བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག
ད་ལྟ་རང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་དཔལ་ལྡན་བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་འབྲེལ་ཨ་རིའི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་མགོ་འཛུགས་གནང་རྒྱུ་གནང་སོང་། ཞེས་གསལ་བསྒྲགས་གནང་སོང་།
གསར་འགོད་པས་ཁ་པར་བརྒྱུད་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་སྟབས་བསྟུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་པ་ལྟར། ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་པའི་བཀའ་ཕེབས་ཡོད་སྐོར་གསུངས་བྱུང་།
༄༅། །སྤེན་པ་ཚེ་རིང་ལགས་ཨ་རི་དོན་གཅོད་དུ་བསྐོ་གཞག དེ་ནི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་མཚོན་ན། ༧གོང་ས་མཆོག་གིས་ཁྱེད་གཉིས་སུ་ལ་འོས་ཤོག་ཐོབ་ཀྱང་བོད་མིའི་སྤྱི་ཚོགས་འགན་འཁྱེར་དགོས། ཞེས་བཀའ་ཕེབས་པར་འགན་འཁྱེར་བའི་རྣམ་པ་ཞིག་མངོན་པར་བྱས་པ་དང་། རྩ་བའི་བློ་བཟང་སེང་གེ་ལགས་སུ་འོས་ཐོབ་ཡོད་ཀྱང་། སྤེན་པ་ཚེ་རིང་ལགས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་དང་ཤེས་ཡོན་བས་གཙོས་མི་མང་རྒྱབ་སྐྱོར་གང་མང་ཙམ་ཡོད་པ་དེ་དག་གི་རང་ཉིད་ལ་མཐོང་སྣང་ལེགས་སུ་བྱུང་ཡོད། དེ་བཞིན་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། སྲིད་སྐྱོང་བློ་བཟང་སེང་གེ་དང་ཁ་གཏད་ཀྱིས་འོས་བསྡུའི་འགྲན་རྩོད་ཁྲོད་སྐྱོན་འཚངས་ནན་པོ་བསྔོགས་རེས་བྱུང་བའི་རྐྱེན་པས། སྲིད་སྐྱོང་བློ་བཟང་སེང་གེའི་འོག་ལས་ཀ་བྱེད་འདོད་མེད་ནའང་། ༧གོང་ས་མཆོག་གིས་བཀའ་གནང་དང་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་འགན་འཁྱེར་བའི་རྣམ་པ་ཞིག་མཚོན་པར་བྱས་སོང་བ་བཅས།
དྲ་གྲོགས་འདམ་སྐྱེས་ལགས་ཀྱི་གསུངས་པ་རྣམས་བདེན་པ་རེད། ངོས་ལེན་ཡང་ཡོད། ཡིན་ཡང་ཁྱེད་ཀྱིས་རྒྱལ་བས་ཆན་སྲིད་ཀྱི་སྐུ་དབང་ད་དུང་བཞག་མེད་པའི་རྣམ་པ་མ་ཡིན་ནམ་ཞེས་བརྗོད་པ་དེར་ལན་ཡིན། དེ་མིན་བཙན་འབྱོལ་བོད་མིའི་ཁྲིམས་སྒྲིག་ཅེས་ཁྱེད་ཀྱི་བརྗོད་ཀྱང་དོན་དངོས་ཁྲིམས་སྒྲིག་གྱི་གཅིག་བསྒྱུར་ཡོད་མེད་ཇེ་གསལ་རེད། གོང་སྲིད་སྐྱོང་ནས། བཀའ་བློན། དོན་གཅོད་པ་སོགས་ཀྱི་རིམ་པས་འོས་བསྡུའི་སྐབས་ཁྲིམས་སྒྲིག་འགལ་བ་གསལ་པོ་ཆགས་ཡོད་ཀྱང་ད་བར་འོས་བསྡུ་ལྷན་ཁང་དང་ཁྲིམས་ཞིབ་ལྷན་ཁང་སོགས་ནས་ཁྲིམས་སྒྲིག་ཇི་ལྟར་ལག་བསྟར་བྱེད་ཡོད། བཅའ་ཁྲིམས་རིན་པོ་ཆེ་མདོར་ན་གཟི་བརྗིད་ཁོག་སྟོང་ལྟ་བུར་འགྱུར་ཡོད། དམངས་གཙོའི་ཀ་བ་གསུམ་ལ་ཁྲིམས་དེ་ཉིད་ཡོད་ཀྱང་ལག་བསྟར་བྱེད་པའི་བློ་ཁོག་དང་གདེངས་ཚོད་མེད་པ་གསལ་པོ་རེད། མ་གཞི་ནས་སྤེན་ཚེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་པ་ལྟར། ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་པའི་བཀའ་ཕེབས་སོང་ཞེས་བརྗོད་པ་དེ་རྒྱལ་བའི་ཆབ་སྲིད་སྐུ་དབང་ད་དུང་བཞག་མེད་པའི་རྣམ་པ་མཚོན་ཐུབ་བམ་མི་ཐུབ། རྩ་བའི་དམ་བཅའ་དེ་རེད། རྒྱལ་བ་རིན་པོ་ཆེ་བོད་མི་རིགས་ཞིག་རེད། དགོངས་ཚུལ་སྟོན་པའི་རང་དབང་ཡོད་ལ་ཐོབ་ཐང་ཡང་ཡོད། དེའི་ཐོག་བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས། དེ་མིན་ཁྲིམས་སྒྲིག་སྐོར་གླེང་ཀྱང་དོན་མེད་རེད། ཁྲིམས་ཞེས་བརྗོད་པ་མ་ཏོག་རྩི་བཀུར་དང་ལེན་བྱེད་མཁན་སུ་ཡོད། སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་བརྒྱུད་རིམ་ལ་བལྟས་ན། ཁྲིམས་སྒྲིག་ཤོག་བུའི་སྟེང་མ་ཏོག་དོན་དངོས་ཐོག་ཇི་ལྟར་དང་ལེན་བྱ་བཞིན་ཡོད་པ་གསལ་པོ་རེད། སྤྱི་ཚོགས་ནང་ལ་ཡང་མང་པོས་དེང་སང་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱི་དབང་སྒྱུར་མ་རེད། གང་ཟག་གི་དབང་སྒྱུར་རེད་ཅེས་བརྗོད་བཞིན་འདུག འགལ་འཛོལ་རིགས་ལ་དགོངས་སེལ་ཞུ། ཐུགས་རྗེ་ཆེ།
“”ད་ལྟ་རང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་དཔལ་ལྡན་བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་འབྲེལ་ཨ་རིའི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་མགོ་འཛུགས་གནང་རྒྱུ་གནང་སོང་། ཞེས་གསལ་བསྒྲགས་གནང་སོང་།
གསར་འགོད་པས་ཁ་པར་བརྒྱུད་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་སྟབས་བསྟུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་པ་ལྟར། ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་པའི་བཀའ་ཕེབས་ཡོད་སྐོར་གསུངས་བྱུང་།” གཡུ་ཐོག་ལགས། ཕྱོགས་ཞེན་གནང་ན་ཕན་ཐོག་གང་ཡོད་མཁྱེན་མ་སོང་ངམ། རང་མདོག་མ་བསྟན་པར་གོང་གི་ཁྲིམས་སྒྲིག་ལ་ཡག་པོ་གཟིགས་ན་མི་ལེགས་སམ།། ཧཧཧ།།
གངས་ལྗོངས་ནག་ཕྱོགས་འོག་ནས། རང་དབང་ཉི་མའི་འོད་ཟེར། ཆོག་གསུམ་གཅིག་འདྲིལ་འདུད་རྒྱ། འོས་བསྡུས་མུན་ནག་འཁྲིད་སོང། གཏམ་བཟང་རྒྱབ་ན་ཇུས་བཟང་། མི་རིགས་རྒྱབ་ན་བླ་སྲོག སྲིང་སྐྱོང་མ་འོངས་བོད་ལྗོངས། ལམ་སྟོན་ཆེན་པོའི་རྗེས་དྲན། ཚོགས་གཙོ་ཨ་རི་དོན་གཅོད། བསྐོ་བཞག་མཛད་རྗེས་བཟང་པོ། ཆོག་གསུམ་གཅིག་འདྲིལ་ནུས་ཤུགས། ས་བརྟན་གོང་འཕེལ་ཡོང་བར། ནག་ཕྱོགས་སྙིང་རྩ་བཀྲུགས་སོང། རྒྱལ་བའི་སྐུ་ཚབ་མཆོག་ནས། བཀའ་དགོངས་བོད་འབངས་བདེ་ལ། ཐབས་བྱུས་གང་ཡོད་ཐོགས་ནས། རྒྱལ་བོད་རེ་འདུན་མྱུར་གྲུབ། སྨོན་ལམ་ལན་བརྒྱར་ཞུས་ཆོག་་་
ཐོག་མར་ཚང་མས་སྔོན་ལ་ཤེས་དགོས་པ་དེ་ནི། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དེ་༸རྒྱལ་བའི་སྐུ་ཚབ་དོན་གཅོད་ཁང་རེད་མ་ཏོག་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་མིན། དོན་གཅོད་དེ་རྒྱལ་བའི་མཚན་གནད་རྗེས་འབྲང་ཡིན་པས་དེར་སྐུ་ཚབ་རྒྱལ་བས་བསྐོས་ཀྱང་ཆབ་སྲིད་དུ་འགྲོ་བའི་ངེས་པ་གང་ཡང་མ་མཐོང་། དེར་བརྟེན་ཚང་མས་གནས་ཚུལ་ཟུར་བལྟས་མིན་པར་ཕྱོགས་ཡོངས་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་སྔོན་དོན་གཅོད་ཁང་གི་སྐུ་པར་རྙོག་གླེང་དེ་ཡང་གཙོ་བོ་དེར་ཐུག་ཡོད། ཕལ་ཆེར་གཅིག་བྱས་ན་སྐལ་རྡོར་གྱིས་དོན་གཅོད་ཁང་རྒྱལ་བའི་མཚན་གནས་སུ་དེབ་སྐྱེལ་ཡོད་པ་ཤེས་ཀྱི་མེད་སྲིད་གང་ལྟར་གནས་ཚུལ་རྣམས་མཉམ་བསྲེས་བྱེད་ན་དོན་རྟོག་མི་ཐུབ། མཐའ་མ་སྐལ་རྡོར་འདྲ་བོ་ཆགས་སྲིད།
ཨ་རིའི་སྐུ་ཚབ་དོན་གཅོད་དེ་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཐོག་དེབ་སྐྱེལ་མེད། དེ་ནི་༸རྒྱལ་བའི་མཚན་ཐོག་དེབ་བསྐྱེལ་བྱེད་ཡོད་པའི་བསྟི་གནས་ཞིག་ཡིན། དེའི་ཕྱིར་འདིར་རྒྱལ་བས་སྤེན་ཚེ་དོན་གཅོད་དུ་བསྐོས་པ་ཡིན་མོད་ཀྱང་རྒྱལ་བས་ཆབ་སྲིད་ཀྱི་སྐུ་དབང་བཞག་མེད་པ་མཚོན་མི་ཐུབ། དཔེར་ན། རང་ཉིད་ཀྱི་ཁང་པའི་རྒན་བདག་སུ་བསྐོས་མ་བསྐོས་སོ་སོའི་འདོད་པ་རེད། གལ་སྲིད་དོན་གཅོད་ཁང་དེ་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཐོག་ཏུ་ཡོད་ན། རྒྱལ་བས་ཆབ་སྲིད་ཀྱི་སྐུ་དབང་ད་དུ་བཞག་མི་འདུག་བརྗོད་ཆོག་མོད། ཡིན་ཡང་དོན་དངོས་དེ་ལྟར་མིན་པས། དེ་གཉིས་ཀྱི་མི་འདྲ་བའི་གནད་དེ་ཤེས་པར་བྱེད་དགོས། མི་མང་རྣམས་ཀྱི་གནས་ཚུལ་ཕྱོགས་ཡོངས་རྟོགས་ནས་བསམ་ཚུལ་བརྗོད་པ་རྒྱུ་གལ་ཆེ།
དངོས་ནས་སྙིང་ཐག་པ་ནས་སྐུ་ངོ་མཆོག་ལ་རྟེན་འབྲེལ་ཞུ།
༄ཚོགས་གཙོ་སྤེན་པ་ཚེ་རིང་ནས་བོད་ཀྱི་དུས་བབ་གསར་འགོད་པས་དྲི་ལན་ལ་གཟིགས་དང་།། ཁོང་གི་གསུངས་དོན་། ཁ་སང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཐུན་མོང་ནས་ཐུག་བཅད་པ་ལྟར་། ཨ་རི་སྐུ་ཚབ་དོན་བཅོད་དུ་བསྐོ་བཞག་གནང་བྱུང་ཞེས་གསུངས་འདུག་། གནས་ཚུལ་འདིའི་ག་རེ་མཚོན་གྱི་ཡོད་རེད་ཞུས་ན་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱ་ནག་གཞུང་གི་འདུན་སར་གོང་ས་སྐྱབས་མགོན་མཆོག་ད་སྟ་ཡང་ཆབ་སྲིད་ཀྱི་སྐུ་དབང་བཞག་མེད་པའི་རྣམ་པ་ཞིག་མ་ཡིན་ནམ་། འདི་ལྟ་བུའི་གནད་འགག་་ཆེ་བའི་རིགས་ཡང་གསང་བ་ཉར་མ་ཐུབ་པ་དང། རང་ཉིད་སྒེར་ལ་ཆེ་མཐོང་སླེབས་ཆེད་དེ་འདྲ་གསུངས་ན་འགྲིག་གི་ཨེ་ཡོད་། ཉེ་སྔོན་འོས་བསྡུའི་སྐབས་སུ་ཡང་དུས་དབང་ཕྱི་འགྱངས་གནང་བ་དེ་སྐུའི་འཕྲོད་བཞེས་མིན་པར་ཆུ་སྒང་གསར་པའི་གནད་དོན་རེད་ཞེས་རྒྱལ་བའི་བཀའ་ཛུན་བཟོ་བྱས་པ་སོགས་བྱུང་ཡོད། ད་རེ་སྐུ་ངོ་སྲིད་སྐྱོང་མཆོག་ནས་དགོངས་པ་ཆེ་བཞེས་ཐོག་ཨ་རི་དོན་བཅོད་བསྐོ་བཞག་གནང་བ་ནི་ཧ་ཅང་གི་གཟིགས་པ་ཆེན་པོ་རེད་སྙམ་། འོན་ཀྱང་ཁོང་ལ་ལས་འགན་དང་པོ་དེ་ཨ་རི་དོན་བཅོད་ཁང་དུ་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཡི་བསྐོར་ལ་ཞིབ་འཇུག་ནན་པོ་བྱེད་དེ་དེའི་སྙན་འཐོ་ཞིག་གང་འགྱོགས་དགོས་སྐོར་བཀའ་ཕབ་དགོས་། དེ་དོན་དགོངས་འཇགས་ཞུ་།།
༧གོང་ས་མཆོག་གིས་སྐུ་ངོ་ཨ་རིའི་ོན་གཅོད་དུ་སྐོས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཡག་སྡུག་གང་ཡང་ཞུས་ཤེས་མ་སོང་་་་གནས་སྐབས་བཀྲ་ཤིས་བདེ་ལེགས་ཡིན།
སྲིད་སྐྱོང་མཆོག་གིས་ཀྱང་ནང་ཚགས་གྲོགས་པོ་སྐལ་རྡོར་གངས་སྐྱིད་དུ་འཁྲིད་ཡོང་ནས་ལས་ཀ་ཞིག་བཀོད་སྒྲིག་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག།
སྐལ་རྡོར་སྐབས་སྔོན་མར་ཨ་རིའི་དོན་གཅོད་གནང་སྐབས་དམིགས་བསལ་ཅི་གང་འཇོན་མེད་པ་མ་ཟད། སྐུ་ངོ་སྲིད་སྐྱོང་མཆོག་ལ་སྐུ་ངལ་དང་གླེང་སློང་ཆེན་པོ་བཟོས་ཡོད་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཡང་འཐུས་ཤོར་ཆེན་པོ་བཏང་ཡོད་པ་རེད།
མི་ཁོ་འདྲ་བ་ལས་གནས་གང་དུ་ཞག་ཀྱང་ཁོའི་ལྷག་བསམ་དང་མཇོན་གཏང་ལ་བལྟས་ན་བཀྲ་ཤིས་པ་ཞིག་ཡོང་རྒྱུར་ང་ལ་ཡིད་ཆེད་སླེབས་གི་མིན་འདུག།
དེ་ང་རང་སྒེར་གི་འཚོར་སྣང་རེད།
ཡ་ད་སྤེན་ཚེ་ཨ་རིར་མངགས། སློབ་སངས་ཀྱིས་ད་ཡང་དབུ་སྐོར་ཚང་དཀར་རྡོར་རྡ་སར་ཁྲིད་ཡོང་ན་ཡག་པོ་འདུག་ཀ རྡ་སའི་ལས་ཁུངས་ཁག་ནང་༧གོང་ས་མཆོག་གི་སྐུ་དཔར་ཡོད་ཚད་ཡར་འཇོག་མར་ལེན་རེ་བྱས་ན་བཟང་བར་སྙམ། གཞན་ཅང་མེད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་ཚོའི་ཁྲོད་དུ། སྲིད་སྐྱོང་གིས་དབུ་དཀར་ཚང་སྐལ་རྡོར་ཕྱི་དྲིལ་བཀའ་བློན་ལ་བསྐོ་བཞག་གནང་རྒྱུའི་འཆར་གཞི་སྒྲིག་གི་ཡོད་སྐོར་གྱི་གླེང་སློང་ཞིག་འགྲོ་བཞིན་འདུག གཞན་ཡང་། སྲིད་སྐྱོང་མཆོག་གིས་ཀྱང་ནང་ཚགས་གྲོགས་པོ་ཞིག་ལ་སྐལ་རྡོར་གངས་སྐྱིད་དུ་འཁྲིད་ཡོང་ནས་ལས་ཀ་ཞིག་བཀོད་སྒྲིག་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག
ཚོོགས་གཙོ་མཆོག་གི་ལས་གནས་གསར་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་བཀྲིས་བདེ་ལེགས། ཡིན་ཡང་སྐལ་རྡོརནམ་ཡང་ལས་མེད་ལྷག་གྱི་མ་རེད། གང་ཡིན་བརྗོད་ན་ཁོ་ནི་བློ་སེང་གི་བློ་ཐུབ་གྲོགས་པོ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་ཚོགས་གཙོ་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་བྱ་གཞག་ཐམས་ཅད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
སྐལ་རྡོར་དོན་གཅོད་དུ་སྡོད་པའི་སྐལ་བ་རྫོགས་ཚར་རེད། མ་འོངས་པར་བཀའ་ཤག་གིས་ཁོ་རང་དོན་གཅོད་དུ་བསྐོ་མི་སྲིད། སྐབས་སྔོན་མར་ཨ་རིའི་དོན་གཅོད་གནང་སྐབས་དམིགས་བསལ་ཅི་གང་འཇོན་མེད་པ་མ་ཟད། སྐུ་ངོ་སྲིད་སྐྱོང་མཆོག་ལ་སྐུ་ངལ་དང་གླེང་སློང་ཆེན་པོ་བཟོས་ཡོད་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཡང་འཐུས་ཤོར་ཆེན་པོ་བཏང་ཡོད་པ་རེད།
གོ་ཐོས་ལྟར་ན། ད་ལྟའི་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་སྦར་སིལ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱེད་འཆར་ཡོད་པ་གོ་སོང་། གང་ཡིན་ཟེར་ན། དེ་སྔའི་སྦར་སིལ་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་དྷ་རམ་ས་ལར་གནས་སྤོ་བྱས་ཏེ་དགའ་ལྡན་ཕོ་བྲང་གི་དྲུང་ཆེར་བསྐོས་ཡོད་འདུག ད་ལྟ་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ཚབ་ཏུ་དེ་སྔའི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་འཕྲལ་སེལ་དོན་གཅོད་དུ་བསྐོས་ཡོད་ཀྱང་། ད་ལོའི་ཕྱི་ཟླ་ ༧ ནང་རྒན་ཡོལ་འཐོན་ཡོད་འདུག
སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་མཚན་གནས་བསྩལ་བ་འཚམས་འདྲི་བཀྲིས་བདེ་ལེགས་དང་བྱ་གཞག་ཐམས་ཅད་ལེགས་འགྲུབ་ལམ་ལྷོངས་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
སྐུ་ངོ་ཚོགས་གཙོ་མཆོག་ལ་འཚམས་འདྲི་དང་སྦྲགས། ཁྱེད་ཀྱིས་༸རྒྱལ་བའི་ཐུགས་དགོངས་བཞིན་བོད་དོན་རྦ་རླབས་མཁའ་འཕྱོ་བའི་སྨོན་འདུན་གྲངས་མེད་ཞུ།
སྐུ་ངོ་རྣམས་པ་ག་ལེ་ག་ལེ་ཚང་ཁ་སྐྱོན་གནང་རོགས་་མ་གཏོགས་མགྱོགས་དྲགས་ན་མགྱོགས་ལམ་ལ་ཤོར་ཡོང་། གོང་ས་མཆོག་༧ སྐྱབས་སུ་མཆི་སེམས་ཅན་བསམ་པ་དང་བག་ལ་ཉལ་ བར་ཇི་ལྟར་བ་བཞིན་དུ་གནང་གི་རེད། ཡིན་ན་ཡང་ད་བོད་པ་ཚོས་བསོད་རྣམས་ཟད་དུ་ཟད་དུ་འགྲོ་རྟགས་གསལ་ལེ་ཡོད། རང་ཕྱོགས་པ་ནི་ནམ་ཡང་དོར་བྱ་རེད། གཞན་ཕན་པ་ནི་འདི་ཕྱིའི་འབྲས་བཟང་རེད་ལ་བསོད་ནམས་གསོག་པར་མཆོག་གི་རྒྱུ་རེད། ཡ་རབ་བཟང་སྤྱོད་ནི་སྟོན་པས་བསླབ་བྱ་རེད། དེ་ལ་སྐྱ་སེར་དབྱེ་ཁྱད་མེད་པ་རེད། སོང་ཙ་བསྟོད་པ་སྔ་ན་ཉམས་ཤོར་གེགས་ཀྱི་རྟགས་དང་། སྨད་པ་མང་ན་ནུས་ཤོར་ངན་འཕེལ་རྟགས་རེད། ང་ནི་སྐུ་ངོ་ཅི་འདྲ་སླེབས་ཀྱང་ལས་དོན་ནུས་པར་བརྟག་པ་ལས། ཤ་ཁྱི་འཕྲད་པའི་དགའ་སྣང་ཡེ་ནས་མེད། མཐར་རེ་བ་ལ་མི་རིགས་ཆིག་སྒྲིལ་དང་། ལས་དོན་ནུས་པ་ཆིག་སྒྲིལ། ཕུགས་དོན་གྱི་བོད་བློས་མི་གཏོང་བ། བོད་དང་དངུལ་དམར་གཉིས་བརྗེ་ལེན་མི་བྱེད་པ། རང་གི་ཕྲལ་སེལ་འཚོ་རྟེན་དང་བོད་ཀྱི་མི་རིགས་འཚོ་རྟེན་རིག་གཞུང་དང་། ཆབ་སྲིད། ཤེས་ཡོན་གསུམ་གལ་ཆེ་ཡིན་པ་ངོས་འཛིན་ནས་ལས་འབྲས་ལ་གདམ་བསྲུང་གིས་རང་གི་འཚོ་རྟེན་རིམ་པ་གཉིས་པ་གཅིག་ལ་ངོས་འཛིན་མཁན་དགོས་པ་ཡིན། དེང་སྐབས་སྤྱི་ཚོགས་ནང་སྔར་བོད་གཞུང་དུ་ལས་ཀ་གཉེར་བཞིན་པ་ནས་ལྐོག་ཟ་བྱས་པའི་རྒྱུ་ངོམ་གྱིས་དྲི་ངད་མར་ལེ་བ་གསལ་དུ་གསལ་དུ་འགྲོ་ཡི་འདུག། ང་ཚོ་རང་རིགས་ལ་ཤ་ཚ་ན་མི་འདི་རིགས་སླར་འོས་ཀྱི་ལམ་ནས་སླེབས་ཚེ་ཕན་མེད་གད་རྙིལ་རང་ཡིན་པ་མ་ཟད་མི་བཟང་གི་ལམ་ཆེན་འགོག་པ་དང་ བོད་རིགས་ཀྱི་ཕུགས་དོན་འཆལ་བ་བཅས་ཡོང་གི་རེད། ན་གཞོན་ནི་རྒྱལ་ཁབ་ཀྱི་སྲོག་རྩ་ཞེས་པ་ལྟར་རང་དོན་གྱི་ཞར་ལ་བོད་དོན་བྱེད་པ་ནི་ནོར་བཟང་གི་རྣམ་ཐར་བསྟན་པ་དང་དབྱེ་ཁྱད་མེད། ཆབ་སྲིན་ན་གཞོན་ཚོགས་པ་སྲོག་རྩ་་བརྟན་པའི་ངང་དོན་དགོས་པ་དང་དེར་མ་དངུལ་ནི་ལྐོག་ཟ་བྱས་ཟིན་པའི་ལག་ནས་ཞིབ་བཤེར་གྱི་ལེན་དགོས་པ་ཡིན། རང་དབང་གི་ལམ་ནས་བོད་བསྲུང་སྐྱོབ་ཚོགས་པ་འཛུགས་དགོས་པ་མ་ཟད་ད་བར་ཡོད་པའི་ཕན་མེད་ཚོགས་ཆུང་ཡོངས་སུ་སྒོ་བཀག་དགོས་པ་ཡིན། བཀྲིས་བདེ་ལེགས།