མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡོངས་འཐུས་མི་ ༤༥ ཡི་གོ་གནས་རྩིས་མེད་ཀྱིས་ཞིབ་བཤེར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ལའུ་ལིན་ཞིང་ཆེན་རྒྱལ་ཡོངས་འཐུས་མི་ ༤༥ ཡིས་ལྐོག་རྔན་སྤྲད་དེ་གོ་གནས་བླངས་བའི་ནག་ཉེས་འོག་འཐུས་མིའི་གོ་གནས་རྩིས་མེད་བཏང་བ་དང་ལའུ་ལིན་ཞིང་ཆེན་འཐུས་མི་ ༥༢༣ གྱིས་ལས་མཚམས་འཇོག་དགོས་པའི་ཐག་གཅོད་བྱས་འདུག

3cddaccb5e2d67bc4a0cef54930619b7_wཉེ་སྔོན་རྒྱ་ནག་གཞུང་གིས་དམིགས་བསལ་ལྟ་ཞིབ་ཚོགས་ཆུང་ཆེད་འཛུགས་བྱས་ཏེ། དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་༼བརྡ་ཁྱབ༽ཟེར་བའི་ཡིག་ཆ་ཞིག་འགྲེམ་གྱིན་ཡོད་པ་དང་། ད་ལྟའི་བར་བོད་ཀྱི་ས་ཁུལ་མཚོ་སྔོན་སོགས་ཚུད་པའི་ཞིང་ཆེན་བཅུ་གྲངས་ཤིག་གི་ནང་བརྡ་ཁྱབ་དེ་བཀྲམ་ཚར་ཡོད་པ་དང་། དེ་རིང་ཞིན་ཐང་རིན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ནས་དམིགས་བསལ་ཚོགས་འདུ་བསྡུས་ཏེ། རྒྱ་ནག་ལའུ་ལིན་ཞིང་ཆེན་གྱི་རྒྱལ་ཡོངས་འཐུས་མི་ཁྱོན་ ༡༠༢ ཡོད་པའི་ནང་ནས་རྒྱུན་ལས་ ༣༨ ཚུད་པའི་འཐུས་མི་ ༤༥ ཡིས། ལྐོག་རྔན་སྤྲད་དེ་གོ་གནས་བླངས་བའི་ནག་ཉེས་འོག་འཐུས་མིའི་གོ་གནས་རྩིས་མེད་བཏང་ཡོད་པ་དང་། ལྐོག་རྔན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཞིང་ཆེན་གྱི་འཐུས་མི་ ༥༢༣ གྱིས་ལས་མཚམས་འཇོག་དགོས་པའི་ཐག་གཅོད་བྱས་ཡོད་པ་མ་ཟད། གོ་གནས་རྩིས་མེད་བཏང་བའི་འཐུས་མི་ཚོར་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཁོ་ཚོ་མང་ཆེ་བ་ཞིག་དངུལ་རྩ་དང་བཟོ་ཚོང་ཁེ་ལས་ཆེ་ཁག་གཉེར་མཁན་ཡིན་པ་རེད།

ཐེངས་འདིའི་ལའུ་ལིན་ཞིང་ཆེན་གྱི་ཆེད་དམིགས་ཞིབ་བཤེར་ཁྲོད་དོགས་ཡོད་མི་སྣ་ཧ་ཅང་མང་བ་དང་། དངུལ་དངོས་ཕོན་ཆེ་བ། གནད་དོན་རྙོག་ཟིང་ཆེ་བའི་རྐྱེན་གྱིས་ལའུ་ལིན་གྱི་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པ། རྫོང་རིམ་པའི་འཐུས་མི་ཚང་མའི་ཕྱི་སྐྱོད་ལག་འཁྱེར་ཡར་བསྡུས་ཏེ་འགྲོ་འོང་ལ་སྟངས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཧྲིན་ཡང་གྲོང་ཁྱེར་གྱི་གཞུང་ཞབས་པ་ཚང་མའི་ཕྱི་སྐྱོད་ལག་འཁྱེར་ངེས་པར་དུ་ཡར་བསྡུས་ཏེ་འགྲོ་འོང་ལ་སྟངས་འཛིན་ནན་མོ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག་ལ། ད་ལན་གནས་དབྱུང་བཏང་བའི་འཐུས་མིའི་གྲངས་འབོར་ཧ་ཅང་མང་པོ་ཡིན་སྟབས། ལའུ་ལིན་ཞིང་ཆེན་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ནས་ཚོགས་འདུ་བསྡུས་ཏེ་ལས་དོན་རྒྱུན་སྐྱོང་བྱེད་ཐབས་མེད་པ་ཆགས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཚེ་ཞིན་དྲ་བའི་ཐོག ལའུ་ལིན་ཞིང་ཆེན་རྒྱལ་ཡོངས་དམངས་འཐུས་ནང་ལྐོག་རྔན་སྤྲོད་ལེན་བྱེད་མཁན་ཧ་ཅང་མང་བ་དང་། གོང་འོག་རིམ་པ་ཚང་མར་ལྐོག་རྔན་སྤྲོད་ལེན་གྱིས་ཕན་ཚུན་སྲུང་སྐྱོབ་བྱས་ཏེ། གཅིག་རྒྱས་ཀུན་རྒྱས་དང་གཅིག་ཉམས་ཀུན་ཉམས་ཀྱི་ཁེ་ཕན་ཚོགས་སྡེ་ཆེན་པོ་ཆགས་ཏེ་ཡུན་རིང་ཕྱིན་ཡོད་པ་དང་། ཐེངས་འདིར་དབུས་གཞུང་དང་ལའུ་ལིན་སྲིད་གཞུང་གཉིས་མཉམ་འབྲེལ་གྱི་ཐོག་ནས་ཆེད་འཛུགས་བྱས་པའི་ཚོགས་ཆུང་གི་ཞིབ་བཤེར་ལས་གཞི་དེ་འཆར་ལོའི་ཕྱི་ཟླ་ ༦ པའི་ནང་ཙམ་ལ་མཇུག་བསྡུ་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཞི་ཅིན་ཕིན་དང་ཝང་ཅི་ཧྲན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་འོག་ལའུ་ལིན་ཞིང་ཆེན་ནང་ཡུན་རིང་དབང་བསྒྱུར་བྱེད་མཁན་ལི་ཁྲང་ཁྲིན་དང་ཀྲུའུ་ཡོང་ཁང་། པའོ་ཞི་ལེ། ཞི་ཚེ་ཧུའུ། ཝང་མིན། ཁྲིན་ཀྲིན་གོ་སོགས་ཅང་ཙེ་མིན་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོ་རིམ་པ་བྱས་ཏེ་ཕམ་པར་བརྒྱབ་ཡོད་པ་དང་། འདི་ལོ་གཅིག་པུར་ལའུ་ལིན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝང་མིན་ དང་ཞིང་ཆེན་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་མགོ་འཁྲིད་གཞོན་པ་སོགས་ཞིང་ཆེན་རིམ་པའི་མཐོ་རིམ་དཔོན་རིགས་ ༤ ལྐོག་རྔན་དང་འབྲེལ་བ་ཡོད་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་དང་། ཐེངས་འདིར་བཀྲམ་པའི་བརྡ་ཁྱབ་ཟེར་བ་དེའི་ནང་དུའང་ལའུ་ལིན་གྱི་ས་གནས་གྲོང་ཁྱེར་རིམ་པ་དང་ཞིང་ཆེན་རིམ་པའི་དཔོན་རིགས་ ༡༠༠ ལྷག་གི་མིང་ཐོ་ཚུད་ཡོད་སྐོར་བརྗོད་འདུག

གནད་དོན་དེའི་ཐད་སྲིད་དོན་དབྱེ་ཞིབ་པ་ཚོས། ལའུ་ལིན་ཞིང་ཆེན་གྱི་ཐོན་སྐྱེད་སྤྱི་བསྡོམས་དུས་ཡུན་རིང་པོར་རྒྱལ་ཡོངས་ཀྱི་ཆེས་དམའ་ཤོས་ཆགས་ཡོད་ཀྱང་། འདི་ལོར་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མྱུར་ཚད་མཐོན་པོས་འཕེལ་རྒྱས་ཕྱིན་ཡོད་སྟབས། པེ་ཅིན་གཞུང་གིས་ལའུ་ལིན་གྱི་ལྐོག་རྔན་དང་འབྲེལ་བའི་གནད་དོན་ཐད་འཐབ་འཛིང་བྱེད་པའི་འགུལ་སྐྱོད་ཆེན་པོ་ཞིག་མགོ་བརྩམས་ཡོད་པ་དང་། འགུལ་སྐྱོད་འདིའི་དམིགས་ཡུལ་ནི་རུལ་སུངས་ལ་རྒོལ་རྡུང་གཏོང་འདོད་པ་ཙམ་མིན་པར་གོ་སྐབས་བཟུང་སྟེ་ལའུ་ལིན་གྱི་དཔོན་གནས་ཆབ་སྲིད་ཁོར་ཡུག་བཅོས་བསྒྱུར་བྱས་ཏེ། འཆར་ལོའི་ཏང་གི་ཚོགས་ཆེན་ ༡༩ པའི་ཐོག་ལས་མི་བཀོད་འདོམས་ལ་ལམ་ག་བཟོ་བ་དང་། ཅང་ཙི་མེན་ལ་ལག་པ་འཆིང་ཐེངས་གཅིག་གིས་རྨེག་མེད་དུ་གཏོང་ཐབས་དང་། གཏིང་ཟབ་ཀྱི་ཆབ་སྲིད་བཅོས་བསྒྱུར་སོགས་ལས་དོན་ཆེན་པོ་རྣམས་ལེགས་འགྲུབ་ཡོང་ཐབས་བྱེད་བཞིན་ཡོད་སྐོར་རྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese