མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་འཁྲུངས་སྐར་སྲུང་གཙི་བཀག་སྡོམ།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་སྔ་དྲོར་བལ་ཡུལ་གྱི་བོད་མི་ཚོས་༧གོང་ས་མཆོག་དགུང་ ༨༡ བཞེས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བར་སྐྱོད་སྐབས། བལ་ཡུལ་གཞུང་གིས་ཉེན་རྟོག་པ་དང་དམག་མི་མང་པོས་བཀག་འགོག་བྱས་ཡོད་པ་མ་ཟད། ས་གནས་མགོ་འཛིན་གཙོས་པའི་བོད་མི་བཅུ་གྲངས་ཤིག་འཛིན་བཟུང་ཡང་བྱས་ཡོད་འདུག
འདས་པའི་ལོ་ཤས་ནང་བལ་ཡུལ་གཞུང་གིས་ཅུང་ལྷོད་ཡངས་ཀྱི་རྣམ་པའི་འོག་ཕྱི་ལོ་ ༢༠༡༣ དང་། ༢༠༡༤ ། ༢༠༡༥ ལོ་བཅས་སུ་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་ཐུབ་ཡོད་ཀྱང་། ད་ལོ་སླར་ཡང་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་ཚོར་འཁྲུངས་སྐར་སྲུང་གཙི་ཞུ་བཅུག་མེད།

tibettimes-01 tibettimes-02 tibettimes-04 tibettimes-03 tibettimes-05 tibettimes-06 tibettimes-07 tibettimes-08 tibettimes-09

 

ཕྱི་ལོ་ ༢༠༡༣ དང་། ༢༠༡༤ ། ༢༠༡༥ བཅས་སུ་བལ་ཡུལ་འཕགས་པ་ཤིང་ཀུན་དུ་བོད་མི་ཚོས་སྐུའི་འཁྲུངས་ལྷ་ཡར་གསོ་གནང་ཐུབ་ཡོད། ༢༠༡༣ ལོའི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ས་སྐྱའི་ཆོས་བརྒྱུད་བྱམས་ཆེན་ཡིད་དགའ་ཆོས་གླིང་དགོན་གྱི་བླ་ཆེན་ཞབས་དྲུང་རིན་པོ་ཆེ་མཆོག་དང་། བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་སྐུ་ཞབས་ཀ་པིལ་ཤེས་རེས་ཐ། དེ་བཞིན། ཧི་མཱ་ལ་ཡའི་རི་རྒྱུད་དང་བལ་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཕེབས་ཡོད།

༢༠༡༤ ལོའི་འཁྲུངས་སྐར་ཉིན། སྐུ་མགྲོན་དུ་བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་འཇིགས་གྲོལ་ཤར་པ་ལགས་དང་རིས་མེད་དགོན་སྡེ་ཁག་གི་མཁན་བླ་སྤྲུལ། དེ་བཞིན། བལ་ཡུལ་རྒྱལ་སའི་གཞུང་ཚབ་ཁག་གི་སྐུ་ཚབ། བལ་ཡུལ་གཞུང་སྐུ་མགྲོན། ཧི་མཱ་ལ་ཡའི་མི་མང་གི་སྐུ་ཚབ་སོགས་ཕེབས་ཏེ་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་ཐུབ་ཡོད།

༢༠༡༥ ལོར་བལ་ཡུལ་གཞུང་གིས་སྔར་ལྷག་ལྷོད་ཡངས་གི་རྣམ་པའི་ཐོག འཕགས་ཤིང་དང་ཀ་ཐ་མན་ཊུ་མཉམ་འབྲེལ་ཐོག་སྲུང་གཙི་ཞུས་ཏེ། སྐུ་མགྲོན་གཙོ་བོ་རྟ་མང་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་མཆོག་དང༌རིས་མེད་དགོན་སྡེ་ཁག་གི་བླ་སྤྲུལ་དང་མཁན་པོ། དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་ཚབ་ལས་བྱེད་ First Secretary Mr. Abhay Kumar མཆོག་དང༌། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁན་པོ་འཇིགས་གྲོལ་མཆོག བལ་ཡུལ་དུས་བབ་གསར་ཤོག Nepal Times གི་རྩོམ་སྒྲིག་འགན་འཛིན་ Mr Kunda Dixit མཆོག FNCCI ཚོགས་གཙོ་ཟུར་པ་ Mr Suraj Vaidya སོགས་གཙོས་པའི་མི་མང་ ༢༠༠༠ མ་ཟིན་ཙམ་འདུ་འཛོམས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༧ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 6

  1. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ༧སངས་རྒྱས་གཉིས་པའི་སྐུ་པར་གསུམ་དེ་དབུ་གཙང་སྐུ་པར་མདཔ་བསྟོད་སྐུ་པར་མདོ་སྨད་སྐུ་པར་དེ་རེད་དང་མ་རེད ?
    མཛད་སྒོ་གཅིག་རེད ངས་འབྲི་པ་དེ་ངོ་མ་རེད་མ་རེད་དབུ་གཙང་ཚོགས་གཙོ་རྒྱན་ཕུག་བསོད་ནམ་ལ་འདྲི་ན་ཆོག་གི་རེད་གནང་གཏང་དེ་ཁྱེད་རྣམས་ལ་འགྲིགས་ཀྱི་ཡོད་ན་ང་མཚོ་མི་མང་ལ་འགྲིག་གི་མི་འདུག་།
    སངས་རྒྱས་སྐུ་ངོ་མ་གཅིག་བོད་གཅིག་ཡིན་པའི་ཧ་གོ་དགོས་། ད་འོ་ན་སྲིད་སྐྱོངས་གསུམ་བཞག་དང་།།།

    Reply
  2. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ང་གི་ཕྱིང་དེ་གསད་འདུག་། ཁྱེད་རང་རྣམས་པ་དངོས་གནས་གནས་ཚུལ་གསན་འདོད་མེད་ན་ལྕག་འཛུན་གཤད་ནས་མི་ཚེ་ཆོལ་གི་རེད་བས་། མཆོད་འཇོར་ཞི་འགོ་བསྐལ་བཟང་དོན་གྲུབ་ལ་ཨེ་ཀོག་ཅོག་ཞུས་མ་སོང་ལ་ང་ཡང་བདེན་གསུང་ནང་ཕྱིན་པ་ཡིན་

    Reply
  3. པ་སངས་བླ་མ་ says:
    ལོ་ 10 སྔོན།

    གཤམ་འོག་ཏུ་སྐལ་འཕྲིན་ལགས་ཀྱི་འབྲིས་པ་དེ་བདེན་པ་གཅིག་མི་འདུག་།
    ཨེ་ཤི་ཡ་གསར་འགོད་པ་བོུ་ཟླ་བ་སྒྲོལ་མ་ལགས་ཕྱི་ལོག་ལམ་ཆེན་ཟུར་འདུག
    བ་ཡུལ་དོན་གཅོད་དང་འཕགས་ཤིང་ས་འཐུས་ཚོགས་གཙོ་བློ་བཟང་རབ་རྒྱས་ལགས་དང་
    བ་ཡུལ་དམག་མི་མཉམ་དུ་བཀའ་མོལ་མང་པོ་གནང་སོང་། འབའ་བུ་སྐལ་བཟང་དོན་གྲུབ་དེ་དུས་གཟུང་མི་འདུག་
    དེ་འོག་ལ་གནས་ཚུལ་ངོ་མ་མང་པོ་ཡོད་འདི་ནང་འབྲི་གི་མེན་

    Reply
  4. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ལྷོད་ཡངས་མ་རེད་། ངོ་མ་ཞུས་ན་མགོ་འཁྲིད་ལྗོན་ཐང་དང་བ་ཡུལ་གཞུངས་ལ་འབྲེལ་བ་ཆེ་ཆུང་གི་རེད་འདུག་།

    Reply
    • འབྲོང་བུ་སོག་ཚ། says:
      ལོ་ 10 སྔོན།

      བལ་ཡུལ་གཞུང་ལ་འབྲེལ་བ་ཆེ་ཤོས་དེ་རྒྱ་ནག་གཞུང་རེད། ད་ཁྱེད་ཚོ་གང་བྱེད་ཀྱི་ཡིན།

      Reply
  5. སྐར་མདའ། says:
    ལོ་ 10 སྔོན།

    ཁྱེད་ཅག་གིས་གསལ་བསྒྲགས་གནང་བ་ཧ་ཅང་གི་བཟང་མོད། ཡིན་ན་ཡང་། ཅུང་ཁ་མི་གསལ་བ་དང་། དོན་དག་ཡོངས་སུ་འཐུས་མེད་པའི་གནད་འགག་ཅིག་ངས་མཐོང་སྟེ་གསལ་འདེབས་བྱ་འདོད་བྱུང་། ༡)བལ་ཡུལ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དོ་དམ་པ་ས་གནས་འགོ་འཛིན་དེ་རིང་ཞོགས་པ་སྔ་བོ་ཆུ་ཚོད་དྲུག་པའི་སྟེང་ནས་མཆོད་རྟེན་ཉེན་རྟོག་པ་ཁོང་གི་གཟིམ་ཤག་ལ་ཡོང་སྟེ་འཛིན་བཟུང་བཙན་ཁྲིད་བྱས།

    ༢)ཆུ་ཚོད་དགུ་བའི་སྟེང་༧རྒྱལ་བའི་འཁྲུངས་སྐར་རྟེན་འབྲེལ་འགོ་འཛུགས་བྱ་དགོས་མོད། འོན་ཀྱང་སྲོང་བཙན་སློབ་གྲྭའི་རྒྱབ་མདུན་གཉིས་ཀྱི་སྒོ་ཆེན་བཀག་སྟེ་བོད་མི་གཅིག་ཀྱང་ནང་དུ་བཏང་མེད།

    ༣)བོད་མི་ཚོས་ཐབས་བྱས་གང་ཡོད་བཏོན་ནས་སློབ་གྲྭའི་རྩིགས་པ་འཛེགས་ཏེ་ནང་ལ་འགྲོ་ཐབས་བྱས་ཡོད།
    དུས་ཚོད་གང་མཚམས་ཤིག་ནས་སློབ་གྲྭའི་རྒྱབ་ཀྱི་སྒོ་ཆེན་ཕྱེ་བ་དང་སྟབས་བསྟུན་ནས་བོད་མི་མང་པོ་ཞིག་གིས་གཅིག་གིས་གཅིག་ལ་བརྡ་བརྒྱབ་སྟེ་མང་པོ་ཞིག་ནང་དུ་འཛུལ་ཐུབ་པར་བྱུང་ཡོད།

    ༤)ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་ཡེ་མས་ཤིག་ནས་སློབ་གྲྭའི་མདུན་སྒོ་ནས་བོད་ལྭ་གྱོན་མཁན་གྱི་བོད་མི་རྒན་གཞོན་སུམ་ཅུ་ཙམ་ཞིག་བཙན་གྱིས་གཅིག་རྗེས་གཉིས་མཐུད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས། ད་དུང་སྐབས་དེར་བོད་མི་ན་གཞོན་ཞིག་ལ་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་ཡོད།

    གོང་དུ་ཞུས་པའི་ས་ནས་འགོ་འཛིན་ཉེན་རྟོག་ལས་ཁུང་ནང་ནས་ཉེན་རྟོག་པས་བཅར་རྡུང་དྲག་པོ་སྟུད་མར་བྱས་པའི་གནས་ཚུལ་སྐུ་ཡི་འཁྲུངས་སྐར་སྲུང་རྩི་བྱེད་སར་ཁ་དཔར་བརྒྱུད་དེ་ཡང་ཡང་ཐོས་འོང་དུས། བྱེད་སྒོ་མཚམས་མི་འཇོག་ཐབས་མེད་དུ་ཆགས་པ་རེད། འདི་དག་ཧ་ཅང་གི་ཁ་གསལ་ཡིན། ང་ཡང་གནས་ཚུལ་འདི་ལྷག་ས་ན་ཡོད་པས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese