མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུས་བུད་མེད་ཀྱི་ཐོབ་ཐང་གོང་མཐོར་གཏོང་ཐུབ།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་བུད་མེད་ཚོས་དམངས་གཙོ་ཚོགས་པའི་སྲིད་འོས་མི་ལྕམ་ཧེ་ལ་རེ་མཆོག་ལ་འོས་ཤོག་བླུག་ན། ད་ལྟའི་ཨ་རིའི་སྤྱི་ཚོགས་ལས་རིགས་ཁྲོད་ཕོ་མོ་འདྲ་མཉམ་མིན་པའི་དཀའ་རྙོག་སེལ་ཐུབ་པའི་བསམ་ཚུལ་བཏོན་འདུག

Screen Shot 2016-09-17 at 3.52.24 PM

ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༣ བར་ནེའུ་ཡོག་དུས་བབ་གསར་ཁང་གིས་ཁ་པར་སྐུད་ལམ་ནས། ཨ་རིའི་བུད་མེད་ཀྱི་ཆབ་སྲིད་ལྟ་ཚུལ་དང་མི་ཚེ་སྐྱེལ་སྟངས། སྤྱི་ཚོགས་ནང་གི་བུད་མེད་ཀྱི་བྱེད་སྒོ་ཁག་གི་ཐོག་འཛིན་པའི་ལྟ་ཚུལ་སོགས་ཀྱི་ཐད་བསམ་ཚུལ་བསྡུ་ལེན་བྱས་སྐབས། ཨ་རིའི་བུད་མེད་མང་པོ་ཞིག་གིས་འདས་པའི་ལོ་ངོ་ ༢༠ རིང་ཨ་རིའི་སྤྱི་ཚོགས་ནང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཆུང་དུ་ཕྱིན་ཡོད་ནའང་། མི་རིགས་དབྱེ་འབྱེད་ཀྱི་དཀའ་རྙོག་ད་དུང་སེལ་ཐུབ་མེད་པ་དང་། ཨ་རིའི་བུད་མེད་ཚོས་གཉེན་སྒྲིག་གི་ཐོབ་ཐང་ལས་ཨ་མའི་ཐོབ་ཐང་གཙིགས་སུ་འཛིན་ཞིང་། ཁོ་མོ་ཚོས་ཨ་རིའི་སྤྱི་ཚོགས་ཀྱི་ལས་སྒོ་ཁག་ཏུ་བུད་མེད་ཚོར་ཆགས་སྲེད་བརྙས་བཅོས་ཤུགས་ཆེ་བ་མ་ཟད། ད་དུང་བུད་མེད་ཚོ་སྤྱི་ཚོགས་ལས་སྒོར་ཞུགས་པའི་གོ་སྐབས་དང་གླ་འབབ་ཀྱི་ཁེ་ཐོབ་འདྲ་མཉམ་མིན་པའི་བསམ་ཚུལ་བཏོན་ཡོད་འདུག

ཨ་རིའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མིན་པ་དང་མི་རིགས་འདྲ་མཉམ་མིན་པའི་གནད་དོན་དེའི་སྟེང་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་བརྒྱ་ཆ་ ༥༢ དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་བརྒྱ་ཆ་ ༣༩ ཟིན་གྱི་ཡོད་འདུག

ཨ་རིའི་བུད་མེད་བརྒྱ་ཆ་ ༥༥ ཡིས་སྐུ་ཞབས་ཊི་རུམ་ཕི་ཡིས་བུད་མེད་ལ་བརྩི་བསྐུར་མི་བྱེད་པར་འདོད་པ་དང་། བུད་མེད་བརྒྱ་ཆ་ ༡༡ གྱིས་ཊི་རུམ་ཕི་མཆོག་ལ་འོས་ཤོག་བླུག་ན་བུད་མེད་ལ་ཁེ་ཕན་ཆེ་བར་བསམ་གྱི་ཡོད་ནའང་། བུད་མེད་བརྒྱ་ཆ་ ༤༥ ཡིས་ལྕམ་ཧེ་ལ་རེ་མཆོག་ལ་འོས་ཤོག་བླུག་ན་བུད་མེད་ཚོར་ཁེ་ཕན་ཆེ་བ་ཡོད་པའི་བསམ་ཚུལ་བཏོན་འདུག

གཞན། ཨ་རིའི་བུད་མེད་བརྒྱ་ཆ་ ༤༨ ཀྱིས་དེང་དུས་ཀྱི་ཨ་རིའི་སྤྱི་ཚོགས་ལས་རིགས་ཁྲོད་སྐྱེས་མ་ལས་སྐྱེས་པ་ཚོར་ཁེ་ཐོབ་མང་པོ་རག་གི་ཡོད་པར་འདོད་པ་དང་། མཐོ་སློབ་འགྲིམ་ཞིང་ད་ཆར་རང་ལོ་ ༣༠ སོན་པའི་ཨ་རིའི་བུད་མེད་མང་ཆེ་བའི་ཡོང་འབབ་ཨ་སྒོར་ཆིག་འབུམ་མ་ཟིན་ཙམ་ཡིན་པ་དང་། མི་ནག་གི་བུད་མེད་ཚོས་འཚོ་ཐབ་ཀྱི་ཁེ་ཐོབ་ཆེ་ཤོས་དེ་སྐྱེས་པ་ཚོས་བདག་འཛིན་བྱེད་ཀྱི་ཡོད་པའི་བསམ་ཚུལ་བཏོན་འདུག ཡང་བུད་མེད་བཞི་ཆ་གསུམ་གྱིས་དེང་གི་ཨ་རིའི་རྒྱལ་ནང་དུ། ཕོ་མོ་གཉིས་ཀྱི་ལས་ཀ་གཅིག་པ་ཡིན་ནའང་། ལས་ཀའི་ཡོང་འབབ་གཅིག་མཚུངས་མིན་པའི་ལྟ་ཚུལ་བཏོན་འདུག

ཐེངས་འདིའི་བསམ་ཚུལ་བསྡུ་ལེན་སྐབས། ཨ་རིའི་རུ་གྷར་སི་གཙུག་ལག་སློབ་ཆེན་ (Rutgers University) གྱི་བུད་མེད་ལས་དོན་ཚན་པའི་འགན་འཛིན་ལྕམ་ཊི་རི་ས་བྷོ་ཡིར་ (Teresa Boyer) ཟེར་བ་ཞིག་གིས། ཁོ་ཚོས་ཨ་རིའི་སྤྱི་ཚོགས་ལས་རིགས་ཁྲོད་ཕོ་མོ་འདྲ་མཉམ་མིན་པའི་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་བྱས་ཀྱང་། ལྡོག་ཕྱོགས་ཀྱི་དཀའ་རྙོག་དེ་ད་དུང་སེལ་ཐུབ་མེད་སྐོར་བརྗོད་འདུག

མིའི་རིགས་རིག་པའི་ཆེད་མཁས་པ་ལྕམ་རྗོ་སི་ཁོ་ལི་མན་ (Joyce Coleman) ཟེར་བ་ཞིག་གིས། ཁོ་མོ་ཨ་རིའི་ལྷོ་རྒྱུད་མངའ་སྡེ་མེ་སེ་སེ་ཕེ་ (Mississippi) ནས་འཚར་ལོང་བྱུང་བ་དང་ད་ལྟ་ལོ་ ༧༡ ཡིན་ཞིང་། ཁོང་མོས་ཚད་མི་འདྲ་བའི་མི་རིགས་དབྱེ་འབྱེད་ཀྱི་དཀའ་སྡུག་མང་པོ་མྱངས་པ་དང་། གནད་དོན་དེ་ད་དུང་སེལ་ཐུབ་མེད་སྟབས། ནམ་རྒྱུན་གཞན་གྱི་བརྙས་བཅོས་ལ་བཟོད་བསྲན་གྱིས་འཚོ་དགོས་བྱུང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. སྲས་སྐུ་ངོ། says:
    ལོ་ 10 སྔོན།

    ལྕམ་ཧེད་ལ་རེ་ཡིས་མི་ལོ་སུམ་ཅུ་མ་ཟིན་ཙམ་ལ་ཨ་རིའི་སྲིད་གཞུང་གོ་གནས་མཐོ་ཤོས་ནང་ལས་ཀ་ཞབས་ཞུ་བསྒྲུབས་མྱོང་ཡོད་པ་དང་དེའི་རིང་མོས་བུད་མེད་ཀྱི་ཐོབ་ཐོང་འདི་གོང་འཕེལ་བཏང་ཟེར་བ་མིག་སྟོན་རྒྱུ་མེད་པ་རེད།

    ཨ་རི་ནི་མ་རྩ་རིང་ལུགས་ཀྱི་དམངས་གཙོ་རྒྱལ་ཁབ་ཡིན་པས་ཕོ་མོ་འདྲ་མཉམ་ཟེར་བ་ཡོང་མི་ཐུབ་ལ།དེ་འདྲ་འདྲ་མཉམ་ཞིག་དགོས་ཚེ་ཨ་རིའི་གཞུང་གི་དམངས་གཙོ་རྩ་དོན་མ་རྩ་རིང་ལུགས་ཀྱི་དམངས་གཙོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ལ་བསྒྱུར་བཅོས་གཏོང་གི་དགོས། དེ་ལྟར་བྱུང་ཚེ་དེང་སང་གི་ཨ་རི་ཟེར་བ་དེ་དམག་སྟོབས་དང་དཔལ་འབྱོར།སྲིད་དོན་གང་ཅི་ཕྱོགས་ནས་ཉམས་རྒུད་དུ་འགྲོ་ངེས་རེད།

    དུས་བབ་གསར་ཁང་གིས་ངེས་པར་དུ་ཨ་རིའི་སྲིད་འཛིན་འོས་བསྡུ་གནས་ཚུལ་ཐོག་གསར་འགྱུར་རྒྱས་པ་འགོད་དགོས། དཔེར་ན།དེངསང་འགྲོ་བཞིན་པའི་སྲིད་འཛིན་འོས་མི་གཉིས་ཀྱི་ཨ་རིའི་དམག་དོན། ཕྱི་འབྲེལ་སྲིད་བྱུས། རྒྱལ་དོན་བདེ་འཇགས། རྒྱལ་དོན་དཔྱ་ཁྲལ།བདག་ཉར་མཚོན་ཆ། འཇིགས་སྐུལ་པ་འཛིན་བཟུང་འདྲི་ཞིབ།ཨ་རིའི་ནང་ཁྲིམས་འགལ་ཡིག་ཆ་མེད་པའི་སྐྱབས་བཅོལ་བ་ས་ཡ་༡༡། འཕྲོད་བསྟེན།ཤེས་ཡོན་བཅས་་ཀྱི་གནད་དོན་ཐོག་ལངས་ཕྱོགས་ཅི་ཞིག་ཡོད་མེད་སྐོར་འབྲི་ཐུབ་དགེ་ཕན་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese