མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ནི་འཛམ་གླིང་ཕྱི་བཅོས་ཉིན་མོ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འཛམ་གླིང་ཕྱི་བཅོས་གསོ་ཐབས་ཉིན་མོ་དང་བསྟུན་ཏེ། གངས་སྐྱིད་བདེ་ལེགས་སྨན་ཁང་གི་ཉེ་འཁྲིས་སུ་ཡོད་པའི‘བོད་མིའི་ལུས་ཁམས་གསོ་བཅོས་ཁང’གིས་ཉིན་གཅིག་རིང་ལུས་ཕུང་གི་ཤ་གནད་དང་རྩ་རྒྱུས། རུས་ཚིགས་སོགས་ན་མཁན་དང་། གློ་བའི་སྙུང་གཞི་ཕོག་པའི་ནད་པ་བཅས་ལ་རིན་མེད་ཐོག་སྨན་བཅོས་བྱེད་བཞིན་ཡོད་འདུག

བོད་མིའི་ལུས་ཁམས་གསོ་བཅོས་ཁང་གི་སྨན་པ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བརྗོད་དོན། དེ་རིང་ནི་འཛམ་གླིང་ཕྱི་བཅོས་གསོ་ཐབས་ཉིན་མོ་ཡིན་སྟབས། བོད་མིའི་ལུས་ཁམས་གསོ་བཅོས་ཁང་གིས་ཉིན་གཅིག་རིང་རིན་མེད་ཐོག་བསྐུ་མཉེ་དང་སྦྱོར་རྫས་ (kinesio tape)། སྐམ་ཁབ་དང་གློག་བཀོལ་གསོ་ཐབས་ (electrotherapy) བཅས་ལ་བརྟེན་ནས་དྷ་ས་ཁུལ་དུ་གཟུགས་པོའི་རྩ་རྒྱུས་དང་ཤ་གནད། སྒལ་ཚིགས་དང་པུས་ཚིགས། སྐེ་ཚིགས་དང་ལག་ཚིགས་སོགས་རུས་ཚིགས་ཁག་ན་མཁན་དང་། ལྷག་པར་དུ་བདེ་ལེགས་སྨན་ཁང་དུ་སྡོད་པའི་གློ་བའི་སྙུང་གཞི་ཕོག་མཁན་ཚོའི་གཟུགས་ཁམས་གསོ་བཅོས་བྱེད་ཀྱི་ཡོད་པ་དང་། སྤྱིར་གཟུགས་པོའི་རྩ་རྒྱུས་དང་རུས་ཚིགས། ཤ་གནད་སོགས་ན་མཁན་མང་ཆེ་བ་ལོ་ལོན་རྒན་རྒོན་དང་ལས་ཁུངས་ཀྱི་རྐུབ་སྟེགས་སྟེང་ལས་ཀ་བྱེད་མཁན། དེ་བཞིན། རྩེད་མོ་རྩེ་མཁན་དང་ལུས་པོ་རྒྱག་པ་ཆགས་ཡོད་མཁན། ལྷག་པར་དུ་གློ་བའི་སྙུང་གཞི་ཕོག་མཁན་ཚོར་འབྱུང་གི་ཡོད་པ་དང་། ང་ཚོའི་སྤྱི་ཚོགས་ནང་ད་དུང་སྒལ་ཚིགས་དང་སྐེ་ཚིགས། དཔུང་རུས་དང་བཞིན་རས་སོགས་ཡོན་པ་དང་སྒུར་བ་བཅས་ཀྱི་དཀའ་ངལ་ཡོང་གི་ཡོད་སྟབས། ལུས་ཁམས་གསོ་བཅོས་ཁང་གིས་དམིགས་བསལ་དཀའ་ངལ་དེའི་རིགས་གསོ་བཅོས་གནང་གི་ཡོད་སྐོར་བརྗོད་སོང་།

ཁོང་གིས་བོད་མིའི་ལུས་ཁམས་བཅོས་ཁང་གི་ལས་གཞིའི་སྐོར་ལ། སྤྱིར་བཏང་ལུས་ཁམས་གསོ་བཅོས་སྨན་ཁང་དེ་འདྲ་ཞིག་སྒོ་ཕྱེས་པར། གསོ་དཔྱད་སྐོར་ལ་སློབ་སྦྱོང་བྱས་པ་ཙམ་གྱིས་མི་ཆོག་པར། ལག་ལེན་དང་ཉམས་མྱོང་གསོག་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཉམ་ཐག་ནད་པ་མང་པོས་སྨན་ཁང་ལ་སྐྱབས་བཅོལ་ཡོད་སྟབས། སྨན་ཁང་གིས་ཉམ་ཐག་ནད་པའི་དཀའ་སྡུག་སེལ་དགོས་རྒྱུ་ཡོད་པ་དང་། བོད་མི་མང་པོ་ཞིག་གིས་ང་ཚོའི་སྤྱི་ཚོགས་ནང་སྨན་བཅོས་ལྟ་སྐྱོང་གི་ཞབས་ཞུ་སྒྲུབ་འདོད་ཡོད་ནའང་། མཐུན་རྐྱེན་དང་རྒྱུ་རྐྱེན་དུ་མའི་དབང་གིས། ཁོང་ཚོས་ཞབས་ཞུ་སྒྲུབ་ཐུབ་ཀྱི་མེད་པ་དང་། བོད་མིའི་ལུས་ཁམས་གསོ་བཅོས་ཁང་གིས་ཉིན་རེའི་ཞོགས་པའི་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༥ བར་མཐུན་འགྱུར་རོགས་རམ་མ་རག་པའི་ཉམ་ཐག་ནད་པ་ཚོའི་ལུས་ཁམས་གསོ་བཅོས་ཀྱི་ཞབས་ཞུ་སྒྲུབ་བཞིན་པ་དེ་སོ་སོའི་སྐལ་བ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གངས་སྐྱིད་བདེ་ལེགས་སྨན་ཁང་དུ་གཙོ་བོ་གཟུགས་པོའི་ནང་ལོགས་ཀྱི་ནད་རིགས་གསོ་བཅོས་བྱེད་ཀྱི་ཡོད་པ་དང་། ལུས་ཁམས་གསོ་བཅོས་ཁང་གིས་གཟུགས་པོའི་ཕྱི་ལོགས་ཀྱི་སྙུང་གཞི་གསོ་བཅོས་བྱེད་ཀྱི་ཡོད་སྟབས། བདེ་ལེགས་སྨན་ཁང་གིས་གཟུགས་པོའི་རྩ་རྒྱུས་དང་ཤ་གནད། རུས་ཚིགས་ན་མཁན་ཚོ་ལུས་ཁམས་གསོ་བཅོས་ཁང་དུ་གཏོང་གི་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་ཁོང་གིས། བོད་མི་ཚོས་ནད་ཚ་ཆུང་ཆུང་རིགས་སྣང་མེད་དུ་མི་གཏོང་བར་དུས་ཐོག་སྨན་བཅོས་བྱས་ན། དེ་ལ་གསོ་ཐབས་ཡོད་པ་དང་། སོ་སོའི་ལུས་ཁམས་གསོ་བཅོས་ཐུབ་པ་བྱུང་ན། ལུས་ཁམས་བདེ་ཐང་ཡིན་པའི་མི་གཞན་པ་ནང་བཞིན། ཁོ་ཚོར་ཡང་འགྲོ་འདུག་གི་དཀའ་ངལ་མེད་པར་ལས་ཀར་ཞུགས་ཐུབ་པ་དང་། དེ་ལྟར་བྱུང་ན་ནི་མི་ཚེས་སྐྱིད་པོ་ཡོང་གི་ཡོད་སྐོར་བརྗོད་བྱུང་།

བོད་མིའི་ལུས་ཁམས་གསོ་བཅོས་ཁང་ནི་ཕྱི་ལོ་ ༢༠༡༣ ལོར་གཟུགས་ཁམས་གསོ་དཔྱད་སྨན་པ་བསྟན་འཛིན་འཇིགས་མེད་ལགས་དང་སྨན་པ་པན་ཆེན་བཟང་པོ་ལགས་རྣམ་གཉིས་སྒེར་ཐོག་ནས་བཙུགས་པ་ཞིག་ཡིན་ཞིང་། སྨན་ཁང་དེས་བསྐུ་མཉེ་དང་སྦྱོར་རྫས་ (kinesio tape)། སྐམ་ཁབ་དང་གློག་བཀོལ་གསོ་ཐབས་ (electrotherapy) སོགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཟུགས་པོའི་རྩ་རྒྱུས་དང་རུས་ཚིགས། ཤ་གནད་སོགས་ན་མཁན་དང་། ལྷག་པར་དུ་གློ་བའི་སྙུང་གཞི་ཕོག་མཁན་ཚོའི་གཟུགས་ཁམས་གསོ་བཅོས་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese