མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་འདི་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་པའི་སློབ་ཕྲུག་ཚོའི་གྲུབ་འབྲས་སྔར་ལོ་ལས་དམའ་བ་ཆགས་ཡོད་པ་མ་ཟད། རྒྱུགས་འབྲས་བརྒྱ་ཆ་ ༩༥ བླངས་ཏེ་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོབ་མཁན་གཅིག་ཀྱང་བྱུང་མི་འདུག

ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ཁྲོད། བོད་པའི་སློབ་གྲྭ་ ༡༧ གྱི་སློབ་ཕྲུག་ ༡༣༥༩ མཉམ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་མ་ ༡༢༢༤ ཡིས་ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་མཁན་ ༡༡༥ དང་། རྒྱུགས་མ་འཕྲོད་པའི་སློབ་མ་ ༡༨ བཅས་ཡོད་འདུག ད་ལོར་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༠།༧ ཡིན་འདུག

tibettimes-1

ད་ལོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་  ༡༠༠ ལེན་མཁན་སློབ་གྲྭ་བཞི་ཡོད་པ་ནི་སེ་ལ་ཁུ་བོད་ཁྱིམ་དང་། སུ་ཇཱ་བོད་ཁྱིམ། སྤོན་ཊ་གཏན་སློབ། སྦེལ་ཀོབ་བོད་ཁྱིམ་བཅས་ཡིན་འདུག སློབ་ཕྲུག་ ༣༤༢ ཀྱིས་བརྒྱ་ཆ་ ༧༥ ཡན་བླངས་ཡོད་པ་དང་། དེ་དག་ཁྲོད་སློབ་ཕྲུག་ ༡༠ ཡིས་བརྒྱ་ཆ་ ༩༠ ཡན་བླངས་ཡོད་འདུག

ད་ལོར་ཚན་རིག་དང་ཚོང་རིག འབྱུང་རིག་བཅས་ཀྱི་ཁོངས་ནས་བརྒྱ་ཆ་རྩེ་ཕུད་ཐོབ་མཁན་དག་ནི། ཚན་རིག་ཁོངས་ནས་ཨང་དང་པོ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཚོ་མོ་ལ་བརྒྱ་ཆ་ ༩༤།༢ དང་། ཚོང་རིག་ཁོངས་ནས་ཨང་དང་པོ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ནོར་སྒྲོན་ལ་བརྒྱ་ཆ་ ༨༨། སྒྱུ་རྩལ་ཁོངས་ནས་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཕུན་ཚོགས་ལ་བརྒྱ་ཆ་ ༩༢།༨ བཅས་ཐོབ་ཡོད་འདུག

ད་ལོར་དགའ་ལྡན་ཕོ་བྲང་གི་བྱ་དགའ་འཐོབ་མཁན་དག་ནི། ཚན་རིག་ཁོངས་ནས་ཨང་དང་པོ་སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་མོ་ལ་བརྒྱ་ཆ་ ༩༤།༢ དང་། ཨང་གཉིས་པ་ཀ་སྦུག་གཏན་སླབོ་ཀྱི་སློབ་མ་བསྟན་འཛིན་བདེ་ཆེན་ལ་བརྒྱ་ཆ་ ༩༡།  ཨང་གསུམ་པ་སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་བསོད་ནམས་ལ་བརྒྱ་ཆ་ ༨༩།༦ བཅས་ཐོབ་ཡོད་འདུག

ཚོང་རིག་ཁོངས་ནས་ཨང་དང་པོ་དྷ་སྟེང་བོད་ཁྱིིམ་གྱི་སློབ་མ་བསྟན་འཛིན་ནོར་སྒྲོན་ལ་བརྒྱ་ཆ་ ༨༨ དང་། ཨང་གཉིས་པ་མོན་གྷོ་ཊི་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་རྣམ་གྲོལ་ལ་བརྒྱ་ཆ་ ༨༣།༦། ཨང་གསུམ་པ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཡིད་དགའ་ལ་བརྒྱ་ཆ་ ༨༢།༤  བཅས་ཐོབ་ཡོད་འདུག

སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོ་མ་སུ་རི་བོད་ཁྱིམ་སློབ་མ་བསྟན་འཛིན་ཕུན་ཚོགས་ལ་བརྒྱ་ཆ་ ༩༢།༨ དང་། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་སློབ་མ་བསྟན་འཛིན་བུ་ཁྲིད་དང་བསྟན་འཛིན་ནོར་ལྡན་ལ་ ༩༡།༦། ཨང་གསུམ་པ་སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་ཟླ་བ་ཆོས་སྒྲོན་ལ་བརྒྱ་ཆ་ ༩༡ བཅས་ཐོབ་ཡོད་འདུག

tibettimes-2

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༨ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 4

  1. ཚེ་རིང་། says:
    ལོ་ 10 སྔོན།

    སྲིད་སྐྱོང་ལགས་གྲུབ་འབྲས་ཡག་སྡུག་བྱུང་ཡང་གསུང་རྒྱུ་གལ་འགངས་ཆེ་བ་མཐོང་། བརྒྱ་ཆ་༩༥ལོན་སྐབས་ཁྱབ་བསྒྲགས་དང་། ཤེས་ཡོན་ཡར་རྒྱས་སོང་ཚུལ་དུ་མ་ཞིག་གསུངས། གྲུབ་འབྲས་དམའ་པོའི་སྐབས་སུ་འཇམ་ཐིངས་བཞུགས་ན་ལེན་པོ་ཞིག་འདུག་གམ།

    Reply
  2. ར་ནོར says:
    ལོ་ 10 སྔོན།

    སྒྱུ་རྩལ་ལས་བྱུང་རིག་སྡེ་ཚན་ཟེར་ན་ལེགས་པ་མཐོང་།

    Reply
  3. གཉེར་དྲུང་ says:
    ལོ་ 10 སྔོན།

    ལོ་འདི་བོད་མི་སྒྲིག་འཛུགས་འམ་སྲིད་སྐྱོང་གཟེངས་རྟགས་གཞེས་མ་བྱུང་བ་འདི་སློབ་གྲྭ་ཁག་གིས་ལས་བྱེད་ཀྱི་ནོར་འཁྲུལ་ཞིག་མ་རེད་བསམ་གྱི་འདུག། ལོ་སྔོན་མའི་ནང་སྲིད་སྐྱོང་གི་སློབ་གྲྭ་ཁག་ཡར་རྒྱས་འགྲོ་གི་ཡོད་ལབ་པ་དེ་ད་ལོའི་གནས་ཚད་མ་མཐུན་པ་ཕྱོགས་གང་ནས་ཐུས་ཤོར་འགྲོ་པ་ཞིག་ཡིན་ མ་འོངས་དེའི་ཐད་ལ་ཁ་བཤད་པ་བཞིན་དོན་འཁྱོངས་ཡོང་བ་རེ་བ་བྱེད་བཞིན་ཡོད། གཏམ་དཔེ་ལ་༼ཁ་ཤས་ཆུ་ཡི་སྦུལ་པ། ལག་ལེན་གསེར་གྱི་ཐིགས་པ། ་༽ ཟེར་བ་མ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན

    Reply
  4. བསྟན་འཕེལ། says:
    ལོ་ 10 སྔོན།

    ད་ལོ་སྲིད་སྐྱོང་གཟེངས་རྟགས་འཐོབ་མཁན་ཞིག་ཀྱང་མ་བྱུང་བ་དེ་ཧ་ཅང་ཐབས་སྐྱོ་བ་རེད། ཡིག་རྒྱུགས་སྤྱི་ཡོངས་ཀྱི་ཆ་ནས་ཀྱང་ 2015 ལོ་དང་བསྡུར་ན་བརྒྱ་ཆ་མང་པོ་ཞིག་གིས་སྐྱོ་བ་ཆགས་འདུག་པ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese