མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོང་གི་ཁེ་བཟང་ཐོག་བོད་པའི་འགན་ཡང་ངེས་པར་དུ་ཐུཊ་ལ་འཇོག་རོཊ།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་དེ་གནའ་དེང་ཟུང་འབྲེལ་གྱི་བོད་ཆས་བཟོ་ཚོང་ཁང་སྐེ་རགས་ཞེས་པ་དང་ལྡི་ལི་རྐང་འཁོར་གཡར་གླ་ཚོང་གཉེར་ཁང་གཉིས་ལ་ཐོབ་སྟེ་ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀ་རེ་གནང་བ་གསལ་བསྒྲགས་བྱས་སོང་།

1བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཉིན་གྲངས་ ༢ རིང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཚོགས་ཏེ་ཁ་སང་ཕྱི་དྲོར་མཇུག་སྒྲིལ་ཡོད་པ་དང་། མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཏེ། ཐེངས་འདིའི་འདུ་འཛོམས་ཐོག་གདན་ཞུས་གནང་བའི་གཏམ་བཤད་པ་དང་། བགྲོ་གླེང་གནང་མཁན། དེ་བཞིན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་སྡུར་གྱི་འདེམས་སྒྲུག་པ་རྣམས་ལ་མཇལ་དར་དང་ཕྱག་རྟགས་གནང་བ་དང་། འདི་ལོའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཀྱི་འགྲན་སྡུར་ནང་ཞུགས་མཁན་བོད་རིགས་ཚོང་པ་ ༩ ལ་མཇལ་དར་དང་། སྔོན་འགྲོའི་སྐྱེད་སྲིང་སྦྱོང་བརྡར་ཐོན་པའི་ཡར་ཐོན་ཚོང་པ་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་གནང་སོང་བ་དང་། འདི་ལོའི་ཡར་ཐོན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་དེ་གནའ་དེང་ཟུང་འབྲེལ་གྱི་བོད་ཆས་བཟོ་ཚོང་ཁང་སྐེ་རགས་(Keraa)ཞེས་པ་དང་། ལྡི་ལིར་ཡོད་པའི་རྐང་འཁོར་གཡར་གླ་ཚོང་གཉེར་ཁང་(Delhi By Bike)གཉིས་ལ་ཐོབ་སྟེ། ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀ་རེ་གནང་བ་གསལ་བསྒྲགས་བྱས་སོང་།

སྲིད་སྐྱོང་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། བོད་མི་རྒན་པ་ཚོང་ལས་གཉེར་མཁན་ཚོས་རྒྱ་གར་གྱི་ཚོང་པ་ཚོར་ཆ་འཇོག་ཆེན་པོ་བསྐྲུན་ཐུབ་ཡོད་པ་ལྟར། གཞོན་སྐྱེས་ཚོང་པ་ཚོས་ཀྱང་བཟང་སྤྱོད་ལྡན་པའི་ཐོག་ནས་སྔར་གྱི་ཆ་འཇོག་རྣམས་མ་བརླག་ཅིག་གནང་གལ་ཆེ་བའི་སྐོར་ལམ་སྟོན་གནང་དོན། མི་ཐོག་རྒན་པ་ཚོས་རྒྱ་གར་གྱི་ལག་ནས་དངུལ་དང་སོ་ཌ་(Sweater)བླངས་ཏེ། ལོ་ལྟར་དངུལ་ཕར་སྤྲད་དེ་དྲང་པོ་དྲང་བཞག་དང་ལྷག་བསམ་རྣམ་དག་གི་ཐོག་ནས་ཚོང་བརྒྱབ་ནས་མི་ཡག་པོ་ཆགས་པར་བརྟེན། རྒྱ་གར་ངོ་མི་ཤེས་བ་ཞིག་གིས་དངུལ་(Crore)༤༠༠ ཡི་ནང་ནས་བརྒྱ་ཆ་ ༥༠ ཞིག་ང་ཚོར་གཡར་གྱི་ཡོད་པ་རེད། དེ་དངོས་གནས་མི་ཐོག་རྒན་པ་ཚོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་རེད། ད་ལྟ་འདི་ལ་ཡོད་པའི་ང་ཚོའི་ཚོང་པ་མང་ཆེ་བ་གཞོན་པ་རེད་འདུག་པས། ང་ཚོར་ཆ་འཇོག་ག་ཚོད་ཅིག་འདུག་མི་འདུག དེར་དགོངས་པ་བཞེས་དགོས་པ་དཔེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ཚོང་བརྒྱབ་ཡོང་དུས་ཚོང་རྟགས(Brand) ཆ་འཇོག་(Credibility)དཔེ་གལ་ཆེན་པོ་རེད། ད་ལྟ་མང་ཆེ་བས་ལེགས་བཅོས་(Innovation )དང་གསར་གཏོད་(Creativity) དེ་ཚོ་མང་པོ་བཤད་ཀྱི་ཡོད་ཀྱང་། དངོས་གནས་ཚོང་གི་ཕུགས་བརྟན་པོ་ཡོང་བར་ཚོང་རྟགས་(Brand)དང་ཆ་འཇོག་ (Credibility) ངེས་པར་དུ་དགོས་པ་རེད། དེ་ཚོ་མེད་ན་ལོ་གཅིག་ལ་ཁེ་བཟང་རག་སྟེ་ལོ་གཅིག་ལ་ཁེ་བཟང་རག་གི་མ་རེད། ཅ་ལག་ལོ་གཅིག་ལ་ཉོས་ནས་ལོ་གཅིག་ལ་ཉོ་ཡི་མ་རེད། མི་ཐོག་རྒན་པར་ཆ་འཇོག་ཡོད་པ་དེ་དཔེ་རྩ་ཆེན་པོ་རེད། བོད་པར་སྤྱི་ཡོངས་ནས་ཆ་འཇོག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། མི་ཐོག་གཞོན་པ་ཚོར་ཆ་འཇོག་དཔེ་གལ་ཆེན་པོ་རེད། ཚོང་རྒྱག་དགོས་ལ། ཁེ་བཟང་བཟོ་དགོས་ཀྱི་ཡོད་པ་དེ་ཡིན་དང་ཡིན། འོན་ཀྱང་། མི་ཐོག་རྒན་པས་དཀའ་ལས་བརྒྱབ་སྟེ་གྲུབ་འབྲས་སྨིན་པའི་ཆ་འཇོག་དེ་བརླགས་པ་ཡིན་ན། ༧གོང་ས་མཆོག་ནས་བཀའ་སློབ་གནང་བའི་ཡ་རབས་བཟང་སྤྱོད་དགོས་གསུང་བ་དེ་གཙོ་བོ་དེར་ཟེར་གྱི་ཡོད་པ་རེད། དེ་རྣམ་པ་ཚོས་ཡིན་གཅིག་མིན་གཅིག་གིས་ཐུགས་ལ་ཉར་རོགས་གནང་། ཚོང་ཚོང་རེད། ཁེ་བཟང་གཙོ་བོ་རེད་ཅེས་ལབ་ན་འགྲིག་གི་ཡོད་པ་མ་རེད། ཚོང་གི་ཁེ་བཟང་ཐོག་བོད་པའི་འགན་ཡོད་པ་དེ་ཡིན་གཅིག་མིན་གཅིག་གིས་ཐུགས་ལ་འཇོག་རོགས་གནང་། ཞེས་གསུངས་སོང་།

ཡང་ཁོང་གིས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་གཉིས་ཀྱི་ཚོང་ལས་ཐད་གསུང་བཤད་གནང་སྐབས། ཁོང་རང་གཉིས་ལ་མ་དངུལ་རོགས་སྐྱོར་ཐོབ་པ་དེས་ཕྱོགས་གཅིག་ནས་འཕྲོད་བསྟེན་དང་ཕྱོགས་གཅིག་ནས་ང་ཚོ་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་པར་གནད་འགག་ཅིག་ཆགས་བསྡད་ཡོད་སྟབས། འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་རྗེས་སུ་ཡི་རང་ཞུ་ཡི་ཡོད་ཅེས་གསུངས་བ་དང་འབྲེལ། ཐེངས་འདིའི་འགྲན་སྡུར་ནང་ཞུགས་ཏེ་མ་དངུལ་རོགས་སྐྱོར་མ་ཐོབ་མཁན་ཚོས་ལོ་རྗེས་མར་འཆར་གཞི་ཡག་པོ་བསྒྲིགས་ཏེ། འགྲེལ་བཤད་སོགས་ཡག་པོ་བཟོས་ནས་ཡོང་བ་ཡིན་ན་རྗེས་མ་འཐོབ་ངེས་ཡིན་ལ། གལ་སྲིད་མ་འཐོབ་པ་ཡིན་ནའང་སོ་སོའི་འཆར་གཞི་དེ་ལམ་ལྷོང་མ་ཡོང་བ་དང་། ཡག་པོ་མིན་པས་ཁྱབ་ཀྱི་མེད་སྟབས། མུ་མཐུད་འབད་བརྩོན་གནང་བ་ཡིན་ན་ཡག་པོ་ཡོང་གི་ཡོད་སྐོར་དང་། ལས་རིགས་གཞན་གྱི་ནང་བུད་མེད་ཀྱིས་བརྒྱ་ཆ་མང་པོ་ཟིན་ཡོད་ཀྱང་། ཚོང་ལས་གཉེར་མཁན་ནང་བརྒྱ་ཆ་ ༡༥ ཙམ་ལས་མེད་སྟབས། མ་འོངས་པར་སྐྱེས་པ་ཚོང་པ་ཚོས་སོ་སོའི་ཨ་མ་ལགས་དང་བཟའ་ཟླ། དགའ་རོགས། བུ་མོ་བཅས་མཉམ་དུ་འཁྲིད་དེ་ཚོང་ལས་ཀྱི་ལམ་ལ་ཞུགས་ཐུབ་པ་ཡིན་ན། སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་སྐོར་དང་། གཞོན་སྐྱེས་རྣམས་སོ་སོའི་གཞིས་ཆགས་ཁག་ནང་འཁོར་བ་དང་འཕྲོད་བསྟེན་ཡར་རྒྱས་ཡོང་ཆེད། བོད་མིའི་གཞིས་ཆགས་ཁག་ཡོངས་རྫོགས་ཀྱི་ནང་དུ་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོའི་རྩེད་ཐང་། དེ་བཞིན་བྱ་སྒྲོའི་རྩེད་མོ་དང་སྒྲོམ་སྟེགས་སྤོ་ལོ་སོགས་རྩེད་ས་དང་། ལུས་སྦྱོང་ཁང་(Gym)། དཔེ་མཛོད་ཁང་། རང་ལས་ཟ་ཁང་(Cafeteria )སོགས་རྒྱག་འཆར་ཡོད་སྐོར་གསུངས་སོང་།

2གསར་འགོད་པས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་སྐེ་རགས་བཟོ་ཚོང་ཁང་གི་སྦྱིན་བདག་ཡེ་ཤེས་དཔལ་འབྱོར་ལགས་སུ། མ་དངུལ་གཟེངས་རྟགས་ཐོབ་པའི་སེམས་ཚོར་དང་མ་འོངས་འཆར་གཞི་ག་རེ་ཡོད་འདྲི་སྐབས་ཁོང་གིས། ཐོག་མ་དེར་བྱ་དགའ་ཐོབ་པ་ཙམ་གྱིས་སེམས་པ་སྐྱིད་པོ་དང་སེམས་ཤུགས་འདྲ་བོ་ཞེ་དྲག་སྐྱེད་བྱུང་། སྤྱིར་བཏང་ང་རང་ཚོས་ཡར་རེ་བ་ཞུས་པའི་དངུལ་དེ་ཏོག་ཙམ་ཆེན་པོ་ཡོད་པ་རེད། དེའི་ནང་ནས་བརྒྱ་ཆ་ ༣༠ ལྷག་ཅིག་ལས་ང་ཚོར་རག་མེད་ཀྱང་། མཁས་དབང་རང་གིས་ང་ཚོར་སྟངས་འཛིན་འདྲ་བོ་བྱས་ཏེ། ང་ཚོའི་ཚོང་གི་ངོ་བོར་གཟིགས་ནས་ཐག་གཅོད་གནང་ཡོད་པ་དང་། ང་ཚོའི་ཚོང་གི་ངོ་བོར་ངོས་འཛིན་བྱུང་བ་དེས་སེམས་ཤུགས་ཆེན་པོ་སྐྱེད་བྱུང་། ན་ནིང་ནས་ང་ཚོས་ཚོང་མགོ་བཙུགས་ཏེ་ཟླ་བ་ ༡༠ ལྷག་འགྲོ་ཚར་ཡོད་པ་དང་། ང་ཚོའི་འཆར་གཞི་དེ་མུ་མཐུད་ནས་འགྲོ་རྒྱུ་རེད་ལ། ཁོ་རང་ཚོའི་ངོས་ནས་ཆ་རྐྱེན་ཞིག་བཞག་ཡོད་པས་ཆ་རྐྱེན་དེ་ང་ཚོས་བསྒྲུབ་ཐུབ་སོང་ན་གཞི་ནས་ང་ཚོར་དངུལ་དེ་རག་གི་ཡོད་སྟབས། ཆ་རྐྱེན་བསྒྲུབ་རྒྱུ་དེ་ང་ཚོའི་འཆར་གཞི་གཙོ་བོ་ཡིན། ཞེས་ཟེར།

ཚོང་པ་གསར་པ་ཞིག་གི་ངོས་ནས་བཤད་ན་ཆ་རྐྱེན་དེ་ཚོ་འགྲུབ་ཁག་པོ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ཚོང་གི་ངོ་བོའི་ཐོག་ནས་བཤད་པ་ཡིན་ན། ཁོང་ཚོའི་ཆ་རྐྱེན་འཇོན་སྟངས་དེ་དངོས་ཡོད་ལ་རན་པ་ཞིག་དང་དགོས་མཁོ་དང་མཐུན་པ་ཞིག་ཏུ་མཐོང་སོང་། ཆ་རྐྱེན་དེ་ཚོ་སྒྲུབ་མི་ཐུབ་པ་དང་ཁག་པོ་འདྲ་བོ་མཐོང་མ་སོང་། ང་རང་ཚོའི་སེམས་ལ་མ་འཁོར་བ་ཞིག་ཁོང་ཚོས་བསམ་འཆར་བཏོན་པ་འདྲ་བོ་ཞིག་དང་། དངོས་གནས་ང་ཚོའི་ཚོང་ལ་ཕན་ས་རེད་བསམ་བསམ་ཞིག་ཚོར་སོང་། ཞེས་བརྗོད་བྱུང་།

ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། སྐེ་རགས་ཞེས་པའི་བཟོ་ཚོང་ཁང་དེ་གློག་ཀླད་ཆེད་སྦྱོང་བ་ཡེ་ཤེས་དཔལ་འབྱོར་ལགས་དང་། གསར་འགོད་རིག་པའི་ཆེད་སྦྱོང་བ་བྱམས་པ་བསྟན་དར་ལགས། ཚོང་ལས་ཆེད་སྦྱོང་བ་ལྷ་མོ་བཀྲ་ཤིས་ལགས་བཅས་མཉམ་འབྲེལ་གྱིས། ཐོག་མར་རྡེ་ར་རྡུན་དུ་སྐེ་རགས་ཞེས་པའི་བཟོ་བསྐྲུན་ཁང་ཞིག་བཙུགས་ཏེ། བོད་པའི་སྲོལ་རྒྱུན་གྱི་གྱོན་ཆས་རིགས་དང་དེང་དུས་དཔེ་གསར་བོད་ཀྱི་གྱོན་ཆས་རིགས། དེ་བཞིན་བོད་ཀྱི་བཟོ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཁུག་མ་རིགས་བཅས་བཟོ་ཡི་ཡོད་པ་དང་། ད་ལྟའི་ཆར་རྡེ་ར་རྡུན་དང་ལྡི་ལི་རུ་ཚོང་ཁང་གཉིས་བཙུགས་ཡོད་འདུག

3རྐང་འཁོར་གཡར་གླ་ཚོང་གཉེར་ཁང་གི་སྦྱིན་བདག་བསྟན་འཛིན་རྒྱལ་པོ་ལགས་སུ་མ་དངུལ་གཟེངས་རྟགས་ཐོབ་དུས་སེམས་ཚོར་ཅི་བྱུང་དང་། མ་འོངས་པར་རྐང་འཁོར་ཚོང་ལས་ཡར་རྒྱས་ཆེད་འཆར་གཞི་གསར་པ་ཅི་ཡོད་དྲིས་པར་ཁོང་གིས། ང་རང་ལ་རྔན་པ་དེ་རག་དུས་དགའ་བོ་ཞེ་དྲག་བྱུང་། ང་རང་གི་ལས་ཀ་ཡིན་ན་རེད། ལས་བྱེད་ཚོར་གླ་ཕོག་གིས་ཕན་ཐོགས་ཡོད་ནའང་རེད། དེ་བཞིན་རྐང་འཁོར་སྤྲོ་འཆམ་ཡིན་དུས་ཁོར་ཡུག་ཐོག་ལ་ཕན་ཐོགས་ཡོད་ནའང་རེད། ང་རང་གི་ཚོང་ལས་ལ་ཆེ་མཐོང་ཐོབ་པར་དཔེ་དགའ་བོ་བྱུང་།

སྔོན་མ་ངས་རྐང་འཁོར་ ༡༠ ནས་མགོ་བཙུགས་པ་དང་། ན་ནིང་ལོར་དེའི་སྒང་ལ་རྐང་འཁོར་ ༡༠ ཉོས་ཏེ་ཁྱོན་རྐང་འཁོར་ ༢༠ ཡོད་པ་དང་། ད་ལོར་རྔན་པ་རག་ན་རེད་མ་རག་ནའང་རེད། ཡང་བསྐྱར་རྐང་འཁོར་ ༡༠ ཉོ་བའི་འཆར་གཞི་ཡོད་ལ། ད་ལྟ་ང་ལ་རྔན་པ་རག་ཡོད་པས་ད་ལོ་རྐང་འཁོར་ ༡༠ ཉོ་རྒྱུ་དང་། ལོ་རྗེས་མར་ཡང་རྐང་འཁོར་ ༡༠ ཉོ་བའི་འཆར་གཞི་ཡོད། རྐང་འཁོར་སྤྲོ་འཆམ་གྱི་ཚོང་དེ་ང་ལ་ཕན་ཐོགས་ཞེ་དྲགས་འདུག་པས་མུ་མཐུད་དུ་གཉེར་རྒྱུ་ཡིན་ལ། ང་རང་ཚོང་དེ་གཉེར་ན་སྐྱིད་པོ་འདུག ལས་བྱེད་ཚོ་ལའང་གླ་ཆ་ཡག་པོ་སྤྲོད་ཐུབ་ཀྱི་འདུག ད་ལྟའི་ཆར་ང་རང་མ་རྩིས་ན་སྣེ་འཁྲིད་པ་གཉིས་དང་། རྒྱ་གར་བ་ལས་རོགས་མི་ ༣ བཅས་ཁྱོན་ང་ཚོ་མི་ ༦ ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese