མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་ལས་འགུལ་ང་ཚོའི་འཐབ་རྩོད་ཀྱི་མིག་དཔེ་ལེགས་པོ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་བཙན་སློབ་ཕྲུག་ཚོགས་པས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གི་སློབ་ཕྲུག་ཚོས་དམངས་གཙོ་དང་རང་དབང་ཐོབ་ཐང་གི་ལས་འགུལ་སྤེལ་བ་དེ་བློ་སྤོབས་ཤིག་དང་ནུས་སྟོབས་ཤིག བསླབ་བྱ་ཞིག་ཏུ་ངོས་བཟུང་སྟེ་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་བཞིན་ཡོད་ཟེར།

indexདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་དྷ་ས་མེག་གྷན་གྱི་བཞི་མདོ་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲག་ཆས་དམག་དཔུང་གིས་དམངས་གཙོའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་མི་ལོ་ ༢༧ འཁོར་བའི་ཉིན་མོ་རྗེས་དྲན་བྱས་སོང་། དུས་དྲན་སྲུང་གཙིའི་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཧིན་བོད་སློབ་ཕྲུག་སྡེ་ཚན་ནས་འགྲོ་བ་མིའི་རང་དབང་དམངས་གཙོ་དང་འབྲེལ་བའི་སྐྱོ་གཞས་དང་། དྲུག་བཞིའི་དོན་རྐྱེན་སྐོར་གྱི་འདྲ་པར་དང་བསྒྲགས་ཡིག་སོགས་བཀྲམས་རྗེས། ཧིན་བོད་སློབ་ཕྲུག་ཚན་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དོན་རྐྱེན་དེ་ནི་འཛམ་གླིང་སྒང་འདིར་འཚེ་མེད་ཞི་བའི་ལས་འགུལ་གྱི་ངོ་བོ་ཞིག་ཆགས་ཡོད། ང་ཚོ་བོད་མི་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས། ང་ཚོས་དྲུག་བཞིའི་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱ་ནག་གི་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་དང་། དུས་ནམ་ཡང་རྒྱ་རིགས་རང་དབང་དམངས་གཙོ་དོན་གཉེར་བ་ཚོའི་རྒྱབ་དཔུང་དུ་ལངས་ཡོད། རྒྱུ་མཚན། འཚེ་མེད་ཞི་བའི་ལམ་ནས་རང་དབང་དམངས་གཙོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཡིད་ཆེས་བྱེད་ཀྱིན་ཡོད་སྐོར་བརྗོད་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་མང་ཚོགས་ཀྱི་འགན་འཛིན་རིན་འཛིན་ཆོས་སྒྲོན་ལགས་ཀྱིས། ང་ཚོས་དྲུག་བཞིའི་དོན་རྐྱེན་ཁྲོད་དམར་དམག་གིས་དམར་གསོད་བྱས་པའི་རྒྱ་རིགས་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་གནང་རྒྱུ་མ་ཟད། ང་ཚོས་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་དམར་ཤོག་ཚོགས་པས་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་རྗེས་དྲན་ཞུ་བཞིན་ཡོད་སྐོར་ བརྗོད་སོང་།

དྲི་བ་དྲིས་ལན་སྐབས་སུ། བསྟན་འཛིན་ཚེ་ལྷ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། བོད་དོན་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་རིགས་སློབ་ཕྲུག་ཚོས་རྒྱ་ནག་དམངས་གཙོ་དང་རང་དབང་ཐོབ་ཐང་གི་ལས་འགུལ་སྤེལ་བ་དེ་བློ་སྤོབས་ཤིག་དང་ནུས་སྟོབས་ཤིག བསླབ་བྱ་ཞིག་ཏུ་ངོས་བཟུང་སྟེ། སྐབས་དེའི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་དང་། དམིགས་སུ་དྲུག་བཞིའི་དོན་རྐྱེན་སྐབས་སུ་དམར་དམག་གི་འཁྲབ་ལྡན་འཁོར་ལོའི་མདུན་དུ་རང་སྲོག་འབེན་དུ་འཛུགས་མཁན་རྒྱ་རིགས་ཤིག་གི་ངོ་རྒོལ་ལས་འགུལ་དེས་འཛམ་བུ་གླིང་ཧ་ལས་སུ་བཅུག་ཡོད་པ་དང་། རྒྱ་རིགས་མི་སྒེར་ཞིག་གིས་དེ་ལྟར་རང་སྲོག་འབེན་དུ་བཙུགས་པ་དེས་རྒྱ་ནང་དུ་དོན་དངོས་སུ་རང་དབང་དམངས་གཙོ་གང་ཡང་མེད་པ་གསལ་བསྟོན་བྱས་ཡོད་པ་དང་། དུས་ད་ལྟ་ད་དུང་ཡང་རྒྱ་ནག་གི་རང་དབང་དམངས་གཙོའི་ཆེད་དུ་རང་སྲོག་འབེན་དུ་འཇོག་མཁན་རྒྱ་རིགས་དེ་དོན་དམ་སུ་ཞིག་ཡིན་མིན་ཧ་གོ་གི་མེད་སྐོར་སོགས་བརྗོད་ སོང་།

ཁོ་མོས་མུ་མཐུད་དུ་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲིད་ཇུས་ལ་འགྱུར་བ་གང་ཡང་ཐེབས་མེད་པ་མངོན་གསལ་ཡིན་ནའང་། ལོ་བཞིན་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་སྐོར་གླེང་སློང་དང་རྗེས་དྲན་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། དྲུག་བཞིའི་དོན་རྐྱེན་དེས་རྒྱ་ནག་དམར་ཤོག་ཚོགས་པར་སྲིད་དབང་སྒེར་གཅོད་མི་རུང་བའི་འཇིག་ཉེན་ཆེན་པོ་ཞིག་ངང་ངམ་ཤུགས་ཀྱིས་བསླངས་ཡོད་སྐོར་བརྗོད་སོང་།

རྒྱ་གར་སློབ་ཕྲུག་ཚོགས་པའི་ཚོགས་མི་ན་བིན་ཨེ་རྫ་ར་པུ་ (Naveen Isarapu) ལགས་ཀྱིས་གསར་འགོད་པར་ཁོ་བོ་རང་དབང་དམངས་གཙོའི་ཆེད་དུ་དེ་རིང་གི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་ཞིང་། རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་སྐོར་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་སྟབས། ང་ཚོས་ཧིན་བོད་དབྱིན་གསུམ་གྱི་མི་མང་ལ་དྲུག་བཞིའི་དོན་རྐྱེན་གྱི་དངོས་ཡོད་ གནས་ཚུལ་སྐོར་ལ་གོ་རྟོགས་སྤེལ་ཐབས་དང་། འཚེ་མེད་ཞུ་བའི་འཐབ་རྩོད་ལ་བརྟེན་ནས་བོད་རྒྱ་མི་མང་གི་རང་དབང་དམངས་གཙོའི་ཕུགས་འདུན་མངོན་འགྱུར་ཡོང་ཐབས་སུ། ང་ཚོ་རྒྱ་གར་སློབ་ཕྲུག་ཚོས་ཀྱང་བོད་རྒྱ་མི་མང་གི་ཞི་བའི་འཐད་རྩོད་ལ་གདུང་སེམས་སྐྱེད་དང་ཕྱར་བ་གྲུ་འདེགས་བྱེད་ཀྱིན་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese