བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་ ༡༦ པའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་ཚོགས་གཞོན་བསྟན་འཛིན་སྲི་གཅོད་ལགས། དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་བཅས་བསྐྱར་དུ་བདམས་ཏེ་ཁྱོན་དབུས་རྒྱུན་ ༡༠ འོས་འདེམས་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ པའི་ཉིན་ལས་ཉིན་མཐའ་མའི་ཕྱི་དྲོར། བོད་མིའི་སྒྲིག་འཛུགས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་ལགས་དང་། གཞོན་ནུའི་དབུས་རྒྱུན་ཟུར་པ་ཚུལ་ཁྲིམས་རྡོ་རྗེ་ལགས་གཉིས་ཟུར་དཔང་དུ་གདན་འདྲེན་ཞུས་ཏེ། དབུས་རྒྱུན་གྱི་ཆ་རྐྱེན་དང་འོས་འདེམས་ཀྱི་སྒྲིག་གཞི་སོགས་ངོ་སྤྲོད་གནང་རྗེས། ཚོགས་བཅར་བ་རྣམས་པས་མིང་འདོན་གནང་བའི་འོས་མི་ ༢༨ ཀྱི་མཚན་གཞུང་སྒྲོག་སྦྱངས་གནང་སྟེ་འོས་ཤོག་འཕངས་བ་བརྒྱུད། དབུས་རྒྱུན་སྐབས་སྔོན་མའི་ཚོགས་གཞོན་བསྟན་འཛིན་སྲི་གཅོད་ལགས་ལ་འོས་གྲངས་ ༩༧ དང་། སྐབས་སྔོན་མའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལ་འོས་གྲངས་ ༩༦། སྐབས་སྔོན་མའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ལ་འོས་གྲངས་ ༩༤། སྐབས་སྔོན་མའི་ཤེས་ཡོན་འགན་འཛིན་བཀྲ་ཤིས་དོན་འགྲུབ་ལགས་ལ་འོས་གྲངས་ ༨༢། ཉི་མ་གཡང་འཛོམས་ལགས་ལ་འོས་གྲངས་ ༦༩། བཀྲ་ཤིས་དར་རྒྱས་ལགས་ལ་འོས་གྲངས་ ༦༧། ངག་དབང་བློ་བཟང་ལགས་ལ་འོས་གྲངས་ ༦༥། སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༥༩ ། བདེ་སྐྱིད་ལྷ་ས་བ་ལ་འོས་གྲངས་ ༥༠། སྐབས་སྔོན་མའི་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ལ་འོས་གྲངས་ ༤༥ ོཐོབ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་ ༡༦ པའི་དབུས་རྒྱུན་དུ་གཏན་འབེབས་གནང་སོང་།
དེ་ནས་དབུས་རྒྱུན་རྣམ་པའི་ནང་ནས་ཚོགས་གཙོའི་འོས་མི་གསུམ་དང་ཚོགས་གཞོན་གྱི་འོས་མི་གསུམ། དྲུང་ཆེའི་འོས་མི་གསུམ་རེ་མིང་འདོན་གནང་སྟེ་འོས་ཤོག་འཕངས་བ་བརྒྱུད། བསྟན་འཛིན་འཇིགས་མེད་ལགས་ལ་འོས་གྲངས་ ༨༧ ཐོབ་སྟེ་ཚོགས་གཙོ་དང་། བསྟན་འཛིན་སྲི་གཅོད་ལགས་ལ་འོས་གྲངས་༨༦ ཐོབ་སྟེ་ཚོགས་གཞོན། བཀྲ་ཤིས་ལམ་བཟང་ལགས་ལ་འོས་གྲངས་ ༨༧ ཐོབ་སྟེ་དྲུང་ཆེ་རུ་བསྐོ་བཞག་གནང་སྟེ་ལས་འཁུར་དམ་བཅའ་ཕུལ་སོང་།
བསྐྱར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྩ་ཆེན་པོ་དང་གལ་ཆེན་པོ་འདིའི་ནང་བསྐྱར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་ཞུ་བའི་གོ་སྐབས་གནང་བ་དེར། ཁོང་ཕྱི་ལོ་ ༢༠༡༣ ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་འོས་འདེམས་བྱུང་སྐབས། ཁྱེད་རྣམ་པའི་ཡིད་ཆེས་དང་རེ་བ་འཕྲོ་བརླག་ཏུ་མི་འགྲོ་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ཞུས་ཡོད་པ་ལྟར། དེ་རིང་བསྐྱར་དུ་ཁྱེད་རྣམ་པའི་ཡིད་ཆེས་རྩ་བ་ནས་འཕྲོ་བརླག་ཏུ་འགྲོ་ཡི་མ་རེད་ཅེས་དམ་བཅའ་ཞུ་ཐུབ་ཀྱི་ཡོད་ཅེས་དང་། ཐེངས་འདིའི་ཚོགས་ཞུགས་པ་ཚང་མའི་སེམས་ལ་འཇོག་དགོས་པ་གལ་ཆེ་ཤོས་དེ། ད་ལྟའི་བར་ང་ཚོའི་སྒྲིག་འཛུགས་དང་འཐབ་རྩོད་སོགས་མུ་མཐུད་གནས་ཐུབ་པ་དེ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པ་གསལ་པོ་ཞེ་དྲག་ཡིན་སྟབས། སྐད་ཆ་བཤད་པ་ཡིན་ན་རེད། ལས་འགུལ་སྤེལ་བ་ཡིན་ནའང་༧གོང་ས་མཆོག་གོང་དུ་བཀུར་བའི་ཐོག་ནས་གནང་དགོས་པ་དེ་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་སྐོར་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།
གཞོན་ནུའི་དབུས་རྒྱུན་གསར་རྙིང་རྣམ་པར་བཀྲ་ཤིས་བདེ་ལེགས་ཡོད། འོན་ཀྱང་འདས་ཟིན་པའི་གཞོན་ནུའི་སྤྱི་ཚོགས་ལ་ཕྱི་མིག་ཅིག་བལྟས་ན། ཁྱེད་རྣམ་པས་དགྲ་དགའ་གཉེན་སྡུག་གི་བྱ་བ་མི་བྱེད་རྒྱུ་གལ་ཆེན་རེད། དེ་སང་སྤྱི་ཚོགས་ནང་རང་བཙན་ཁ་ལ་ཁྱེར་ནས་བྱ་སྤྱོད་ངན་པ་སྤེལ་མཁན་དང་། བོད་མིའི་སེམས་ནང་གི་ཉི་མ་སྟེ་༸གོང་ས་མཆོག་ལ་མཚན་སྨད་དང་། ཟུར་ཟ་བྱེད་མཁན་དང་གཞོན་ནུ་མཉམ་འབྲེལ་བྱས་བསྡད་པ་ཡིན་ན། མང་ཚོགས་རིམ་གྱིས་གཞོན་ནུ་ལ་རྒྱབ་ཀྱིས་ཕྱོགས་ངེས་རེད། དེ་མཁྱེན་པ་གནང་རོགས།
༅༅། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ལ་བཀྲིས་བདེ་ལེགས་ཡོད།
ཁྱེད་རྣམས་ནས་རྒྱུན་དུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བཀའ་དྲིན་ནམ་ཡང་མ་བརྗེད་པ་གནང་
རྒྱུ་ཤིན་ཏུ་ནས་གལ་ཆེ་བ་ཡིན་པ་དགོངས་འཇགས་ཞུ།
གངས་ཅན་བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱལ་རྒྱུར་གཅིག་
དགྲ་ལ་ངོམས་རྒྱུ་དང་། གཉེན་ལ་འཕྱར་རྒྱུ་དེ་ཁྱེད་ཚོ་རེད།
སེམས་པ་དྲང་པོ་དང། བློ་ཁ་གཡོ་མེད་གནས་དགོས།
ཁེ་ཎ་ཀྲ་ནས་འཇིགས་དབང་པས་ཕུལ།།