མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤར་གླིང་ཟླ་སྒྲོན་མཆོག་བཀའ་བློན་ནས་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཤར་གླིང་ཟླ་སྒྲོན་མཆོག་ཟླ་གསུམ་ལྷག་གིས་དགུང་ལོ་ཧྲིལ་པོ་ ༣༥ ཟིན་མེད་སྟབས་བཀའ་བློན་ནས་ཕྱིར་འཐེན་གནང་འདུག

13319985_10153896985714818_6551437428304674485_nདེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་གསུམ་པའི་སྔ་དྲོར། གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་སྲིད་སྐྱོང་མཆོག་ནས་མཚན་འདོན་གནང་ཞིང་གྲོས་ཚོགས་ནང་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་བའི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ཟླ་གསུམ་ལྷག་གིས་དགུང་གྲངས་ ༣༥ ཧྲིལ་པོ་ཟིན་མེད་སྟབས། སྤྱི་ཚོགས་ནང་བཀའ་བློན་གྱི་ཆ་རྐྱེན་དགུ་དེ་ཚང་མེད་པའི་གླེང་སློང་བྱུང་བ་ལྟར། སྲིད་སྐྱོང་མཆོག་ནས་དགོངས་སེལ་དང་སྦྲགས། ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་བློན་ནས་ཕྱིར་འཐེན་གནང་རྒྱུ་ཐག་བཅད་པ་གསལ་བསྒྲགས་གནང་སོང་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་ནང་བཀའ་བློན་མཚན་འདོན་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ཆེད་མངགས་གྲོས་ཚོགས་ལ་དབུ་སྐོར་ཞུས་པ་ཞིག་ལ་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་མ་ཚུད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་སྐབས། དགོངས་སེལ་དང་སྦྲགས་ཞུ་རྒྱུ་ཞིག་ལ་ཁ་སང་མ་གཞི་འདིའི་སྐོར་ལ་གླེང་སློང་ཞུས་ཚར་སོང་། བཀའ་བློན་གཅིག་དེ་རིང་གྲོས་ཚོགས་ནང་ཕེབས་མེད་པ་ཚང་མས་གཟིགས་ཡོད་པ་རེད། གཞི་རྩའི་ཁོང་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཐོག་ནས་དགུང་ལོ་ ༣༥ ཟིན་པར་ཟླ་བ་ ༣ ལྷག་གིས་མ་འདང་བའི་གནས་སྟངས་ཀྱི་རྐྱེན་གྱིས། གཞི་རྩའི་དེ་རིང་ཞོགས་པར་ཁྲིམས་ཞིབ་ཁང་ལའང་ཁོང་རང་གི་དཔྱ་ཁྲལ་ལག་དེབ་དང་ ཁོང་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཡིག་ཆ་ཁག་ཆ་ཚང་ཕུལ་གྲུབ་པ་ཡིན། དེ་བཞིན་བཀའ་ཤག་ནང་དུའང་བཀའ་སྡུར་གནང་སྟེ་ཁོང་ད་ལྟའི་བཀའ་བློན་གྱི་ལས་གནས་ ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་ཞུ་བ་ཡིན། ཞེས་དང་།

ཡང་ཁོང་གིས། བཀའ་བློན་བསྐོ་རྒྱུ་དེ་ཡིན་ནའང་གསང་བའི་ཐོག་ནས་གནང་དགོས་ཀྱི་ཡོད་པ་རེད། ཉིན་དང་པོར་ཞུས་པ་ལྟར་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༡ ཡས་མས་ནས་བཀའ་བློན་རིམ་པར་འབྲེལ་བ་ཞུས་པ་ཡིན་ལ། སྐབས་དེར་ཆ་རྐྱེན་གཉིས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་དབུ་མའི་ལམ་གཞིར་བཟུང་ཕྱག་ལས་གནང་དགོས་པ་རེད་ཅེས་ཞུས་པ་དང་སྦྲགས། བཀའ་བློན་ཁོང་རང་ལ་ཁྱེད་རང་གི་སྐྱེས་ལོ་ག་འདྲ་རེད་ཅེས་འདྲི་སྐབས། སྐྱེས་ལོ་ ༡༩༨༡ རེད་གསུངས་དུས་ཐོལ་གྱིས་གྲངས་ཀ་རྒྱག་ཡོང་སྐབས་དགུང་ལོོ་ ༣༥ ཚང་འདུག་ཅེས་དགོངས་པ་རེད། དོ་བདག་ཡིན་ནའང་གློ་བུར་དུ་བཀའ་བློན་ལ་བསྐོས་ཡོང་དུས་བཀའ་བློན་གནང་རྒྱུ་སོགས་ལ་དགོངས་པ་མང་པོ་ཞིག་བཞེས་པའི་ཐོག་ནས་ཁ་གསལ་པོ་མ་ཆགས་པར་དེ་འདྲ་ལྷག་པ་ཞིག་རེད། དེར་བརྟེན་གྲོས་ཚོགས་ལ་དགོངས་སེལ་ཞུ་བ་དང་སྦྲགས། དབུ་སྐོར་གནང་བ་རྩ་བ་ནས་མིན་ཞེས་གསུངས་སོང་།

གྲོས་ཚོགས་ནས་མང་མོས་བྱུང་སྟེ་བཀའ་བློན་དུ་བདམས་པར་བརྟེན་དེའི་ཐད་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྩ་འཛིན་བྱེད་ས་དེ་བཀའ་ཤག་ཟེར་ན་འདྲ་དཔལ་ལྡན་སྲིད་སྐྱོང་མཆོག་ཆགས་བསྡད་ཡོད་པ་དང་། དེས་འཆར་འབུལ་གང་ཞུས་པ་དེར་ང་ཚོས་གཞི་རྩ་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད། སྐབས་དེར་ད་ལྟ་བཀའ་བློན་གྱི་ཕྱག་ལས་ནས་ཕྱིར་འཐེན་བྱས་པའི་གང་ཟག་ཁོང་ལྟ་བུ་ཡིན་ན། ང་ཚོ་གྲོས་ཚོགས་ལ་འཆར་འབུལ་ཞུས་པའི་ཡིག་ཆའི་ནང་འཁྲུངས་ལོ་དེ་ ༡༩༨༡ བཀོད་ཡོད་པ་དང་།  ༡༩༨༡ ཡིན་ན་ཕྱི་ལོ་ ༢༠༡༦ ལོར་དགུང་ལོ་ ༣༥ ཆགས་འགྲོ་ཡི་ཡོད་པ་རེད། ཡིན་ནའང་། གྲོས་ཚོགས་ལ་ཕུལ་བའི་ཡིག་ཆའི་ནང་ཟླ་བ་དང་ཚེས་གྲངས་གསལ་ཡོད་པ་མ་རེད་ལ། དེའི་ཐོག་ང་ཚོས་རྩད་གཅོད་བྱེད་ཐུབ་ཡོད་པ་མ་རེད། ཅེས་དང་། གྲོས་ཚོགས་ནང་ཆེད་མངགས་དབུ་སྐོར་ཞུས་པ་ཞིག་ཡིན་མདོག་མདོག་བརྗོད་པ་དེ་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། འཆར་འབུལ་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་མ་ཚུད་པ་དང་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 29

  1. འཕྲིན་ལས། says:
    ལོ་ 10 སྔོན།

    བོད་མི་གཅིག་དང་མི་འདྲ་བ་དེ་འདྲ་ངོ་གདོང་ཐང་པོ།

    ཧ་ལམ་ནག་ཉེས་གང་ཡང་བྱས་མེད་པའི་རྣམ་པ་བསྟན། ཁོང་ཤེས་འཇོན་ཡིན་མིན་ལ་མ་ལྟོས་པར་གནས་ཚུལ་འདི་ནི་བོད་མི་ཞིག་གི་རང་གི་འོས་གཞི་མ་ཚང་བོད་གཞུང་གི་བཀའ་བླིན་བྱ་རྒྱུའི་ཆེད་རྫུན་གཏམ་བཤད་པའི་གནས་ཚུལ་གཅིག་རེད། དེང་དུས་ཤེས་ཡོན་ཅན་བོད་རིགས་གཞོན་སྐྱེས་སྲིད་སྐྱོང་བློ་སེང་དང་ཤར་གླིང་ཟླ་སྒྲོན་ལྟ་བུའི་དེ་འདྲ་བྱེད་ན། བོད་ཁ་བ་རིས་པ་ཚོ་དང་འབྲེལ་བ་གང་ཡང་མེད་པའི་དགྲ་བོ་རྒྱ་དམར་གྱིས་རྫུན་གཏམ་གཡོ་སྒྱུ་བྱས་པ་ལ་ཧ་ལས་རྒྱུ་གང་ཡང་མིན་འདུག

    ཐབས་སྡུག་རེད། ད་དུང་ངོ་མི་ཚ་བར་གདོང་པ་དེ་འདྲ་ཁྲེག་པོ། ཁ་བདེ་པོ་བཤད་དེ་སྤུན་ཟླ་ས་ཡ་དྲུག་མགོ་སྐོར་བཏང་། ཆབ་སྲིད་ཀྱི་ལས་འགན་དེ་རྩ་དོན་བསྒྲུབ་རྒྱུ་ཡིན་ཚུལ་ལས་དོན་དངོས་སྤྱི་ཚོགས་ནང་མིང་དང་གོ་ས་ཁོ་ནའི་ཆེད་རྩོད། འུ་ཐུག་པོ་རེད།

    Reply
  2. rejang says:
    ལོ་ 10 སྔོན།

    ནམ་ཞིག་གི་དུས་སུ་གངས་ཅན་སྐྱིད་གཤོངས་ཀྱི་གནས་ཚུལ་དེ་ལྷིང་འཇགས་སུ་གནས་ཐུབ་བམ། བློ་སངས་རྒྱས་ལགས། ད་ཡིན་ན་རྒྱལ་བ་མགོན་དུ་བཙུགས་ནས་ཉིན་ཤས་ལས་མ་ཕྱིན་པར་སླར་ཡང་གནས་ཚུལ་འདི་འདྲ་འདུག

    Reply
  3. ཐུབ་བསྟན says:
    ལོ་ 10 སྔོན།

    ཁྲིམས་ལུགས་སྦྱང་མྱོང་མཁན་དང་ཁྲིམས་ལུགས་ཀྱི་ལག་ཁྱེར་ཡོད་མཁན་ཞིག་ཡིན་ཚེ་སྐྱག་རྫུན་དང་མགོ་སྐོར། ནོར་འཁྲུལ་སོགས་ཅི་ཙམ་བསགས་ཀྱང་རང་སྐྱོན་ངོས་ལེན་ཁབ་རྩེ་ཙམ་ཡང་མི་བྱེད་པར་བལྟས་ན་ཕར་ཆེར་དང་ཐོག་ཁྲིམས་ལུགས་ར་མ་ལུག་ཅིག་སྦྱང་དུས་ནས་ང་ཚོའི་བསྒྲིགས་འཛུགས་འདིའི་ནང་དུ་ནོར་འཁྲུལ་གནམ་སར་མི་ཤོང་བ་ཞིག་བཟོ་རྒྱུ་དམིགས་འབེན་དུ་བཟུང་ཡོད་པ་ཁ་རྩང་དེ་རིང་བལྟས་ཡོང་དུས་གསལ་བོ་གསལ་རྐྱང་རེད། ད་མུ་མཐུད་ནས་སྐྱག་རྫུན་དང་མགོ་སྐོར། རང་དང་རང་གི་ཕྱོགས་གཏོགས་སོགས་ཀྱི་ཁེ་ཕེན་ཁོ་ནའི་ཆེད་དུ་ཡིན་ད།

    Reply
  4. དཀར་བཟང་། says:
    ལོ་ 10 སྔོན།

    ཧོལ་རྒྱུག་བྱེད་སྟངས་ལ་བལྟས་ཚེ་མོ་རང་ལོ་ཚད་ལོངས་མི་འདུག་ལ་བསམ་བློའི་ཆུ་ཚད་ཀྱང་ལོངས་མེད་པ་གསལ་པོ་རེད།

    Reply
  5. Mangtso says:
    ལོ་ 10 སྔོན།

    དབུས་གཙང་བ་ཡོང་རྒྱུ་འདི་རེད། ཆོས་བརྒྱུད་སྤྱི་འཐུས་རང་ལ་མི་ཡོད་བཞིན་དུ་གཞན་གདམ་ད་མིག་གི་བལྟ་མོ་མཐོང་གི་ད་་་་
    འོ་འདུག་སེ་འགྲོ ་ལེ་རེད་མདོ་ཁམས་ཚོ་ངོ་མ་ཆིག་སྒྲིལ་ཡག་པོ་འདུག། མདོ་ཁམས་ཚོ་ལ་བཀྲིས་བདེ་ལེགས།
    སྐྱིད་པོ་བཀྲ་མོ་གཏང་ཤོག་ལོ། དབུས་གཙང་པ་ཁ་བདེ་གཡོ་སྒྱུ་བཤད་གྲགས་ན་ལས་འབྲས་ཀླད་པ་དཀྲུག་མི་ཐུབ་པ་ཞིག་
    འཁོར་ཤག། འབྱུང་འབྲས་ངན་པ་རེད།།

    Reply
  6. ཀརྡོ་གཉེར་ཕྱག་པ་་ says:
    ལོ་ 10 སྔོན།

    ཟླ་སྒྲོན།
    བོད་འབངས་ཅིག བུད་མེད་ཅིག སྤྱི་ཟུར་ཅིག བཀའ་ཟུར་ཅིག་ལ། གདུང་སེམས་ཆེ་ཆུང་དང་། གོ་སྐབས་ཆེ་ཆུང་དང་། ཁྲིམས་ཐོག་ནས་རྩི་མཐོང་ཆེ་ཆུང་དེ། ཐག་གཅོད་འདི་ནས། མཐོང་བགྱི་རེད་དོ།།

    Reply
  7. ཀརྡོ་གཉེར་ཕྱག་པ་་ says:
    ལོ་ 10 སྔོན།

    #9 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    June 4th, 2016 at 8:14 am
    བཀའ་བློན་དམ་འབུལ་མ་བྱས་སྔོན་ལ། བཀའ་བློན་གྱི་འོས་མིང་ལ། འོས་ཆོས་ཚང་ཡོད་མེད་བལྟས་ནས། གལ་སྲིད་འོས་ཆོས་མ་ཚང་ན། འོས་མིང་ནས་ཕྱིར་འཐེན་བྱེད་དགོས་པ་ལས།
    བཀའ་བློན་གྱི་དམ་འབུལ་རྗེས་ལ། བཀའ་བློན་གྱི་འོས་ཆོས་ཚང་མི་འདུག་ཟེར་ནས། བཀའ་བློན་གྱི་སྲིད་སྟེགས་ནས། མར་ཕབ་ནི། སྐྲ་སྔོན་ལ་བཅད་ནས་། ཚེས་པ་རྗེས་ལ་ལྟ་བ་མཚུངས་པ་དེ་ཆགས་པ་རེད།
    ནོར་འཁྲུལ་འདི། སྲིད་སྐྱོང་མཆོག་དང་། ཟླ་སྒྲོན་གཉིས་ཙམ་ནས་བྱུང་བ་མ་ཡིན་པར། དམ་འབུལ་གནང་བཅུག་མཁན་ཚང་མས་ནོར་འཁྲུལ་ཤོར་བ་རེད་དོ།།

    #10 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    June 4th, 2016 at 8:26 am
    སྲིད་སྐྱོང་མཆོག་གིས། རེ་བ་འདོན་པ་ལྟར། ཟླ་སྒྲོན་ལགས་ཀྱིས་ཁས་བླངས་པ་ཙམ་ལས། མིང་འདོན་བྱས་པའི་འོས་མི་རྣམས་ལ། བཀའ་བློན་གྱི་འོས་ཆོས་ཚང་ཡོད་མེད་ལྟ་མཁན་དེ་གྲོས་ཚོགས་དང་། ཁྲིམས་ཞིབ་པ་ཡིན་པ་ལས། ཁོང་གཉིས་མིན་པས། ཁོང་གཉིས་ལས་ཧོལ་རྒྱུགས་ཆེ་བ་དེ། འོས་ཆོས་ཚང་ཡོད་མེད་ལྟ་མཁན་དང་། དམ་བཅའ་འབུལ་དུ་བཅུག་མཁན་ལ་མི་འདུག་གམ། ལགས།

    #11 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    June 4th, 2016 at 8:37 am
    དེས་ན། ཟླ་བ་གསུམ་དང་། ཞག་ཉེར་གསུམ་ཙམ་བཀའ་བློན་གྱི་འོས་ཆོས་སུ། མ་ལོན་པའི་ཁྲིམས་དང་མ་མཐུན་པ་འདི་དང་།
    མི་གང་ཞིག་བཀའ་བློན་དུ་བསྐོས་ཟིནད་ནས། ཉེས་མེད་ཁྲིམས་འགལ་དུ་བརྩིས་པ་དང་གཅིག སྤྱི་འཐུས་འོས་ཐོབ་ཤོར་བཅུག་པ་དང་གཉིས། བཀའ་བློན་དུ་བསྐོས་ཟིན་ནས་བཀའ་བློན་ན་མར་ཕབ་འོས་པའི་སྐྱོན་མེད་པར་མར་ཕབ་པ་དང་གསུམ་ནི། གཞུང་མང་གཉིས་ཀའི་བློ་ལ་མི་བདེ་བ་ཆེན་པོ་བཟོས་པ་མ་ཡིན་ནམ། ལགས།

    #12 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    June 4th, 2016 at 8:38 am
    ནོར་འཁྲུལ་འདི་སུས་ཤོར་ཆེ་ན་ཡང་། རྨ་ཁ་འདི་ཆུང་ཆུང་ཞིག་མ་རེད།

    #13 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    June 4th, 2016 at 8:45 am
    རྨ་ཁ་འདི་གསོ་བ་ལ། སྨན་གཅིག་ཁོ་ན་ཡོད་པ་ནི། བཀའ་བློན་དུས་ཐོག་ཏུ་བསྐོ་ཐུབ་མིན་དེ་བརྩིས་མེད་ལ་བཏང་ནས། ཟླ་སྒྲོན་རང་གི་བཀའ་བློན་འོས་ཆོས་སུ་ལོན་པའི་ཟླ་གྲངས་དང་། ཉིན་གྲངས་བསྒུག་ཏུ་བཅུག་ནས། མོ་རང་དགུང་ལོ་སོ་ལྔ་ཧྲིལ་པོ་ལོན་པ་དང་། མོ་རང་རང་ཉིད་སླར་ཡང་བཀའ་བློན་དུ་བསྐོ་དགོས་པ་ནི། རྨ་ཁ་འདི་ཡི། སྨན་མཆོག་དམ་པ་རེད་དོ། ཁ་ཁེ་ཕ་ལུས་བཤད་དོ། ཉན་དང་མི་ཉན་ཁྱེད་ཀུན་གྱིས་མཁྱེེེན།། །།

    #14 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    June 4th, 2016 at 9:00 am
    ཟླ་བ་འགའ་ཤས་རྗེས་ལ། ཟླ་སྒྲོན་རང་ཉིད་སླར་ཡང་བཀའ་བློན་དུ་བསྐོས་ན། ཁྲིམས་དང་མཐུན་ལ། སྤྱི་སྒེར་གནོད་པ་ཆུང་ལ། བཀའ་སྤྱི་གཞུང་མང་ལ་ཡང་། ཕན་དགེ་ཆེ་བར་མངོན་ནོ།།

    Reply
  8. གཡུ་ཐོག says:
    ལོ་ 10 སྔོན།

    སྨན་གྱི་གཞུང་ལུགས་ནང་ཕྲུ་གུ་མའི་མངལ་ནང་ཆགས་པ་དང་ཕྲུ་གུ་མངལ་ནས་བཙའ་བ་གཉིས་དུས་ཚོད་ཀྱི་འཕེལ་རིམ་མི་འདྲ་བ་ཡིན། ཕྲུ་གུ་ཆགས་པ་དང་སྐྱེས་པ་གཉིས་མི་འདྲ་བ་ཡིན། དེར་བསམ་བློ་ཧ་ཅང་རྟིང་གཟབ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་མ་མཐོང་། གལ་སྲིད་སྐྱེས་ལོ་ཞེས་འཁོད་ཡོད་ན། དེར་མའི་མངལ་ནང་ཕྲུ་གུ་ཆགས་པ་དེ་ནས་བཟུང་ན་མི་འགྲིགས། དེ་ནི་མངལ་ཆགས་པའི་ལོ་ལས་སྐྱེས་ལོ་མིན། ཁྱེད་རང་ག་དུས་སྐྱེས་པ་དང་ག་དུས་མའི་མངལ་ནང་ཆགས་པ་གཉིས་དུས་ཚོད་དང་མངལ་གྱི་ཕྲུ་གུའི་འཕེལ་རིམ་གཉིས་ཀྱང་མི་འདྲ་བ་ཡིན། ཟླ་དགུ་ལྷམ་ཙམ་མའི་མངལ་ནང་སྡོད་དུས་ལུས་ཆ་ཤས་རྣམས་བདུན་རེར་རིམ་པས་འཕེལ་ཞིང་དབང་པོ་རྣམས་ཀྱི་གཟུགས་དབྱིབས་དོད་བཞིན་ཡོད། ད་དེར་ཕྲུ་གུ་སྐྱེས་པར་ངོས་འཛིན་བྱེད་ན་སྨན་གཞུང་གི་རྣམ་གཞག་དང་མི་མཐུན་པ་གསལ་པོ་རེད། སྨན་གྱི་གཞུང་ནང་། ཟླ་དགུ་འདས་ནས་བཙའ་བའི་དུས་ཡིན་ཏེ། ཞེས་འཁོད་ཡོད།

    Reply
  9. བསོད་ནམས་རྡོ་རྗེ། says:
    ལོ་ 10 སྔོན།

    ལྐུགས་མ་ཁྱོད། དེ་འདྲ་བྱས་ན་རྙི་ལ་ཚུད་ངེས་ཡིན་པ་ཁྱེད་ཀྱིས་ཤེས་མེད་པ་འདྲ། མ་གཞི་ནས་དེ་དུས་ཁྱོད་ཀྱིས་རྒྱ་ཆེའི་དབུས་གཙང་མི་མང་གིས་ཁྱེད་ལ་བཅོལ་བའི་རེ་བ་དེ་རྦད་དེ་བརྗེད་པ་རེད་དམ། ཧོལ་རྒྱུག་ཚ་པོ་དེ་འདྲ་གནང་གི་ཡོད་པ་ངའི་བསམ་ཡུལ་ལ་ཡང་མེད། ། འཇོག་ས་དེར་མ་བསྡད་པ་དང་། བཏབ་ས་དེར་མ་སྐྱེས་ན་ད་ཁྱོད་ཁ་ནང་ལ་མཛུབ་མོ་བླུགས་ཏེ། རང་གི་རྐུབ་བཀྱག་ཚ་པོ་དེ་མིག་གི་མདུན་ནས་བཀྱག་ནས་འགྲོ་མཁན་གྱི་བྱ་གླག་ཡ་མཚན་པོ་དེར་བལྟས་ནས་ངུས་སྡོད། དེ་རིང་ནས་བཟུང་ང་དང་ང་འདྲ་བ་རྣམས་རང་ལ་རྦད་དེ་ཉོབ་སོང་།
    གཉིས་ནས། མི་དབང་སྲིད་སྐྱོང་མཆོག་ནས་ད་རེས་རྒྱ་ཆེའི་དབུས་གཙང་མི་མང་ཁྲི་ཚོ་བརྒལ་བས་ཞིབ་དཔྱད་ཀྱིས་སྤྱི་འཐུས་ལ་ཡང་བདམས་མེད་པའི་མི་གཉིས་སྐུ་ཉིད་སྐུ་སྒེར་པ་ཞིག་གིས་ཐག་བཅད་དེ་བཀའ་སྤྱི་གཉིས་ནང་ཚུད་དུ་བཅུག་པ་དང་། དབུས་གཙང་མི་མང་གི་འོས་མི་རྩེ་ཕུད་དེ་རྒྱུ་མཚན་གང་ཡིན་ལ་མ་ལྟོས་པར་གང་ལྟར་གངས་སྐྱིད་ཀྱི་ར་བ་ནས་ཁ་བྲལ་བཏང་བ་ནི་དབུས་གཙང་མི་མང་ལ་མཐོང་ཆུང་དང་། ཁྱད་གསོད། དེ་བཞིན་ཀྱག་ཀྱག་བྱས་པ་ཞིག་རང་རེད། དེ་ནི་རྐང་པ་དྲི་ངན་གཉིས་མལ་ནང་དུ་ཤོང་རྒྱུའི་ཆེད་མགོ་སྟོན་པའི་དབུ་འདྲ་བ་ཞིག་བཅད་པ་དང་མཚུངས། གལ་ཏེ་སྲིད་སྐྱོང་སློབ་སངས་མེད་ན་གནས་ཚུལ་འདི་འདྲ་འཕྲད་མི་སྲིད། བྱས་ཙང་དེ་རིང་ནས་བཟུང་ང་དང་ང་འདྲ་བ་རྣམས་སྐུ་ངོ་སྲིད་སྐྱོང་ལ་ཡང་ཞེན་པ་ལོག་སོང་།
    རྨོངས་སེལ་གྱི་མཆན། བཀའ་བློན་དུ་སླེབས་པའི་དབུས་ཁམས་གཉིས་ཀྱི་སྤྱི་ཟུར་གཉིས་ཀྱི་སྔ་ཕྱིའི་གནས་སྟངས་མི་འདྲ། ཞིབ་པར་མཁྱེན་འདོད་ན་ཉམས་ཞིབ་ཏོག་ཙམ་བྱོས།

    Reply
  10. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    ད་ནི་གསང་དང་མ་གསང་མི་འདུག ”ཉིན་གཉིས་བཀའ་བློན”བོད་ཀྱི་ཐ་སྙད་ཆགས་སོང་།

    Reply
  11. ཚེ་མདོ། says:
    ལོ་ 10 སྔོན།

    སྲིད་སྐྱོང་ཡིན་ནའང་འདྲ། བཀའ་བློན་ཡིན་ནའང་འདྲ། འོས་མི་ཡིན་ནའང་འདྲ། སྤྱི་འཐུས་ཚོ་ཡིན་ནའང་འདྲ། ཐུན་མོང་གིས་བཟོས་པའི་ནོར་འཁྲུལ་ཞིག་རེད། ཡང་ན། སྲིད་སྐྱོང་དང་སྤྱི་འཐུས་ཚང་མས་ཡིད་ཆེས་ཤིག་གཞི་ལ་བཞག་ནས་ལས་ཀ་འདི་བྱས་ཡོད་པ་རེ། དེའི་སྟབས་ཀྱིས་མཐའ་གཅིག་ཏུ་བློ་བཟང་སེང་གེས་ནོར་བ་རེད་ཅེས་བཤད་དཀའ་ཡང་། སྲིད་སྐྱོང་གིས་ལས་ཀ་ཞིབ་ཚགས་ཤིག་སྒྲུབ་ཀྱི་མེད་པའི་རྟགས་ཤིག་ལ་ངོས་འཛིན་བྱས་ཆོག་པ་ཞིག་རེད། ད་རེས་སྲིད་སྐྱོང་སྐབས་གཉིས་པ་འདི་སྤྱི་འཐུས་དང་མང་ཚོགས་ཕྱོགས་གཉིས་ཀ་ནས་ལྟད་མོ་བལྟ་ས་ཞིག་མ་གཏོགས། ཡིད་ཆེས་དང་གོང་བཀུར་བྱ་ཡུལ་ཞིག་ལ་ཆ་འཇོག་བྱེད་ཀྱི་མེད་པ་འདི་ཉེན་ཁ་ཆེན་པོ་རེད།

    Reply
  12. བློ་འཇམ། says:
    ལོ་ 10 སྔོན།

    བོད་པའི་བོད་ལོ་བརྩི་སྟངས་ལ་ངོས་ལེན་མེད་པ་རེད་དམ།

    སྤྱིར་བཏང་ལོ་གྲངས་བརྩི་སྟངས་ལ་ཡང་ཕྱི་ལུགས་ཀྱི་བརྩི་སྟངས་དང་བོད་དང་ལྷག་པར་ནང་པའི་བརྩི་སྟངས་མ་འདྲ་བ་ཡོད་པ་རེད། ནང་པས་བརྩི་སྟངས་ལྟར་བྱས་ན་ཤར་གླིང་ཟླ་སྒྲོན་ལགས་ལོ་གྲངས་ཏག་ཏག་ཚང་སྡོད་ཡོད་པ་རེད། གང་ཡིན་ཟེར་ན་ནང་པས་མི་ཆགས་པ་ནས་རྩི་ཡི་ཡོད་པ་རེད། དམ་ཆོས་འདུལ་བའི་ནང་ཨ་མའི་ཁོག་ནང་ཟླ་དགུ་ཞག་བཅུ་བརྩིས་པའི་ལོ་གྲངས་བརྩི་སྟངས་དེ་དམ་ཆོས་འདུལ་བའི་ནང་གསལ་ཡོད་པ་ཞིག་རེེད། དཔེ་མཚོན་ཙམ་ཞུས་ན་སྤྱི་སྟངས་ནང་པའི་ལུགས་ལ་གང་ཟག་དེ་རབ་ཏུ་བྱུང་བ་ལ་ལོ་བདུན་ལོན་དགོས་པ་རེད། ཡིན་ན་ཡང་ལོ་གྲངས་བརྩི་སྟངས་དེ་གང་འདྲ་རེད་ཟེར་ན། ཨ་མའི་མངལ་དུ་ཆགས་པ་ནས་བརྩིས་པས་ལོ་བདུན་ལོན་ན་འགྲིག་གི་ཡོད་རེད། དེ་མ་ཟད་དགེ་སློང་སྒྲུབ་པ་ལ་ལོ་ཉི་ཤུ་ལོན་དགོས་ཀྱང་བརྩི་སྟངས་དེ་ཨ་མའི་མངལ་ལ་ཆགས་པ་ནས་བརྩིས་པས་ལོ་ཉི་ཤུ་ལོན་ན་འགྲིག་གི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོ་ནང་པའི་རྒྱལ་ཁབ་གཅིག་དང་ལྷག་པར་དུ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་དང་། ཡང་སྒོས་ནང་པའི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཤིག་ཡིན་དུས་ཨ་མའི་མངལ་ལ་ཆགས་པ་ནས་བརྩི་དགོས་པ་རེད། དེ་ལྟར་བརྩི་དགོས་པ་དེ་ཡང་དགེ་མཚན་ཡོད་པ་རེད། གང་ཡིན་ཟེར་ན་ཨ་མའི་མངལ་ལ་ཆགས་པའི་ཕྲུ་གུ་དེ་མི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ་རེད། དེ་ལྟར་བྱུང་ན་ཕྲུ་གུ་ཨ་མའི་ཁོག་པའི་ནང་ལ་ཡོད་པ་རྣམས་གང་འདོད་ཀྱིས་བསད་པའི་གནས་ཚུལ་དེ་དག་ལ་འཛིམ་ཟོན་བྱེད་པའི་ལུགས་སྲོལ་ཞིག་ཆགས་པའི་རེ་བ་ཡོད་པ་རེད། ཕྱི་ལུགས་ཀྱིས་ཨ་མའི་མངལ་དུ་ཆགས་པ་དེ་མི་ཞིག་ལ་བརྩི་ཡི་ཡོད་པ་མ་རེད། མི་ཟེར་དུས་ཨ་མའི་མངལ་ལས་དོན་ཟིན་པར་མ་གཏོགས་ངོས་འཛིན་བྱེད་ཀྱི་མེད་པ་འདྲ། དེའི་དབང་གིས་ཨ་མ་དང་ཡང་ན་ཨ་ཕ་ལ་འདོད་པ་མེད་ན་ཕྲུ་གུ་བསད་རྐྱང་བྱེད་ཀྱིན་ཡོད་པ་ཡོངས་གྲགས་དེ་རེད། དེ་འདྲ་ཡིན་དུས་ལུགས་སྲོལ་དེ་གཉིས་ལས་སྔ་མ་དེ་ལེགས་པ་ཞིག་ལ་མཐོང་གི་འདུག། མ་ཟད་ང་ཚོ་ནང་པ་ཞིག་ཡིན་དུས་བརྩི་སྟངས་དེ་ཡང་ནང་པའི་ལུགས་ལྟར་བརྩི་དགོས་པ་རེད་སྙམ་པའི་ཚོར་སྣང་ཞིག་ཡོད། དེ་ལྟར་བརྩིས་བཞག་ན་གཞུང་གི་ལས་དོན་བྱེད་ཕྱོགས་ལ་ཁྱད་པ་གང་ཡང་འགྲོ་ཡི་མ་རེད། ཟླ་བ་གསུམ་མ་ལོན་པ་ཙམ་གྱིས་ལས་དོན་ལ་མཐུས་ཤོར་འགྲོ་བ་ཞིག་གང་ཡང་མཐོང་གི་མི་འདུག། ངས་བསམ་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིན་ན་དེ་ལྟར་འགྲེལ་བཤད་གནང་བ་གཏན་ཁེལ་རེད་སྙམ་པ་བྱུང་། །

    བསམ་ཚུལ་ནོར་འདུག་ན་དགོངས་དག་ཞུའོ།་་་་་་་གཞན་ལ་བཤུས

    Reply
  13. ཐོས་པ་དགའ། says:
    ལོ་ 10 སྔོན།

    ངས་བལྟས་ན། སྲིད་སྐྱོང་གིས་ད་རེས་ཧ་ཅང་འཐུས་ཆེན་པོ་ཤོར་བ་རེད། སྲིད་སྐྱོང་མཆོག་འདེམ་པ་བོ་ཡིན་པར་བརྟེན། གདམ་བྱ་དེ་འདེམས་སྟངས་ནོར་བ་ལ་ངོས་འཛིན་མ་བྱས་ཐབས་མེད་རེད། འདི་ལ་ལྟ་ཚུལ་ཕྱོགས་གཉིས་ཡོང་སྲིད་པ་ཞིག་རེད། གཅིག སྲིད་སྐྱོང་གིས་གྲོས་ཚོགས་མགོ་སྐོར་བཏང་བ་དང་། གཉིས་རང་ཉིད་ཀྱིས་ཐུགས་ཉམས་མ་བཞག་པར་འཐུས་ཤོར་བཏང་བ་རེད། འོན་ཀྱང་ཤར་གླིང་ཟླ་སྒྲོན་མོ་རང་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྟངས་ཡག་པོ་མཐོང་བྱུང་།

    Reply
  14. བསྟན་འཛིན་རྡ་ས། says:
    ལོ་ 10 སྔོན།

    མཁས་དབང་བློ་བཟང་སེང་གེས།།
    བཀའ་བློན་འོས་གཞི་བསྣམས་ནས།།
    གྲོས་ཚོགས་ནང་དུ་ཕེབས་ཏེ།།
    ཤར་གླིང་བཀའ་བློན་བསྐོས་སོང་།།
    དུས་ཚོད་ཉེར་བཞི་རྗེས་ནས།།
    སེང་གེའི་ཞབས་རྐུབ་རྡོལ་པས།།
    ཤར་གླིང་དགོངས་ཞུས་གནང་བར།།
    གངས་ཅན་སྐྱིད་གཤོང་ནང་ནས།།
    ་་་་་་་་

    Reply
  15. ལིང་ནག says:
    ལོ་ 10 སྔོན།

    ཨ་རིའི་ཡུལ་ནས་འབུམ་རམས་པ་་་་་རྡ་རམ་ལ་སའི་སློབ་བཟང་བ་་་་་ཁ་སང་དེ་རིང་སྲིད་སྐྱོང་གིས་ཆབ་སྲིད་ཀྱི་གར་ཆུང་ཁག་ཅིག་ཡང་ཐོན་བཞིན་པ་རེད་འདུག་ག་ཧཧཧཧཧཧཧཧཧཧཧཧཧཧ

    Reply
  16. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    བཀའ་བློན་གྱི་འོས་ཆོས་ལ་སླེབས་པའི་ཤར་གླིང་མཆོག་ལ་མཚོན་ན་རང་ཉིད་ལོ་ན་ ༣༥ ཟིན་མེད་བཞིན་དུ་བཀའ་བློན་གྱི་གོ་གནས་དེ་དང་ལེན་གནང་པ་རེད། དང་ལེན་གནང་པ་དེས་གང་མཚོན་ཡོད་ཞུས་ན། རང་ཉིད་ཀྱི་གོ་ས་དང་གཏམ་གྲགས་ལ་ཐུག་དུས་བཅའ་ཁྲིམས་དང་། སྒྲིག་སྲོལ་ལ་དོ་ནན་གྱིས་དགོངསཔ་བཞེས་ཀྱི་མེད་པའི་རྟགས་རེད་ལ། ད་རེས་ཀྱི་གནས་ཚུལ་འདིས་ཁོང་གི་ཆབ་སྲིད་ཐོག་དགོངས་པ་བཞེད་ཕྱོགས་དང་། ཁོང་གི་མི་གཤིས་ཀྱང་ཅུང་ཙམ་བསྟན་སོང་།

    རྒྱབ་ལྗོངས་དང་། མདུན་ལྗོངས་ཀྱི་གནས་ཚུལ་གང་ཡོད་མེད་ལ་མ་སྟོས་པར། བསམ་བློའི་ནང་དོག་པ་གཅིག་སླེབས་གཞི་འདི། གྲོས་ཚོགས་ནང་ལ་བཀའ་བློན་འོས་མིའི་ལོ་རྒྱུས་འདོར་བསྡུས་བཀྲམས་པ་དེའི་ནང་ལ་སྐྱེས་ལོ་བཀོད་ཡོད་པ་ལས། སྐྱེས་ཚེས་བཀོད་མེད་པ་དང་། དང་བླང་དཔྱ་ཁྲལ་ལག་དེབ་ཀྱི་འདྲ་ཤུས་བཀྲམས་མེད་པ་དེའི་རྐྱེན་པས་དོག་པ་ཆེན་པོ་བྱུང་སོང་། གནས་ཚུལ་དེ་ལ་བརྟེན་ནས་མཁྱེན་བཞིན་དུ་མགོ་སྐོར་ཞུས་པའམ་བཅའ་ཁྲིམས་རིན་པོ་ཆེར་མ་རྩིས་པ་དེ་གསལ་པོ་རེད།

    Reply
  17. ཐུབ་བསྟན says:
    ལོ་ 10 སྔོན།

    བོད་རང་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད། ཕ་གསོད་ཀྱི་ལག་དམར་ལ་ཡང་བཤད་རྒྱུ་མང་དག་ཅིག་ཡོད་ཟེར་བ་ལྟར་སྲིད་སྐྱོང་གིས་གཉིད་མ་སད་ཀྱིས་གནང་སྟངས་དང་ནོར་འཁྲུལ་ཚབ་ཆེན་ཤོར་བའི་སྤྱི་འཐུས་ཀྱིས་མང་མོས་ཐག་གཅོད་ལ་ད་དུང་འགྲེལ་བཤད་བརྒྱབ་ན་ནོར་འཁྲུལ་ཉིས་བརྩེགས་ལས་སྤྱི་སྲིད་གཉིས་དཀར་བོ་ནམ་ཡང་མི་ཆགས།

    Reply
  18. འབོར་བློ་རྒྱམ says:
    ལོ་ 10 སྔོན།

    ད་ཡིན་ན་བློ་སང་གཞུང་གི་ཁྲམ་ལས་འགོ་བཟུང་སོང་། བློ་སང་ནི་ཆབ་སྲིད་རུལ་སུངས་བ་ཞིག་རེད།
    ཁོས་བཅའ་ཁྲིམས་དང་བོད་མི་དམངས་ལ་འགོ་བསྐོར་བཏངས་བ་རེད

    Reply
  19. འབྲོག་རྒན། says:
    ལོ་ 10 སྔོན།

    ཡང་མྱུལ་མ་དེ་ཚོར་ནང་དཀྲུག་རྒྱག་རྒྱུའི་གོ་སྐབས་ཤིག་སྤྲད་འདུག ཁྱི་གཅིག་ཟུག་པ་དང་ཁྱི་གཞན་ཚོའང་མཉམ་ཟུག་རེད་འདུག

    Reply
  20. ཐུབ་བསྟན་ནོར་བཟང་། says:
    ལོ་ 10 སྔོན།

    བཅའ་ཁྲིམས་ནང་ལ་མེད་པའི་ལམ་སྲོལ་ ཚོགས་གཙོ་གཉིས་ ལོ་གཉིས་དང་ཕྱེད་ཀ་རེ་མཉམ་དུ་བྱེད་ཆོག་པ་དང་། ཤར་གླིང་ཟླ་སྒྲོན་ལགས་དགུང་ལོ་35 ཟིན་པར་ ཟླ་བ་3 ཉུང་དྲགས་པའི་རྐྱེན་གྱིས་བཀའ་བློན་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་གཉིས་མི་འདྲ་བའི་རྒྱུ་མཚན་གང་ཡིན་ནམ།
    ཁྲིམས་སྒྲིག་གཞི་རྩིས་བཀུར་ཞུ་ན་ཞུ་མཉམ་དང་།
    མ་ཞུ་ན་ཁོང་ལའང་གཅིག་པ་གནང་དགོས་ངེས་རེད་བསམ།

    སྤྱི་འཐུས་ནང་ལ་བོད་པས་བོད་སྐད་རྒྱག་དགོས་པ་དང་བོད་པས་བོད་ཆས་གྱོན་དགོས་ན། སྤྱི་འཐུས་ནང་ལ་བོད་པས་བོད་ལོ་རྩིས་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

    བོད་ལོ་རྩིས་ན་ཟླ་སྒྲོན་ལགས་དགུང་ལོ་36 རེད་ཟེར།

    Reply
  21. མཻན་བུ། says:
    ལོ་ 10 སྔོན།

    ཕྱོགས་གསུམ་ནོར་བ།
    དང་པོ། བཅའ་ཁྲིམས་གཞིར་བཟུང་འོས་ཆོས་ཚང་མིན་དེ་དང་ཐོག་བཀའ་བློན་འོས་མི་རང་ཉིད་ཀྱི་མཁྱེན་མཁྱེན་པ་རེད། སྐབས་མཚམས་སྲིད་སྐྱོང་མཆོག་ལ་ཚང་གི་མེད་ལུགས་ཀྱི་གནས་སྟངས་ཞུས་ཏེ་དགོངས་པ་ཞུ་དགོས་པ་དེ་མ་ཞུས་པའི་ནོར་བ།
    གཉིས་པ། སྲིད་སྐྱོང་མཆོག་ནས་འདེམས་བཞིན་པའི་བཀའ་བློན་རྣམས་འོས་ཆོས་ཚང་མེད་ཞིབ་བཤེར་འཐུས་ཚང་ངེས་པར་དུ་གནང་དགོས་པ་དེ་མ་གནང་བའི་ནོར་བ།
    གསུམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་སྐབས་མཚམས་གནས་ལུགས་རྒྱུ་མཚན་ར་སྤྲོད་ཀྱིས་བཀག་འགོག་གནང་དགོས་པ་རེད། དེ་མ་གནང་བའི་ནོར་བ།
    ནོར་འཁྲུལ་ཚང་མས་བྱས་པ་རེད། ཆེ་ཆུང་གི་དབྱེ་མཚམས་བཞག་ཆོག་རྒྱུ་རེད།

    Reply
  22. རིགས་སྒོ། says:
    ལོ་ 10 སྔོན།

    གནད་དོན་དེ་ཡ་མཚར་བ་ལ།

    Reply
  23. བསྟན་འཛིན་ཆོས་དར says:
    ལོ་ 10 སྔོན།

    བློ་སེང་གི་གྲོས་ཚོགས་སུ་བཅའ་ཁྲིམས་ཀྱི་འོས་ཆོས་ཆ་ཚང་ཚང་ཡོད་ཟེར་དེ་འདི་འདྲ་རེད་དམ་ཡང་ན་ཤར་གླིང་ཟླ་སྒྲོན་ལ་གནག་པ་རེད་ ཕ་རིའི་གླ་བའི་ཚབ་ལ་ཚུ་རིའི་གནའ་བ་མེད་པ་བཟོས་སོང་།

    Reply
  24. གངས་རིའི་མིག་ཆུ། says:
    ལོ་ 10 སྔོན།

    དངོས་གནས་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ༸གོང་མཆོག་དབུ་ལ་བཞུགས་པའི་བོད་གཞིས་བྱེས་གཉིས་ཀྱི་མདུན་དུ་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་གནང་རྒྱུའི་དམ་བཅའ་བཞག་པ་དེ་ཉིན་བཅོ་ལྔ་མ་སོང་བར་ཁྲིམས་འགལ་བྱེས་པ་འདི་ཧ་ཅང་ཡིད་སྐྱོ་བའི་གནས་ཤིག་རེད།

    Reply
  25. མཻན་བུ། says:
    ལོ་ 10 སྔོན།

    འདིར་ནོར་འཁྲུལ་གསུམ་ལྡན་རེད་འདུག
    དང་པོ། བཅའ་ཁྲིམས་གཞིར་བཟུང་འོས་ཆོས་ཚང་མིན་དེ་དང་ཐོག་བཀའ་བློན་འོས་མི་རང་ཉིད་ཀྱི་མཁྱེན་མཁྱེན་པ་རེད། སྐབས་མཚམས་སྲིད་སྐྱོང་མཆོག་ལ་ཚང་གི་མེད་ལུགས་ཀྱི་གནས་སྟངས་ཞུས་ཏེ་དགོངས་པ་ཞུ་དགོས་པ་དེ་མ་ཞུས་པ་རེད།
    གཉིས་པ། སྲིད་སྐྱོང་མཆོག་གིས་བདེམས་བཞིན་པའི་བཀའ་བློན་རྣམས་འོས་ཆོས་ཚང་མིན་ཞིབ་བཤེར་ངེས་པར་དུ་གནང་དགོས་པ་མ་གནང་པ་རེད།
    གསུམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་སྐབས་མཚམས་གནས་ལུགས་རྒྱུ་མཚན་ར་སྤྲོད་ཀྱིས་བཀག་འགོག་གནང་དགོས་པ་རེད། དེ་ཡང་མ་གནང་པ་རེད།
    ནོར་འཁྲུལ་ཚང་མས་བྱས་པ་རེད། ཆེ་ཆུང་གི་དབྱེ་མཚམས་བཞག་ཆོག་རྒྱུ་རེད།

    Reply
  26. དིང་རྡོ། says:
    ལོ་ 10 སྔོན།

    ཆུ་མགོ་ནས་རྙོགས་ན། ཆུ་མཇུག་དྭངས་མི་སྲིད་པའི་དཔེ་བཞིན། སླར་ཡང་སྲིད་སྐྱོང་འབུམ་རམ་པ། ཁྲིམས་ལ་བྱང་ཆུབ་པ། སྲིད་སྐྱོང་གི་ཞབས་བཀྱག་ལ་ང་ལས་ཉམས་མྱོང་ཆེ་བ་མེད་གསུངས་ཞུགས་མཁན་ཞིག་གིས་༸རྒྱལ་བའི་བཀའ་དང་། བོད་མིའི་སྤྱི་དོན་ལ་འགན་གང་འདྲ་འཁུར་ནས་ཕྱགས་འབྲེལ་བཀའ་བློན་མཚན་འདོན་གནང་གི་ཡོད་དམ། ལོ་ཚད་མ་ལོན་པ། མི་མང་གིས་སྤྱི་འཐུས་སུ་མ་འོས་པ། ལང་ཕྱོགས་མི་མཐུན་པ་་་་་བསམ་གཞིགས་བྱེད་དགོས་པ་འདུག་གོ

    གྲོས་ཚོགས་ཀྱི་ལས་རིམ་བལྟ་བསྡད་མཁན་ཞིག་གི་ངོས་ནས་བཀུར་འོས་སྤྱི་འཐུས་རྣམས་པ་ཚོས་ཀྱང་སོ་སོ་དཀར་འདོན་ཆེད་བཤད་མ་བསྡད་པར་སྤྱི་ལ་ཕན་པའི་དོན་དག་ཐོག་བབས་ཐུབ་པ་གནང་རོགས།

    Reply
  27. གཡུ་སྒང་དགེ་འདུན། says:
    ལོ་ 10 སྔོན།

    སྟོབས་ལྡན་རྒྱལ་ཁབ་ཨ་རི་ནས་ཁྲིམས་ལུགས་འབུམ་རམས་པ་ཐོན་མཁན་ཞིག་དང་སྲིད་སྐྱོང་ལོ་ལྔ་གནང་ཟིན་པ་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེབ་ཆུང་དེ་ལས་བཀའ་སྤྱིའི་ཆ་རྐྱེན་དེ་དག་ཐུགས་མངའ་མེད་པ་ཞིག་ཡོང་མི་སྲིད་པ་ཞིག་རེད། ཡ་མཚར་རེད།

    Reply
  28. གཡུ་ཐོག says:
    ལོ་ 10 སྔོན།

    དེར་གནད་དོན་གཉིས་ལས་མེད། གཅིག་ནི་བློ་སེང་གིས་ཟླ་སྒྲོན་ལགས་ཀྱི་ལོ་ཚད་ཤེས་བཞིན་དེ་ལྟར་བཅའ་ཁྲིམས་རིན་པོ་ཆེར་རྩི་མེད་བཏང་བ་དང་། གཉིས་ནི་བཀའ་བློན་གྱི་འོས་ཆོས་བཅའ་ཁྲིམས་ནང་གཏན་འབེབ་གང་ཡོད་པ་རྣམས་རྒྱུས་མངའ་མེད་སྟེང་གང་ཟག་གི་དབང་བསྒྱུར་རྣམ་པ་སྟོན། གཅིག་བྱས་ན་རང་གི་གྲོགས་པོ་འཕྲོད་བསྟེན་བཀའ་ཟུར་ཚེ་རིང་དབང་ཕྱུགས་ཀྱི་སྤུན་མཆེད་དབུས་གཙང་གི་སྒུག་སྡོད་སྤྱི་མཐུས་འཇམ་དབྱངས་ཉིད་སྤྱི་མཐུས་ས་མིག་ཐོབ་ཆེད་ཇུས་ངན་ཡིན་སྲིད། གང་ལྟར་གནས་ཚུལ་ཡིད་ལ་མི་འཚིམ་པ་ཆགས་འདུག

    Reply
    • བསྟན་འཛིན་ཆོདར་ says:
      ལོ་ 10 སྔོན།

      བློ་སེང་གི་གྲོས་ཚོགས་སུ་གཅའ་ཁྲིམས་ཀྱི་འོས་ཆོས་ཆ་ཚང་ཚང་ཡོད་ཟེར་འདི་རེད་དམ་ཡང་རྐང་བཙུགས་ནས་ཤར་གླིང་ཟླ་སྒྲོན་ལ་གནག་པ་ཡིན་ནམ་

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese