མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ནང་ད་བར་སློབ་མ་ ༤༠༠ ལྷག་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སློབ་ཟུར་ཚོགས་པ་ཕྱི་ལོ་ ༡༩༨༨ ལོར་མགོ་བཙུགས་པ་ནས་ད་ལྟའི་བར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ནང་སློབ་ཞུགས་སློབ་མ་ ༤༠༠ ལྷག་ཡོད་པའི་གྲས་ནས་བཙན་བྱོལ་སྤྱི་ཚོགས་ནང་གཞུང་སྒེར་གཉིས་ཀྱི་ལས་སྒོར་ཞུགས་མཁན་ ༢༠༠ བྱུང་ཡོད་འདུག

IMG_1182

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧།༣༠ སྟེང་མག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་མིའི་སློབ་ཟུར་ཚོགས་པའི་གོ་སྒྲིག་འོག་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་དབྱིན་ཡིག་དྲ་ཚིགས་(http://www.tspalumni.org)དབུ་འབྱེད་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཨ་རིའི་གཞུང་ཚབ་ཁང་གི་རིག་གཞུང་དང་སློབ་གསོ་བརྗེ་རེས་ཚན་པའི་དྲུང་ཆེ་སྐུ་ཞབས་ཨ་ས་ཌ་ (Mathew Asada) ལགས་གཉིས་ཀྱི་གཙོས་པའི་སློབ་ཟུར་མི་གྲངས་ ༤༠ ཙམ་འཛོམས་འདུག

བོད་མིའི་སློབ་ཟུར་ཚོགས་པའི་རྒྱུན་ལས་འབྲེལ་མཐུད་པ་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་བྱུང་རབས་དང་དྲ་ཚིགས་གསར་བཟོའི་དགོས་དམིགས་ངོ་སྤྲོད་གནང་དོན། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འདི་ཐོག་མར་ཕྱི་ལོ་ ༡༩༨༨ ལོར་མགོ་བཙུགས་ཏེ་ཐོག་མར་སློབ་མ་ ༤ བྱུང་བ་དང་། སྐབས་དེའི་སློབ་མ་བཞིའི་གྲས་ཀྱི་སློབ་ཟུར་གསུམ་དེ་རིང་གི་མཛད་སྒོའི་སྟེང་བཅར་བའི་བཀའ་དྲུང་བསོད་ནམས་བསྟན་འཛིན་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་བ་སྐུ་ངོ་འཇམ་དཔལ་ཆོས་བཟང་ལགས་བཅས་ཡིན་སྐོར་བརྗོད་སོང་།

ཡང་ཁོས་སློབ་ཟུར་ཚོགས་པའི་དྲ་ཚིགས་གསར་པ་བཟོ་དགོས་པའི་སྐོར་ལ། དྲ་ཚིགས་འདི་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་མ་འོངས་པར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ནང་གསར་ཞུགས་གཞོན་སྐྱེས་མང་པོར་འབྲེལ་གཏུག་ཡོང་བ་དང་། ༡༩༨༨ ལོར་སློབ་ཡོན་ལས་གཞི་འདི་བཙུགས་པ་བརྒྱུད་དེ་ད་ལྟའི་བར་ཨ་རིའི་གཙུག་ལག་སློབ་ཆེན་ཧྭ་བར་ཌི་དང་ཁོ་ལུམ་བྷེ་ཡ་གཙོ་བའི་ཨ་རིའི་སློབ་ཆེན་ཁག་ཏུ་སློབ་ཞུགས་སློབ་མ་ ༤༠༠ ལྷག་བྱུང་ཡོད་པ་དང་། དེ་ཚོ་ཚང་མ་དེང་སྐབས་ས་གནས་དང་ཡུལ་ལུང་སོ་སོར་ཁ་འཐོར་དུ་གནས་བསྡད་ཡོད་སྟབས། ཁོང་ཚོ་ཚང་མར་འབྲེལ་གཏུག་བྱེད་སའི་སྡིངས་ཆ་ཞིག་དང་། ཁོང་རྣམ་པ་ཚོའི་ཤེས་ཡོན་སློབ་གསོ་དང་མི་ཚེ་ལོ་རྒྱུས་སྐོར་ངོ་སྤྲོད་གནང་རྒྱུ་བཅས་སོགས་ཡིན་སྐོར་བརྗོད་སོང་།

དྲི་བ་དྲིས་ལན་སྐབས་སུ། འདི་གའི་གསར་འགོད་པས་སློབ་ཡོན་ལས་གཞི་འདིའི་ནང་སློབ་མ་ ༤༠༠ ལྷག་ཞུགས་ཡོད་པའི་ཁྲོད་ནས་བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་ག་ཚོད་བྱུང་ཡོད་མེད་དྲིས་པར་ཁོས། སློབ་མཐར་ཕྱིན་རྗེས་ཚུར་ཡོང་ནས་བཙན་བྱོལ་སྤྱི་ཚོགས་ནང་མུ་མཐུད་ཞབས་ཞུ་གནང་མཁན་ ༢༠༠ ལྷག་ཟིན་གྱི་ཡོད་པ་རེད། ཁོང་རྣམ་པ་ཚོས་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད་པ་རེད། དཔེར་ན། སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློ། བླ་སྨན་པ་ཚེ་བརྟེན་ལགས། དེ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྒྲོལ་མ་ཚེ་རིང་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་ལགས་བཅས་གཞུང་ཞབས་མང་པོ་ཡོད་པ་རེད་ལ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཏུའང་མང་པོ་ཞིག་ཡོད་པ་རེད། ཅེས་བརྗོད་སོང་།

སློབ་ཟུར་ཚོགས་པའི་གསལ་བསྒྲགས་ཡིག་ཆའི་ནང་། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་བརྒྱུད་ད་ལྟའི་བར་རྒྱ་བལ་འབྲུག་གསུམ་གྱི་བོད་རིགས་སློབ་ཞུགས་སློབ་མ་ ༤༡༠ བྱུང་བའི་གྲས་ཀྱི་སློབ་ཟུར་ ༡༥༠ བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་གནང་མུས་ཡིན་པ་དང་། དེའི་གྲས་ཀྱི་སློབ་ཟུར་ ༨༥ དབུས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་གི་ཡོད་པ། དེ་བཞིན། སློབ་ཟུར་ ༦༥ བོད་སློབ་ཁག་ཏུ་ཞབས་ཞུ་གནང་གི་ཡོད་སྐོར་དང་། ཨ་རིའི་གཞུང་གི་སློབ་ཕྲུག་བརྗེ་གཏོང་ལས་གཞི་བརྒྱུད་རྒྱ་གར་ནང་རྟེན་གཞི་བྱེད་པའི་ཨ་རིའི་གཞུང་ཚབ་ཁང་གི་རིག་གཞུང་དང་སློབ་གསོ་ཚན་པས་ལོ་རེར་རྒྱ་བལ་འབྲུག་གསུམ་གྱི་སློབ་མ་ ༣༠༠ ལྷག་རྒྱལ་ཁབ་ཕན་ཚུན་གྱི་སློབ་ཆེན་ཁག་ནང་གཏོང་གི་ཡོད་སྐོར་འཁོད་འདུག

སློབ་ཟུར་ཚོགས་པའི་དྲ་ཚིགས་ནང་ཚོགས་པ་ངོ་སྤྲོད་དང་། ཚོགས་པའི་ལས་དོན་དང་མཁས་པའི་ལོ་རྒྱུས་ངོ་སྤྲོད། གཟུགས་མཐོང་དྲ་བརྙན་དང་ཚོགས་པའི་དྲ་ཚིགས་ལ་རྒྱབ་སྐྱོར་ཡིག་ཚགས། འབྲེལ་གཏུག་དྲ་བྱང་སོགས་འཁོད་འདུག་ལ། ཚོགས་པའི་ལས་གཞི་གཙོ་བོ་ཁག་ཅིག་འཁོད་པའི་ནང་། ༡༽སློབ་ཟུར་དང་གསར་ཞུགས་སློབ་མ་ཕན་ཚུན་བར་འབྲེལ་ལམ་བརྒྱུད་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སྐོར་གྱི་གོ་རྟོགས་སྤེལ་ཐབས། ༢༽ སློབ་ཟུར་ཕན་ཚུན་བར་སོ་སོའི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་ཉམས་མྱོང་བརྗེ་རེས་བརྒྱུད། མ་འོངས་གསར་ཞུགས་སློབ་མའི་མདུན་ལམ་ལ་ཕན་ཐོག་ཡོང་བའི་སྡིངས་ཆ་བསྐྲུན་ཐབས། ༣༽ ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་འབྲེལ་མཐུད་པ་དང་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་གསར་བའམ་གོ་སྐབས་དང་འབྲེལ་བའི་སློབ་ཟུར་གཉིས་བར་འབྲེལ་གཏུག་བྱ་ཐབས་སོགས་ཡིན་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese