུན་ཏུན་ཞོ་ཕིན་གྱི་ཡིད་བརྟན་འཕེར་བའི་སྲིད་བྱུས་ “ཁྱེད་ཀྱི་ནུས་སྟོབས་རྣམས་སྐུངས། ཁྱེད་ཀྱིས་དུས་ཚོད་ལ་སྒུགས་” ཅེས་པ་རྒྱབ་སྐྱུར་བྱས་པ་དེས་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་མེད་པ་ཙམ་མ་ཟད། ད་དུང་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟ་ཡོངས་རྫོགས་ལེགས་བསྒྲུབ་བྱེད་དུ་བཅུག་པ་དེ་ནི་རྒྱ་ནག་གི་རྒྱལ་སྲུང་ལའང་ཉེན་ཚབས་ཧ་ཅང་ཆེན་པོར་འགྱུར་བཞིན་ཡོད། ད་དུང་ཨ་རིའི་དབང་ཤུགས་ཀྱང་ལམ་ལྷོངས་ལྡན་པའི་སྒོ་ནས་ཨེ་ཤ་ཡའི་ནང་དུ་ཕྱིར་སླེབས་སུ་བཅུག་ནས་རྒྱ་ནག་དང་མཉམ་འབྲེལ་གྱིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཧྥི་ལི་པིན། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བཅས་དང་ལྷན་དུ་འཐབ་ཕྱོགས་གཅིག་འགྱུར་ཞིག་བཟོས། དེ་བཞིན། ཧོང་ཀོང་དང་མེ་ཀའོ། ཐེ་ཝན་བཅས་ཀྱི་དཀའ་ངལ་རྣམས་ནི་བློ་མཐུན་ཏུན་ཞོ་ཕིན་གྱི་བློ་གྲོས་ཅན་གྱི་ལྟ་ཚུལ་ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” ཅེས་པར་དང་ལེན་མི་བྱེད་པས་དཀའ་ངལ་འཕར་མ་ཞིག་ཆགས་པ་དང་། དེ་ཡིས་ཐེ་ཝན་ནང་དམངས་གཙོ་མདུན་སྐྱོད་ཚོགས་པ་ལ་(ཐེ་ཝན་གཞུང་འཛིན་གྱི་འོས་བསྡུའི་ནང་དུ་) རྒྱལ་ཁ་འཐོབ་ཡོད་པ་མ་ཟད། ཧོང་ཀོང་རང་བཙན་(ཧོང་ཀོང་རང་སྐྱོང་) གྱི་བསམ་བློ་དེ་ཇེ་ཆེར་འགྲོ་རུ་བཅུག་ཡོད། ད་དུང་ཧོང་ཀོང་དང་འབྲེལ་བའི་གནད་དོན་བྱེ་བྲག་པ་གཅིག་ནི། ཧོང་ཀོང་གི་དཔེ་དེབ་འཚོང་མཁན་རྣམས་ཁྲིམས་མཐུན་མིན་པའི་སྒོ་ནས་རྒྱ་ནག་རྒྱལ་ནང་དུ་བཙན་འཁྲིད་བྱས་པ་ཡིས་ཐད་ཀར་ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” ཀྱི་སྲིད་བྱུས་དེར་དོ་ཕོག་བཏང་ཡོད།

དཔལ་འབྱོར་གྱི་ཐད་ལ་མཚོན་ན། ཁྱེད་ཉིད་རྒྱལ་ཁབ་ཀྱི་དངུལ་རྩིས་དང་དཔལ་འབྱོར་ལས་དོན་གྱི་སྡེ་ཚན་གཙོ་བོ་རྣམས་ཀྱི་མགོ་འཁྲིད་ཡིན་པའི་ཆ་ནས། ཁེ་ལས་ཆེ་ཆུང་རྣམས་གོང་འཕེལ་གྱི་སྲིད་བྱུས་ནང་ཁྱེད་ཀྱིས་ཐད་ཀར་ཐེ་ཇུས་བྱས་པ་དེ་ཡིས་མ་ཤེར་(stock) ཁྲོམ་ར་དང་རྒྱུ་ནོར་(property)ཁྲོམ་ར་དེ་བརྟན་ལྷིང་མེད་པ་བཟོས་པར་བརྟེན་མི་སེར་དཀྱུས་མ་བརྒྱ་ཕྲག་སྟོང་ཕྲག་མང་པོའི་རྒྱུ་ནོར་རྣམས་སྟོང་ནས་གྱོང་གུད་ཆེན་པོ་ཕོག་ཡོད། དགོས་མཁོ་ཟུར་བཀོལ་བཅོས་སྒྱུར་(supply side reforms) དང་ཐོན་སྐྱེད་མང་མཐའི་ཚད་ཀྱི་སྲིད་བྱུས་(production capacity policies) རྣམས་ཀྱིས་སྲིད་གཞུང་འོག་གི་ཚོང་ལས་ཁང་དག་ཏུ་ལས་མེད་ཀྱི་གྲངས་མང་པོ་འཕར་བ་དང་། སྒེར་བདག་ཅན་གྱི་ཚོང་ལས་ཁང་རྣམས་སྒོ་བརྒྱབ་པ་ལའང་བརྟེན་ནས་ལས་མེད་ཀྱི་གྲངས་ཇེ་མང་དུ་འགྱུར་བ་རེད། “ལམ་གཅིག་དང་ས་རྒྱུད་(སྐ་རགས་) གཅིག་” ཅེས་པའི་ལས་འཆར་གྱིས་ཕྱི་དངུལ་བརྗེ་ལེན་གྱི་ཟུར་བཅད་(foreign exchange reserve) དངུལ་འབོར་ཧ་ཅང་མང་པོ་ཞིག་ཁེ་འབབ་གང་ཡང་མེད་པའི་ཐོག་ནས་ཟིང་འཁྲུག་ཅན་གྱི་རྒྱལ་ཁབ་དང་ས་ཁུལ་རྣམས་སུ་འཇོག་དགོས་པ་ཆགས། ཕྱི་དངུལ་བརྗེ་ལེན་ཟུར་བཅད་(foreign exchange reserve) ཀྱི་ཉེར་སྤྱོད་མང་སྐྱོན་དང་རྒྱ་ནག་གི་དངུལ་གྱི་འཛའ་ཆག་རྒྱུན་འཁོར་(renminbi devaluation cycle)དག་གིས་ཚང་མའི་གདེང་སྤོབས་བརླག་པ་ལ་བརྟེན་ཏེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དེ་ནི་ཉམས་སྐྱོན་གྱི་མཐའ་ཟུར་ཞིག་ཏུ་བསླེབས་ཡོད། མི་མང་རྣམས་ལ་འགྱུར་བ་ཞིག་འདོད་ཀྱི་ཡོད།

ལྟ་གྲུབ་ཀྱི་ཐད་ལ་མཚོན་ན། ཁྱེད་ཀྱིས་ “(གསར་འགྱུར་)བརྒྱུད་ལམ་རྣམས་གུང་ཁྲན་ཏང་གི་ངོ་བོར་” ནན་བཤད་བྱས་པ་དེས་མི་མང་ཚབ་མཚོན་གྱི་(གསར་འགྱུར་) བརྒྱུད་ལམ་གྱི་ཁྱད་ཆོས་ལ་བརྩི་མེད་སྣང་ཆུང་དུ་བཏང་སྟེ་རྒྱལ་ཁབ་(མི་མངས་)་ཡོངས་རྫོགས་ཧང་སང་དགོས་པར་ཆགས། ད་དུང་ཁྱེད་ནས་ཀྲའོ་ཞི་ཕིང་(Zhou Xiaoping) དང་ཧོ་ཁིན་ཧྥང་(Hua Qianfang) གཉིས་རིག་རྩལ་གྱི་འཐུས་ཚབ་ཏུ་བསྐོས་པ་དེས་རྩོམ་པ་པོ་དང་སྒྱུ་རྩལ་བ་གྲངས་ལས་འདས་པ་ཞིག་ལ་བློ་ཕམ་བྱུང་ཡོད། ད་དུང་ཁྱེད་ཀྱིས་རིག་གཞུང་སྡེ་ཁག་ནས་ཁྱེད་ལ་བསྟོད་གླུ་བླངས་པ་རྣམས་ཐད་ཀར་སྣང་མེད་དུ་སྐྱུར་བ་དང་། ཁྱེད་ཀྱི་གཟའ་ཟླའི་པེན་ལི་ཡོན་གྱི་མིང་སྲིང་ནི་རྒྱ་གཞུང་བརྙན་འཕྲིན་ལས་ཁང་གི་དཔྱིད་ཀྱི་དུས་སྟོན་ཆེན་མོའི་སྣེ་འཁྲིད་པ་དང་བཀོད་སྒྲིག་པར་བསྐོས་པ་དེ་ཡིས་གྲགས་ཆེ་བའི་དུས་སྟོན་དེ་ཡང་ཁྱེད་རང་སྒེར་གྱི་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་ཏུ་འགྱུར། འདི་ལྟ་བུའི་སྐྱེ་བུ་བྱེ་བྲག་གི་ཆོ་ག་ལ་ཁྱེད་ཀྱིས་སྣང་མེད་དང་། དབུས་གཞུང་གི་“ཚུལ་མཐུན་མིན་པའི་གྲོས་བསྡུར་” བཀག་འགོག་བྱེད་པ་། “འབོད་སྒྲ་གཅིག་གི་ཚོགས་པའི་”ཐབས་བྱུས་བཅས་ཀྱིས་ང་ཚོ་རིག་གནས་གསར་བརྗེ་ཆེན་མོའི་ནང་དུ་མྱངས་ཟིན་པ་རྣམས་ཀྱིས་གསང་བའི་སྒོ་ནས་སེམས་ཚབས་བྱེད་ཐུབ་མ་སོང་། ང་ཚོའི་ཏང་དང་ཀྲུང་དབྱངས། ཀྲུང་དབྱངས་མི་དམངས་བཅས་ཀྱིས་གོད་ཆག་ཅན་གྱི་ལོ་ངོ་བཅུ་ཕྲག་གཞན་གཅིག་བཟོད་གླགས་ཐུབ་ཐབས་མི་འདུག

བློ་མཐུན་ཞི་ཅིན་ཕིན་ལགས། ཁྱེད་ཀྱིས་ལྐོག་ཟ་རུལ་སུངས་འགོག་རྒྱུའི་ལས་འགུལ་གནོན་ཤུགས་ཆེན་པོ་ཞིག་ལག་བསྟར་བྱེད་བཞིན་པ་དེས་གུང་ཁྲན་ཏང་ནང་གི་གནོད་འཚེ་ཅན་གྱི་རང་གཤིས་དེ་(ཡོ་བསྲང་) སྐྱོན་སེལ་བྱེད་པ་ལ་ཕན་གྲོགས་བྱུང་ཡོད་ན་ཡང་། སྐྱོར་བྱེད་ཀྱི་ཐབས་བྱུས་སམ་དམིགས་ཡུལ་གང་ཡང་མེད་པར་བརྟེན་སྲིད་གཞུང་གི་རིམ་པ་ཚང་མའི་ནང་དུ་ “འགན་འཁུར་མེད་པའི་(གནས་ཚུལ་)་” མང་པོ་ཞིག་ཐོན་བཞིན་པ་དང་སྦྲགས་ནས་ལས་བྱེད་རྣམས་ལས་དོན་བྱེད་པ་ལ་ཧ་ཅང་འཇིགས་དགོས་པར་འགྱུར། མི་དམངས་ནས་མི་འདོད་པའི་རྣམ་འགྱུར་འཛེམ་ཟོན་མེད་པར་བསྟན་པ་དང་། ང་ཚོའི་(རྒྱལ་ཁབ་)དཔལ་འབྱོར་གྱི་ཉམས་རྒུད་ནི་ཇེ་ཞན་ཇེ་སྡུག་རེད། མ་ཟད་ང་ཚོས་ལྐོག་ཟ་རུལ་སུངས་འགོག་རྒྱུའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། དབང་ཆ་འཐབ་རྩོད་ཁོ་ན་ཞིག་ཏུ་མཐོང་གིན་འདུག དེར་བརྟེན་གུང་ཁྲན་ཏང་ནང་ངོས་སུ་འདི་ལྟ་བུའི་དབང་ཆ་འཐབ་རྩོད་ཀྱིས་ཁྱེད་དང་ཁྱེད་ཀྱི་ནང་མིའི་བདེ་འཇགས་ལའང་ཉེན་ཁའང་འབྱུང་སྲིད་པས་ང་ཚོར་སེམས་ཁྲལ་འདུག

དེ་འདྲ་སོང་ཙང་བློ་མཐུན་ཞི་ཅིན་ཕིན་ལགས། ཁྱེད་ལ་མ་འོངས་ལོ་ཟླའི་ནང་དུ་གུང་ཁྲན་ཏང་དང་ཀྲུང་དབྱངས་ཀྱི་སྣེ་འཁྲིད་ཐུབ་པའི་འཇོན་ནུས་གང་ཡང་ལྡན་མི་འདུག་པ་ང་ཚོས་ཚོར་ཞིང་། ཧྲུ་ཅི་ཡི་གོ་གནས་དེ་ནི་ད་ཆ་ཁྱེད་ལ་འཚམས་པོ་མེད་པ་ང་ཚོར་ཡིད་ཆེས་ཡོད། དེར་བརྟེན་ཏང་(དམར་ཤོག་ཚོགས་པའི་)གི་རྩ་དོན་དང་ཀྲུང་དབྱངས་ཀྱི་ཞི་བདེ་ཡུན་གནས། རྒྱལ་ཁབ་སྲ་བརྟན། ཁྱེད་རང་སྒེར་དང་ནང་མི་བཅས་ཀྱི་ཆེད་དུ་ང་ཚོས་ཁྱེད་ཉིད་ཏང་(དམར་ཤོག་ཚོགས་པ་) དང་སྲིད་གཞུང་མགོ་འཁྲིད་ཀྱི་ལས་གནས་ཐམས་ཅད་ནས་དགོངས་ཞུ་དང་། ཏང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱངས་མི་མངས་ནས་མ་འོངས་ལོ་ཟླའི་ནང་དུ་སྙིང་སྟོབས་ཆེན་པོས་སྣེ་འཁྲིད་ཐུབ་མཁན་གྱི་དྲང་ཚུགས་ཅན་གྱི་དབུ་འཁྲིད་གཅིག་འདེམ་དུ་འཇུག་རོགས་ཅེས་ཞུ་རྒྱུ་ཡིན།

ལར་ཞེན་ཅན་གྱི་ཏང་མི་རྣམས་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་བ་ ༣ པར།

མ་རྩོམ་འབྲེལ་ཐག http://chinadigitaltimes.net/2016/03/open-letter-devoted-party-members-urge-xis-resignation/

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༢༢ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese