མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་ངོ་རྒོལ་བར་ཡིད་ཆེས་དང་བཟོད་སྲན།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཀ་རི། ཧོང་ Cary Huang གིས་བྲིས།

སྐལ་ལྡན་གྱིས་བསྒྱུར།

ཉེ་ཆར་རྒྱ་ནག་དམར་པོའི་སྲིད་གཞུང་གི་གཙོ་འཛིན་གྱིས་སྲིད་གཞུང་ལ་རྒྱབ་གཏོད་བྱེད་མཁན་ལ་བཟོད་སྲན་དང་ཡིད་ཆེས་དགོས་པའི་གཏམ་བཤད་དེ་ནི་དམ་དྲག་ཆེ་བའི་སྲིད་ཇུས་ཀྱི་ལྡོག་ཕྱོགས་སུ་གྱུར་ཡོད།

རྒྱ་ནག་དམར་པོའི་སྲིད་གཞུང་གི་གཙོ་འཛིན་ཞི་ཅིན་ཕིན་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཤེས་ཡོན་ཅན་དང་། དེ་དག་གི་ངོ་རྒོལ་གྱི་བསྒྲགས་གཏམ་བཅས་ལ་བཟོད་སྲན་བྱེད་དགོས་པའི་རྒྱུན་ལྡན་མ་ཡིན་པའི་གཏམ་ཚིག་ཅིག་བསྒྲགས་ཡོད་པ་རེད།  གཟའ་འཁོར་འདིའི་ནང་འདུ་འཛོམས་བྱས་པའི་ཤེས་ཡོན་ཅན་དང་། དཔེ་སྟོན་མི་སྣ། སློབ་ཕྲུག་གི་འཐུས་མི་བཅས་མི་གྲངས་བདུན་ཅུ་ཙམ་འཛོམས་པའི་ཚོགས་དབུས་སུ།  ཞི་ཅིན་ཕིན་གྱིས་“ང་ཚོས་ཤེས་ཡོན་ཅན་ཚོར་ངེས་པར་ཡིད་ཆེས་གཙང་མ་བྱེད་དགོས་པ་ཡིན།”ཞེས་བཤད་ཡོད་པ་རེད།

ཞིའི་ཅིན་ཕིན་གྱིས་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཤར་རྒྱུད་ཨན་ཧོའི་ཞིང་ཆེན་དུ་རྟོག་ཞིབ་ཏུ་བསྐྱོད་སྐབས་ཤེས་ཡོན་ཅན་གྱི་ཚོགས་འདུ་དེ་སྐོང་འཚོགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུ་དེས་རེས་གཟའ་ཟླ་བའི་ཉིན་གྱི་རྒྱལ་སྤྱིའི་ངལ་རྩོལ་ཉིན་མོ་དང་། རེས་གཞའ་ལྷག་པའི་ཉིན་གྱི་གཞོན་ནུའི་ཉིན་མོ་བཅས་ཀྱང་སྲུང་རྩི་ཞུས་ཡོད་པ་རེད།

ཞི་ཅིན་ཕིན་གྱི་གཏམ་ཚིག་དེ་བཞིན་རིག་གནས་གསར་བརྗེ་ཆེན་པོའི་དུས་དྲན་ཐེངས་ ༥༠ པ་སླེབས་ལ་ཉེ་བའི་སྐབས་བསྒྲགས་པ་ཞིག་ཡིན་པ་དང་། སྐབས་དེའི་ཕྱི་ཟླ་ ༥ཚེས་ ༡༦ ཉིན་རྒྱལ་ཁབ་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་གྲངས་ལས་འདས་པར་སྡུང་སྦྱོང་མནར་གཅོད་བཏང་བའི་ཉིན་མོ་དེ་རེད།

ཞི་ཅིན་ཕིན་གྱིས་སྲིད་གཞུང་གི་ལས་བྱེད་པ་ཚོས་སྲིད་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་མཁན་ཤེས་ཡོན་ཅན་གྱི་མི་སྣར་ངེས་པར་བཟོད་སྲན་བྱེད་དགོས་པ་དང་།  ཤེས་ཡོན་ཅན་ཚོའི་བསམ་ཚུལ་དང་སྐྱོན་བརྗོད་ཀྱི་རང་བཞིན་ལ་ལྷད་དང་ནོར་འཁྲུལ་ཡོད་ཀྱང་བཟོད་སྲན་དགོས་ལུགས་བརྗོད་ཡོད།  གཞུང་འབྲེལ་ལས་སྣེ་བས་ཤེས་ཡོན་ཅན་དེ་དག་གིས་སྲིད་གཞུང་དང་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པར་ཁྲིམས་ཆད་དང་དམ་བསྒྲགས་བྱེད་མི་ཆོག་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

ཞི་ཅིན་ཕིན་གྱིས་གཏམ་ཚིག་དེ་དག་ནི་ཉེས་དུས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་སྣ་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པར་སྟངས་འཛིན། ཤེས་ཡོན་གྱི་ལྟེ་གནས་དང་གསར་འགོད་པའི་རང་དབང་ལ་དམ་བསྒྲགས་བྱེད་ལུགས་བཅས་དང་མཐའ་གཅིག་ཏུ་རྒྱལ་འགལ་ཆགས་ཡོད།

གཟའ་འཁོར་སྔོན་མར་དྲ་རྒྱ་སྟངས་འཛིན་ conference on cyberspace policy ལྷན་ཚོགས་སྐབས། ཞི་ཡིས་དྲ་རྒྱའི་ཐོག་ཀུན་སློང་བཟང་པོས་སྤེལ་བའི་སྐྱོན་བརྗོད་དག་ལ་ངེས་པར་བཟོད་སྲན་ཆེ་ཙམ་དགོས་ལུགས་བརྗོད་པ་དང་། རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་སྤྱི་ཚོགས་དྲ་བའི་ཐོག་སྤེལ་བཞིན་པའི་མི་མང་གི་དཀའ་སྡུག་དག་ངེས་པར་ཤེས་རྟོག་ཐུབ་པ་དགོས་ལུགས་བརྗོད་ཡོད། ད་ལྟའི་གཏམ་ཚིག་དེ་དག་ནི་ཞི་ཅིན་ཕིན་སྲིད་གཞུང་གིས་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་སྟངས་འཛིན་དང་། སྲིད་གཞུང་གི་ཁ་གཏད་དུ་གྱུར་བའི་བསམ་ཚུལ་གླེང་སྟེགས་སྒོ་བརྒྱབ་པ་སོགས་ཀྱི་སྲིད་ཇུས་དང་ཡང་རྒྱབ་འགལ་དུ་ཕྱིན་ཡོད།

ཕྱི་ཟླ་ ༢ པར་ཞི་ཅིན་ཕིན་གྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་སྲིད་གཞུང་ལ་གུས་ཞེན་གཡོལ་བ་མེད་པ་དགོས་ལུགས་བརྗོད་པར། སྙན་གྲགས་ཅན་གྱི་འབྱོར་ལྡན་རན། ཀྲི་ཆང་ Ren Zhiqiang ལགས་ཀྱིས་དེར་ཡི་མ་རང་བའི་དྲི་བ་བཏོན་པས། མི་རིང་བར་ཁོང་གི་སྤྱི་ཚོགས་དྲ་བའི་མིང་བྱང་དང་བརྒྱུད་ལམ་ཁག་བཀག་སྡོམ་བྱས་པ་རེད།

ཞི་ཡིས་དཔོན་རིགས་ཚོས་ཤེས་ཡོན་ཅན་རྣམས་དང་དྲང་བདེན་གྱི་གྲོགས་འདྲིས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ནི་སྲིད་གཞུང་ལ་མཚོན་ན་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ། འབྱུང་འགྱུར་སྲིད་ཇུས་གཏན་འབེབས་བྱེད་པར་ཤེས་ཡོན་ཅན་ཚོའི་ལྟ་ཚུལ་དང་བསམ་ཚུལ་ངེས་པར་དང་ལེན་བྱེད་དགོས་པ། ཁོང་ཚོའི་སྐྱོན་བརྗོད་ལ་ཡང་དགའ་བསུ་བྱེད་དགོས་པ་སོགས་བཤད་ཡོད།

 མ་རྩོམ་འབྲེལ་ཐག http://www.scmp.com/news/china/policies-politics/article/1940113/we-must-fully-trust-intellectuals-chinas-president-xi

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese