མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་འགྲན་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་གཞི་གཙོ་བོར་དམངས་གཙོ་ཚོགས་པའི་འོས་མི་ལྕམ་ཧེ་ལ་རེ་དང་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཊི་རུམ་ཕི་རྣམ་གཉིས་ཀྱི་འོས་འགྲན་རྣོ་ངར་ཅན་དུ་འགྱུར་བཞིན་ཡོད།

donald-trump-hillary-clintonཨ་རི་ནི་མངའ་སྡེ་ ༥༣ མཉམ་འབྲེལ་གྱིས་གྲུབ་པའི་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཐོག་མའི་མི་རིགས་དང་ཤེས་རིག་དར་ཚུལ་གྱི་ལོ་རྒྱུས་ལྟར་ན། གླིང་ཆེན་ཨ་མི་རི་ཀ་རང་དུ་བྱུང་བའི་གདོད་མའི་མི་རིགས་འཚོ་སྡོད་བྱེད་ཅིང་། ཕྱི་ལོ་ ༡༤༩༠ ཙམ་ནས་དེང་གི་ཡུ་རོབ་གླིང་ནས་ཡོང་བའི་མི་རིགས་དཀར་པོས་དབང་བསྒྱུར་ཏེ་དབྱིན་ཇི་བཙན་རྒྱལ་གྱི་མངའ་འོག་ཏུ་ཤོར། ཕྱི་ལོ་ ༡༧༧༤ ལོར་ཨ་རིའི་མི་མང་གིས་དབྱིན་ཇིའི་སྲིད་གཞུང་ལ་དཔྱ་ཁྲལ་འཇལ་འདོད་མེད་པའི་ངོ་རྒོལ་བྱས་ཏེ་གསར་བརྗེ་ལས་འགུལ་བསླངས། ཕྱི་ལོ་ ༡༧༧༦ ལོར་དེང་གི་ཨ་རི་དབྱིན་ཇིའི་དབང་འོག་ནས་རང་བཙན་བྱས་པ་མ་ཟད། ལོ་དེའི་ཟླ་ ༧ ཚེས་ ༤ ཉིན་རང་བཙན་གསལ་བསྒྲགས་སྤེལ། སྐབས་དེ་ནས་བཟུང་རྒྱལ་སྤྱིའི་སྟེང་མངའ་སྡེ་མཉམ་འབྲེལ་གྱིས་གྲུབ་པའི་ཨ་རི་ནི་རང་བཙན་རང་བདག་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་པ་རེད།

ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགྲོ་སྟངས་ལྟར་ན། ཨ་རིའི་མངའ་སྡེ་ ༥༠ ནས་འཐུས་མི་གཉིས་རེ་ཁྱོན་འཐུས་མི་ ༡༠༠ ཡིས་གྲུབ་པའི་གྲོས་ཚོགས་གོང་མ་ (Senate) དང་། མངའ་སྡེ་སོ་སོའི་མི་གྲངས་གཞིར་བཟུང་གིས་འཐུས་མི་ ༤༣༥ ཡིས་གྲུབ་པའི་གྲོས་ཚོགས་འོག་མ་ (House of Representatives) གཉིས་ཀྱི་སྒྲིག་འཛུགས་འོག མངའ་སྡེ་སོ་སོ་ནས་སྲིད་འཛིན་འོས་མི་འདོན་གྱི་ཡོད་ནའང་། གལ་ཏེ་གྲོས་ཚོགས་གོང་འོག་གཉིས་གཙོས་པའི་མང་མོས་འོས་གཞིར་རྒྱབ་སྐྱོར་གནང་མཁན་མངའ་སྡེ་གཞན་གསུམ་བཅས་ཀྱི་འཐུས་ཚབ་ ༥༣༨ ཀྱིས་གྲུབ་པའི་ཨ་རིའི་སྲིད་འཛིན་འོས་མི་འདེམས་སྒྲུག་ལྷན་ཚོགས་ (United States Electoral Colleg) ནས་བཏོན་པའི་འོས་མི་རྣམས་ཀྱི་འོས་གྲངས་ ༢༧༠ མ་ཟིན་པ་ཡིན་ན། གྲོས་ཚོགས་འོག་མས་སྲིད་འཛིན་འོས་མི་འདོན་སྲོལ་ཡོད་པ་དང་། ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་ལོ་ ༤ རེའི་ནང་ཐེངས་རེར་འདེམས་སྐོ་བྱེད་ཀྱི་ཡོད་འདུག

ད་ལོའི་སྐབས་ ༥༨ པའི་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་བསྡུ་ཆེན་མོའི་ཁྲོད་ཐོག་མར་དམངས་གཙོ་ཚོགས་པའི་ (Democratic Party) སྔོན་འགྲོའི་སྲིད་འཛིན་འོས་མིར་འགྲན་ཞུགས་གནང་མཁན་མི་ ༦ བྱུང་བའི་གྲས་ནས་འོས་གཞི་གཙོ་བོར་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ (Hillary Clinton) མཆོག་དང་། སྤྱི་མཐུན་ཚོགས་པའི་ (Republican Party) སྲིད་འཛིན་འོས་མིར་འགྲན་ཞུགས་གནང་མཁན་མི་ ༡༧ བྱུང་བའི་གྲས་ནས་འོས་གཞི་གཙོ་བོར་སྐུ་ཞབས་ཌོ་ནལ་ཌི་ཊི་རུམ་ཕི་ (Donald Trump)མཆོག དེ་བཞིན། ངལ་རྩོལ་ཚོགས་པའི་ (Libertarian Party) སྲིད་འཛིན་འོས་གཞིར་སྐུ་ཞབས་གྷ་རེ་རྗོན་སོན་ (Gary Johnson) ལགས་དང་གྷི་རན་ཚོགས་པའི་ (Green Party) སྲིད་འཛིན་འོས་གཞིར་ལྕམ་རྗེལ་སི་ཊེན་ (Jill Stein) ལགས་བཅས་རྣམ་པ་ ༤ བཏོན་ཡོད་ཀྱང་། རེ་བ་ཆེ་ཤོས་དང་མི་ཚང་མས་དོ་སྣང་བྱེད་ཡུལ་གཙོ་བོ་ནི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་གཉིས་ཆགས་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་ད་ལྟའི་ཆར་ཨ་རིའི་གྲོང་ཁྱེར་དང་མངའ་སྡེ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་རྒྱུ་ཡིན་འདུག

ལྕམ་ཧེ་ལ་རེ་ཁི་ལེན་ཊོན་མཆོག་ནི། ཕྱི་ལོ་ ༡༩༤༧ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་ཆེ་ཁ་གྷོ་ (Chicago) ནས་སྐྱེས་ཤིང་། སྔ་རྗེས་སུ་ཝིལ་ལི་སི་ལེ་ (Wellesley College) སློབ་ཆེན་དང་ཡ་ལི་ཁྲིམས་ལུགས་སློབ་ཆེན་ (Yale Law School)སོགས་ནས་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༡༩༩༣ ཙམ་ནས་ཨ་རིའི་ཆབ་སྲིད་ལས་སྒོར་ཞུགས་ཏེ། ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ བར་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཤིང་། ཕྱི་ལོ་ ༢༠༠༨ ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བདམས། ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ བར་སྐབས་ ༦༧ པའི་ཨ་རིའི་རྒྱལ་དོན་དྲུང་ཆེ་གྱི་འགན་བཞེས།

ཧེ་ལ་རེ་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་གཙོ་བོ་འབྱོར་འབྲིང་གྲལ་རིམ་པའི་ཡོང་འབབ་མཐོར་འདེགས་དང་བུད་མེད་ཀྱི་ཐོབ་ཐང་གོང་སྤེལ། ཨ་རིའི་སྲིད་འཛིན་འོས་མིའི་འགྲོ་གྲོན་སྒྲིག་འཛུགས་བཅོས་བསྒྱུར། དེ་བཞིན། ཡུལ་གྱར་མི་མང་ལ་ཨ་རིའི་མི་སེར་ཐོབ་ཐང་སྤྲོད་རྒྱུ་དང་མཚན་མཐུན་གཉེན་སྒྲིག་གི་ཐོབ་ཐང་སྲུང་སྐྱོབ། བྱིས་པའི་སློབ་གསོ་དང་ཕ་མའི་དཀའ་ངལ་ལ་མཐུན་འགྱུར་གནང་རྒྱུ་བཅས་ཡིན་ཞིང་། དགག་བྱ་གཙོ་བོ་དེ་སྔོན་ཨ་རིའི་རྒྱལ་དོན་དྲུང་ཆེའི་ལས་ཡུན་སྐབས་སུ། མོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་མི་སྒེར་གྱི་མིང་ཐོག་ནས་གློག་འཕྲིན་ཁ་བྱང་བེད་སྤྱོད་བྱས་པའི་གནད་དོན་ཡིན་པ་དང་། འདས་ལོའི་ཟླ་ ༤ ཚེས་ ༡༢ ཉིན་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ལགས་སྐབས་གཉིས་པའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལངས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཞིང་། ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་དམངས་གཙོ་ཚོགས་པའི་ངོས་ནས་མོ་སྐབས་ ༥༨ པའི་ཨ་རིའི་སྲིད་འཛིན་འོས་གཞིར་བཏོན་ཡོད་པ་རེད།

འབྱོར་ལྡན་པ་སྐུ་ཞབས་ཊི་རུམ་ཕི་མཆོག་ནི། ཕྱི་ལོ་ ༡༩༤༦ ལོར་ནེའུ་ཡོག་གྲོང་ཁྱེར་གྱི་ཁུན་སི་ (Queens) གླིང་ཕྲན་དུ་སྐྱེས་ཤིང་། སྔ་རྗེས་སུ་ཧྥོར་ཌམ་གཙུག་ལག་སློབ་ཆེན་ (Fordham University) དང་ཕིན་སེལ་ཌ་ནེ་ཡ་གཙུག་ལག་སློབ་ཆེན་ (University of Pennsylvania) སོགས་ཀྱི་དཔལ་འབྱོར་སྡེ་ཁག་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༧༡ ཙམ་ནས་མན་ཧ་ཊན་ (Manhattan) གླིང་ཕྲན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་ཞིང་། ཕྱི་ལོ་ ༡༩༨༠ ལོར་གསོལ་མགྲོན་ཁང་ (Grand Hyatt) གཉེར་ཏེ་འབྱོར་ཕྱུག་དང་མིང་གྲགས་རྒྱས། ཕྱི་ལོ་ ༢༠༡༥ ལོའི་ ༦ ཚེས་ ༡༦ ཉིན་ཁོས་ཐོག་དང་པོར་སྤྱི་མཐུན་ཚོགས་པའི་མིང་ཐོག་ནས་ཨ་རིའི་སྐབས་ ༥༨ པའི་སྲིད་འཛིན་འོས་མར་ལངས་པ་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་ཟླ་ ༧ ཚེས་ ༡༩ ཉིན་སྤྱི་མཐུན་ཚོགས་པའི་ངོས་ནས་ཁོ་སྐབས་ ༥༨ པའི་སྲིད་འཛིན་འོས་གཞིར་བཏོན་ཡོད་པ་རེད།

སྐུ་ཞབས་ཊི་རུམ་ཕི་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་གཙོ་བོ་ཨ་རིའི་རྒྱལ་ནང་དུ་འབྱུང་བཞིན་པའི་དཔལ་འབྱོར། ཡུལ་གྱར། ཚོང་དོན་དང་འཇིགས་སྐུལ་དྲག་སྤྱོད་སོགས་ཀྱི་དཀའ་རྙོག་སེལ་ཏེ། འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་གཙོ་བོ་མིན་པར། ཨ་རིའི་མི་མང་དང་རྒྱལ་ཁབ་གཙོ་བོར་འཛིན་རྒྱུ་དེ་ཡིན་པ་དང་། དགག་བྱ་གཙོ་བོ་ཨ་རིའི་སྲིད་ཚོགས་ཕན་ཚུན་བར་གྱི་འཐེན་འཁྱེར་དང་ངོ་རྒོལ། ལྷག་པར་དུ་ཨ་རིའི་ཁ་གཏད་དུ་གྱུར་བའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ (Putin) དང་འབྲེལ་བ་ཟབ་མོ་ཡོད་པའི་སྐོར་རེད།

གསར་འགོད་པ། པདྨ་རྒྱལ་གྱིས་སྒྲིག་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese