མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་འབུམ་ ༧ ལྷག་སྒེར་ཟོས་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཀ་ལི་ཀ་ཏའི་ཀུན་དགའ་ཟ་ཁང་གི་འགན་འཛིན་ཟུར་བ་བསྟན་འཛིན་རིག་གྲོལ་གྱིས་ཧིན་སྒོར་ ༧༤༢༣༧༥།༦༡ ལྐོག་ཟ་རུལ་སུངས་བྱས་ཡོད་སྟབས་ད་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་སྐྱོང་ཡོངས་རྫོགས་འགོག་རྒྱུ་ཡིན་འདུག

rigdolབསྟན་འཛིན་རིག་གྲོལ་གྱིས་སྤྱི་དངུལ་སྒེར་ཟོས་བྱས་པའི་གནས་ཚུལ་ནང་བཀོད་དོན། བསྟན་འཛིན་རིག་གྲོལ་ནས་ཕྱི་ལོ་ ༢༠༠༠ ལོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཀོ་ཏ་(Kolkata)ཀུན་དགའ་ཟ་ཁང་གི་འགན་འཛིན་དང་དངུལ་གཉེར་གཅིག་ལྕོགས་ལས་ཐོག་སྐབས་རྩིས་ཞིབ་སྙན་ཐོའི་ནང་ཁོ་པའི་མིང་ཐོག་གཞུང་དངུལ་ཧིན་སྒོར་༩༤༨༠༠༠་༠༠༼དགུ་འབུམ་བཞི་ཁྲི་བརྒྱད་སྟོང་། ༽རྩིས་ཆད་ཐོན་ཡོད་པ་ནས་ཧིན་སྒོར་ ༢༠༥༦༢༤་༣༩ སྒྲུབ་འབུལ་ཞུས་ཡོད་པ་དང་། འཕྲོས་ཧིན་སྒོར་ ༧༤༢༣༧༥་༦༡༼བདུན་འབུམ་བཞི་ཁྲི་ཉིས་སྟོང་སུམ་བརྒྱ་བདུན་ཅུ་དོན་ལྔ་དང་པད་རེ་གཅིག༽རྩིས་གཙང་ཞུ་བསྡད་ཡིན་པ་དོ་དག་ནས་རྩིས་ཆད་སྒྲུབ་འབུལ་ཞུ་རྒྱུའི་གན་ཡིག་སྔ་རྗེས་བཞག་པ་བཞིན་འདི་ནས་སྔ་བར་ཕྱི་གསུམ་དུ་ཡིག་ངག་གཉིས་ཐོག་ནས་བརྡ་འདེད་ཞུས་ཀྱང་། བརྩི་བཀུར་དང་ལེན་མ་བྱུང་བས་ཡོང་བསྡད་རྩིས་གཙང་བྱུང་མེད།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ འཁོད་བོད་མིའི་རང་དབང་གསར་ཤོག་དོན་ཐེངས། ལོ་ ༨ ཨང་ ༤༠ ནང་དངུལ་ཆད་ཆ་ཚང་འདི་གར་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་རྩིས་འབུལ་དགོས་པ་དང་། ཅི་སྟེ་དུས་ཚོད་རྒྱས་བཅད་ནང་ཚུན་རྩིས་གཙང་མ་བྱུང་ཚེ་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསལ་པོར་བཀོད་ཡོད་ཀྱང་། དུས་བཀག་ནང་ཚུན་དངུལ་ཆད་རྩིས་འབུལ་མེད་པ་མ་ཟད་དོ་དག་ནས་ཡ་ལན་ཙམ་ཡང་བྱུང་མེད་པར་སོང་། བསྟན་འཛིན་རིག་གྲོལ་ནས་ཕྱི་ལོ་ ༢༠༠༦ ནས་བཟུང་དངུལ་ཆད་ཕྱིར་སློག་བྱ་ཐབས་གཏན་ནས་བྱས་མེད་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་སྣང་ཆུང་རྩིས་མེད་བྱས་པར་ངོས་འཛིན་གྱིས་ཧིན་སྒོར་༧༤༢༣༧༥་༦༡༼བདུན་འབུམ་བཞི་ཁྲི་ཉིས་སྟོང་སུམ་བརྒྱ་བདུན་ཅུ་དོན་ལྔ་དང་པད་རེ་གཅིག༽སྤྱི་དངུལ་སྒེར་ཟས་བྱས་ཡོད་པས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ནས་བཟུང་དཔལ་འབྱོར་ལས་ཁུངས་ཀྱི་ཀོ་ཏ་(Kolkata)ཀུན་དགའ་ཟ་ཁང་གི་འགན་འཛིན་དང་དངུལ་གཉེར་གཅིག་ལྕོགས་ཟུར་པ་བསྟན་འཛིན་རིག་གྲོལ་ལ་བོད་མིའི་སྒྲིག་འཛུགས་ནས་བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་ལྟ་སྐྱོང་བྱ་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱས། ཞེས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་འདུག

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

སྐར་མ ༢༠ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 3

  1. གངས་ཅན says:
    ལོ་ 10 སྔོན།

    སྤྱིར་བཏང་དེ་ལྟར་བྱས་པ་ཡག་པོ་རེད་་་་་་། སྐུ་སྒེར་ནས་དངུལ་ཆད་བྱུང་བའི་སྲིད་སྐྱོང་གི་གྲོགས་པོ་ཐུབ་བསྟན་ཆོས་འཕེལ་ད་དུང་ལྷོ་སྤྱིའི་ལས་ཁུངས་ན། ལྷོ་སྤྱིའི་མིང་མེད་པའི་ལྷོ་སྤྱི་དེ་ལ་དེ་ལྟར་ཉེས་ཆད་མེད་པ་གང་ཡིན་ན། ཁོ་སྲིད་སྐྱོང་གིས་གཟིགས་སྐྱོང་ཡོད་སྟབས་དཔལ་འབྱོར་ལས་ཁུངས་སོགས་ཀྱིས་མཐོང་གི་མེད་པ་འདྲ་རེད་པས་ལགས།

    Reply
  2. ངག་དབང་བློ་གྲོས་ says:
    ལོ་ 10 སྔོན།

    དངོས་ནས་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། ཨ་ཙི་ཙི། བོད་པའི་སྤྱི་ཚོགས་ནང་མི་དེ་འདྲ་ཡོད་པ་ཨ་ཙི་ཙི། དེ་རིང་གི་གཞུང་གི་ལས་ཕྱོགས་ལས་དེའི་ཐོག་གསལ་པོ་ཞིག་ག་རེད་ཐོན་གྱི་ཡོད་རེད་ཟེར་ན་ཕྱི་གསལ་ནང་གསལ་ཡིན་པ་དངོས་ནས་གསལ་པོ་རེད། རྗེས་སུ་དེ་འདྲ་རིག་བྱུང་ཚེ་ངེས་པར་དུས་རྒྱུན་དུ་ནས་རྟག་བཅད་ཡག་པོ་གནང་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།

    Reply
  3. Khampa Posar says:
    ལོ་ 10 སྔོན།

    མི་འདི་རིགས་སྤྱི་ཚོགས་ཐོག་ཏུ་གསལ་བོ་བཟོས་པར་ལེགས་པོ་བྱུང་། དུས་བབ་ཚང་ལ་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese