མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོང་བཅད་ཀྱི་ཟས་དོད་ཞལ་འདེབས་སུ་བསྡུ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་རྒྱ་མཚོའི་ཆུ་ཐིགས་ཟེར་བའི་ལས་འགུལ་ཞིག་སྤེལ་ཏེ་རང་ལོ་ ༡༢ ཡན་གྱི་བཙན་བྱོལ་བོད་མི་ཚང་མས་ཟླ་རེའི་བོད་ཚེས་ ༡༥ ཉིན་གྱི་དགོང་བཅད་ཟས་དོད་ཞལ་འདེབས་སུ་བསྡུས་ཏེ་སློབ་ཡོན་སྤྲོད་རྒྱུ་ཡིན་སྐོར་བརྗོད་སོང་།

IMG20160719110828 (1)དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ དྷ་ས་མེག་གྷན་དབུས་གཙང་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། སྐུ་ཞབས་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་ཚུད་པའི་ཚོགས་མི་བདུན་གྱིས་རྒྱ་བལ་འབྲུག་གསུམ་གཙོས་པའི་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ནང་“རྒྱ་མཚོའི་ཆུ་ཐིགས”ཅེས་པའི་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྩིས་ཡོད་སྐོར་བརྗོད་སོང་།

གསར་འགོད་ལྷན་ཚོགས་ཐོག་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས། རྒྱ་མཚོའི་ཆུ་ཐིགས་ཞེས་པའི་ལས་འགུལ་དེ་ལོ་ ༤ ཡི་སྔོན་ནས་བཟུང་སྤེལ་མགོ་བརྩམས་ཤིང་། ལས་འགུལ་དེ་བོད་མི་རིགས་ཤེས་ཡོན་གྱིས་ཕྱུག་པའི་ལམ་དུ་འཁྲིད་ཐུབ་པའི་ལས་གཞི་ཞིག་ཡིན་ལ། བོད་པར་ཤེས་ཡོན་ཡོད་པ་མ་རེད་ཟེར་ན་ཡོད་ཀྱང་སྤུས་ཚད་ལྡན་པའི་ཤེས་ཡོན་ཞིག་མེད་པ་དང་། རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ་ཁྲོད་ཟླ་རེའི་བོད་ཚེས་བཅོ་ལྔའི་ཉིན་དགོང་བཅད་བྱེད་དགོས་པ་དང་། དགོང་བཅད་བྱས་ན་ཆོས་ཕྱོགས་ནས་ཡག་པོ་ཞེ་དྲགས་ཡིན་པ་དང་། དེ་བཞིན་འཕྲོད་བསྟེན་གྱི་ཐོག་ནས་དཔེ་ཡག་པོ་ཡིན་ལ། དེའི་གྲུབ་འབྲས་ཀྱིས་བོད་མི་རིགས་འདི་ཤེས་ཡོན་གྱིས་ཕྱུག་པའི་ལམ་དུ་འཁྲིད་ཡོང་དུས། ལས་ཀ་དེ་ལས་བཟང་བ་ཞིག་ཕལ་ཆེར་མེད་ལུགས་དང་། རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ་ཆེད་ངོ་ཚ་སྤངས་ཏེ་ཁོང་སྲིད་སྐྱོང་གི་འོས་མིར་ལངས་བ་ཡིན་ལ། ཕན་ཐོགས་ཀྱང་གང་འཚམ་བྱུང་སྐོར་བརྗོད་སོང་།

ཡང་ཁོང་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཆོས་དང་རིག་གཞུང་རྣམས་མ་འོངས་ལོ་ ༥༠ ནང་གནས་ཐུབ་པའི་ལས་འཆར་ཡག་པོ་ཞིག་ལོ་ལྔ་འདིའི་ནང་བསྒྲིག་དགོས་ཀྱི་ཡོད་པ་དང་། ཁོའི་ལས་འགུལ་དེ་མི་མང་གི་ངོས་ནས་སྤེལ་བའི་ལས་གཞི་ཆུང་ཆུང་ཞིག་ཡིན་ལ། ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་སྐད་འབོད་སོགས་ཀྱི་ལས་འགུལ་ནང་ཞུགས་མ་ཐུབ་པ་ལ་འཇིགས་སྐྲག་གཉིས་ཡོད་པ་དང་། འཇིགས་སྐྲག་དང་པོ་དེ་ང་ན་སོང་ན་དངུལ་གྱིས་འགྲོ་སོང་གཏོང་དགོས་པས། ཟ་ཁང་དང་ཚོང་ཁང་སྒོ་བརྒྱབ་ན་དཔེ་བསག་གི་རེད་ཟེར་བ་དང་། འཇིགས་སྐྲག་གཉིས་པ་དེ་ཕྲུ་གུ་སློབ་ཆེན་དུ་འགྲོ་སྐབས་སློབ་རིན་སོགས་སྤྲོད་དགོས་པ་རེད་ཟེར་བ་ཞིག་ཡོད་ཀྱང་། ད་ལྟ་ཡར་རྒྱས་ཞེ་དྲགས་ཕྱིན་ཚར་ཡོད་པས་སེམས་ཁྲལ་དེ་མ་བྱས་ན་མ་འགྲིག་པ་མེད་པ་དང་། ཕྲུ་གུ་སོ་སོ་ལ་ནུས་པ་ཡོད་ན་རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ་བརྒྱུད་མ་འོངས་པར་སློབ་ཡོན་རག་པའི་གོ་སྐབས་བཟང་པོ་ཞིག་ཡོད་སྐོར་དང་། མ་འོངས་པར་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པ་དེ་ད་ལྟ་ལས་ལྷག་པའི་འཛམ་གླིང་ནང་ཞི་བདེ་བསྐྲུན་མཁན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང་དམིགས་ཡུལ་བཟུང་སྟེ། རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ལ་གྲུབ་འབྲས་འཐོན་རྒྱུ་གསལ་པོ་ཡིན་ལུགས་བརྗོད་སོང་ལ། དྲི་བ་དྲིས་ལན་གྱི་སྐབས་སུ་ཁོང་གིས་ཞལ་འདེབས་ཀྱི་དངུལ་རྣམས་མ་འོངས་པར་ཤེས་རིག་ལས་ཁུངས་ལ་ཕུལ་ཏེ་སློབ་ཕྲུག་ཚོར་སློབ་ཡོན་དུ་སྤྲོད་རྒྱུ་ཡིན་སྐོར་བརྗོད་སོང་།

ཁོའི་བསྒྲགས་གཏམ་གྱི་ནང་དུ། རྒྱ་མཚོའི་ཆུ་ཐིགས་ཅེས་པའི་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་དེའི་དགོས་དམིགས་གཙོ་བོ་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས། མ་འོངས་རེ་བ། ཤེས་ཡོན་སློབ་གསོ་དང་བོད་དོན་ལས་འགུལ་བཅས་ཀྱི་ནུས་སྟོབས་གོང་སྤེལ་དུ་གཏོང་ཐབས་ཤིག་ཡིན་སྐོར་དང་། རང་ལོ་ ༡༢ ཡན་གྱི་བོད་མི་ཚང་མས་ཟླ་རེའི་བོད་ཚེས་ ༡༥ ཉིན་དགོང་བཅད་བྱས་ཏེ། ཟླ་རེར་ཧིན་སྒོར་ ༣༠ རེ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཚོས་ཟླ་རེར་ཨ་སྒོར་ ༡༠ རེ་ཞལ་འདེབས་སྤྲོད་དགོས་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 4

  1. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    བོད་པ་ཚང་ཚེ་གཅིག་ལ་ཞལ་འདེབས་འདྲ་བསྡུ་ནས་སྡོད་ཨ། པགས་པ་འདྲ་བཤུས་ནས་སྡོད།

    Reply
  2. པ་སངས་བླ་མ་ says:
    ལོ་ 10 སྔོན།

    བཀྲ་ཤིས་སྟོབས་རྒྱལ་ལགས་བོད་མི་རིགས་ཤེས་ཡོན་དང་བོད་ཀྱི་ཆོས་དང་རིག་གཞུང་སྤུས་ཚད་ལྡན་པ་གཅིག་ལ་གཞུང་
    གིས་ལས་བྱེད་མཚོའི་དེ་ལ་གོད་སྐབས་སྤྲེད་ཀྱི་རེད་བས? སློབ་སྦྱོང་དང་ལགས་ཤེས་མེད་ནས་བོད་པ་མཚོ་རྗེས་ལ་ལྷག་མི་འདུག ལུང་མཚན་ལ་མཐེན་འཆེར་དང་མི་རིགས་ལ་གདངས་ཟུགས་ཁོ་ནའི་བོད་མི་རིགས་རྗེས་ལ་ལྷག་འདུག དངས་ལངས་པ་བཀྲིས་སྟོབས་རྒྱལ་ལགས་བ་ཡུལ་ནང་༧གོང་ས་མཆོག་སྐུའི་ཁྲུངས་སྐར་ལ་བོད་ཀྱ་ིརིག་གཞུང་ལག་་ཤེས་གུར་གཅིག་ནང་མི་གྲངས་༢༠༠ནས་༣༠༠བར་ཤུང་བའི་གུར་ལྔ་གླ་མེད་ཕུབ་མ་བཅུག་ནས་བལ་པོའི་ཆུ་ཤོག་གུར་ལ་འབུམ་བཅུ་སྤྲེད་འདུག ཡང་གུ་རུ་འབུམ་ཚོགས་ལ་བོད་གུར་ཚེམས་བཟོ་ཁང་ལ་འབུམ་གཅིག་ལ་མ་སྤྲེད་ནས་ཡུལ་མི་ལ་༢༥༠༠༠ཡར་དཔར་ནས་༡༢༥༠༠༠སྤྲེད་སོང་། ད་ཁྱེད་རང་མཚོའི་རིགས་གཞུངས་ཁ་ལ་འཁྱེར་ནས་རང་གི་དངུལ་ཁུག་བརྒྱངས་ཅས་རེད་འདུག བོད་པས་བཟོས་པའི་གུར་དེ་མི་མང་ལྟད་མོ་ལྟ་མཆོག་པའི་གུར་རེད་འདུག ད་འདུང་རིག་གཞུང་ལག་ཤེས་ཁ་གཅིག་པོ་རེད་འདུག བོད་པས་གུར་དེ་རྒྱལ་སྤྱི་མཚོང་དོན་ཁང་ལ་ཡང་འགྲེན་འདུར་བྱེད་འདུག ད་ང་རང་མཚོའི་བྱེད་གཏང་དེ་འགྲིག་གི་རེད་མ་རེད་?

    Reply
  3. བསྟན་འཛིན་ཏྲི་ says:
    ལོ་ 10 སྔོན།

    ཧ་ཧ་ མ་འོང་ ༧ སྐུ་ཕྲེང་བཅུ་བཞི་༼༡༤༽པ་ཆེན་པོ་ཆོོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ ལས་ལྷག་པ་།།

    ཨ་ཁུ་ལགས་ བསམ་བློ་བཏོང་།བསྟ

    Reply
    • ལྐུགས་བཟོ། says:
      ལོ་ 10 སྔོན།

      ད་ཁོ་རེ་བློ་ལྷོད་པོ་ངང་སཽས་ཚོ་རྟེན་ལས་ཀ་གང་ཡོད་པ་བྱས་ཏེ་བསྡད་ན་སྙམ། མ་དགོས་ལས་ཅིག་ལམ་ལྷོང་མ་སོང་བ་དེའི་རྗེས་འདེད་ལྟ་བུ་ཡོང་རྒྱུ་སྤུ་ཙམ་མེད་པ་གང་བྱས་ཀྱི་ཡོད། བོད་སྤྱི་པའི་དོན་དེ་ཁྱེད་འདྲ་བོ་ལས་རྙོགས་འདི་ནས་ཐུབ་ཀྱིས་རེད་བསམ་པའི་རེ་བ་མེད། མ་དགོས་མ་འོངས་དངུལ་གྱི་ཐོག་རྙོགས་དགྲ་གང་འདྲ་ཡོང་རྒྱུ་ཡིན་པ་ཕལ་ཆེར་མིག་མཐོང་ལག་གསལ་རེད། བོད་མི་ཚོ་ཡང་ལྐུག་པ་མ་རེད། ད་ཚོགས་པ་མང་པོ་འདུག་ དེ་ཚོའི་སྤྱི་པ་ཕན་པའི་ལས་ཀ་སྣ་གཅིག་བྱས་མ་སོང་། ཙུག་གི་ཞོག་ སྡོད་ཅིག

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese