མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཕྱོགས་ནས་སྐད་ཆ་རྙིང་པ་དེ་རང་འཇགས་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་སོགས་ཀྱིས་ཉི་ཧོང་གི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝིན་ཞོང་ལ་ཐུག་འཕྲད་བྱས་ཏེ་ཆབ་སྲིད་ཀྱི་ཡིག་ཆ་བཞི་དང་རྩ་དོན་བཞིའི་ཐོག་མོས་མཐུན་གྱིས་ཕྱོཊ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་སྔར་ལས་ཤུཊ་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

26083d8a6152685aaa81359b2e332243ཁ་སང་ཉི་ཧོང་གི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝིན་ཞོང་རྒྱ་ནག་པེ་ཅིན་དུ་འབྱོར་ཏེ་ཉིན་གྲངས་གསུམ་རིང་རྒྱལ་དོན་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། དེ་རིང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་དང་ཕྱི་འབྲེལ་བློན་ཆེན་ཝང་ཡས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡཱང་ཅེ་ཁྲི་བཅས་ལ་སྔ་གཞུག་ཏུ་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནི་ལོ་ངོ་ ༤ ལྷག་གི་རྗེས་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝིན་ཞོང་གིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ལ་ཐུག་འཕྲད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

རྒྱ་ནག་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ལི་ཁེ་ཆིང་དང་ཐུག་འཕྲད་བྱེད་སྐབས་ཉེ་སྔོན་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་བྱུང་བར་སེམས་གསོ་བྱས་པ་དང་སྦྲགས་ལི་ཁེ་ཆིང་གིས། རྒྱ་ནག་དང་ཉི་ཧོང་གཉིས་ནི་ཐག་ཉེ་བའི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་བར་དུས་ཡུན་རིང་པོར་བརྟན་བརླིང་ཡོང་བའི་འཕེལ་རྒྱས་ཀྱི་འབྲེལ་བ་དེས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་དང་། འདས་ལོར་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་མགོ་ཁྲིད་ཚོགས་འདུ་སླར་གསོ་བྱུང་བ་དེ་གཙོ་བོ་རྒྱ་ནག་དང་ཉི་ཧོང་བར་གྱི་འབྲེལ་བ་ལེགས་པོ་བྱུང་བའི་དབང་གིས་ཡིན་ཡང་། ད་དུང་ཡང་འབྲེལ་བའི་རྨང་གཞི་བརྟན་པོ་མིན་པས་བཟང་ཕྱོགས་སུ་རྒྱུན་སྐྱོང་ཡོང་བའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག

ཕྱི་འབྲེལ་བློན་ཆེན་རྣམ་གཉིས་ཐུག་འཕྲད་སྐབས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་ཀྱིས། རྒྱ་ནག་ཕྱོགས་ནས་ད་དུང་ཡང་སྔར་གྱི་སྐད་ཆ་རྙིང་པ་སྟེ། ཕར་ཕྱོགས་ཀྱི་སྐད་ཆར་ཉན་ཞིང་ཕར་ཕྱོགས་ཀྱི་བྱ་སྤྱོད་ལ་ལྟ་ཡི་ཡིན། དེ་རིང་ངས་ཁྱེད་ཀྱིས་ག་འདྲ་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ལེགས་བཅོས་གཏོང་བར་བསམ་ཚུལ་འདོན་གྱི་འདུག་ཉན་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཉི་ཧོང་ཕྱོགས་ནས་དངོས་གནས་ཁ་བཤད་ལག་ལེན་དུ་བསྟར་ཐུབ་ཀྱི་ཡོད་མེད་བལྟ་ཡི་ཡིན། ཉི་ཧོང་དང་རྒྱ་ནག་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་འབྲེལ་བ་བདེ་བླག་ངང་གོང་འཕེལ་དུ་གཏོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ངེས་པར་དུ་ལོ་རྒྱུས་ཀྱི་དོན་དངོས་དང་དམ་བཅའ་བརྟན་པོའི་རྨང་གཞིའི་ཐོག་འཛུགས་དགོས་ལ། ཕན་ཚུན་ཁ་གཏད་མ་ཡིན་པར་མཉམ་འབྲེལ་གྱི་རྨང་གཞིའི་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་འཛུགས་དགོས། ད་ལན་ཁྱེད་རང་རྒྱ་ནག་ཏུ་ཡོང་བ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་གཏོང་བར་ཕན་ནུས་ཆེན་པོ་འཐོན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༤ ཚེས་པའི་ནང་ཧིན་དྷུ་ནི་ཤི་ཡའི་རྒྱལ་ས་ཇཱ་ཀཱར་ཌར་ (Jakarta) དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་ཨེ་ཤ་ཡ་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ ༨༠ ཡི་མགོ་ཁྲིད་ལྷན་ཚོགས་ཐོག ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་དང་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཐབས་ཇུས་འབྲེལ་ལམ་གོང་མཐོར་གཏོང་ཐབས་སྐོར་ལ་གྲོས་མོལ་བྱས་ཡོད་པ་དང་། ཐེངས་འདིའི་ཐུག་འཕྲད་ཀྱི་སྐབས་སུའང་ཆབ་སྲིད་ཀྱི་ཡིག་ཆ་བཞི་དང་རྩ་དོན་བཞིའི་ཐོག་ཕྱོགས་གཉིས་ཀྱིས་མོས་མཐུན་བྱས་ཏེ། མ་འོངས་པར་ཕན་ཚུན་མཉམ་ལས་ཀྱི་འབྲེལ་བ་དམ་པོར་བཟུང་སྟེ་ཕུན་ཚུན་འཇིགས་སྐུལ་མི་བྱེད་པའི་སྤྱི་མོས་ལག་བསྟར་གྱིས། ཕྱོགས་གཉིས་ཀྱི་འབྲེལ་བར་ལེགས་བཅོས་གཏོང་རྒྱུར་སྔར་ལས་ཤུགས་གནོན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པ་ནས་ད་ལྟའི་མཚོ་གླིང་གི་བདག་དབང་འཐབ་རྩོད་སོགས་ཀྱིས། ཉི་ཧོང་དང་རྒྱ་ནག་བར་གྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཁོན་སེམས་རྒྱུན་མ་ཆད་པར་གནས་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ཀྱི་སྔོན་ནས་བཟུང་རྒོལ་འཛིང་གི་རྣམ་པ་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 1

  1. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    རྒྱ་ཧོང་གཉིས་བར་གྱི་ཆབ་་སྲིད་ཀྱི་ཡིག་ཆ་བཞི་དང་རྩ་བ་བཞི་གང་ཡིན་གསལ་བཤད་ཅིག་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese