མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྐད་ཁྱབ་བརྡལ་གཏོང་བར་ལས་འགན་ཆེན་པོ་ལྔ་སྤྲད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ  ༢༠༢༠ ལོར་རྒྱའི་སྐད་ཡིག་རྒྱལ་ཡོངས་སུ་ཁྱབ་ཐུབ་པའི་དམིགས་ཚད་བཟུང་སྟེ་མ་འོངས་ལོ་ ༥ ཡི་ནང་རྒྱ་སྐད་ཁྱབ་བརྡལ་གཏོང་བར་ལས་འགན་ཆེན་པོ་ ༥ སྤྲད་ཡོད་འདུག

12963818_10154143889844802_7935378281222014379_nདེ་རིང་ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ནས་ཚེས་ ༡༤ བར་ནི་རྒྱལ་ཡོངས་སྤྱི་སྐད་ཁྱབ་བརྡལ་དྲིལ་བསྒྲགས་གཟའ་འཁོར་ཞེས་པར་གཏན་འབེབས་བྱས་ཡོད་པ་ལྟར། ཉིན་ཤས་གོང་དུ་རྒྱ་ནག་སློབ་གསོ་ཁང་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གཉིས་ཀྱིས། <<རྒྱལ་ཁབ་ཀྱི་སྐད་ཡིག་བྱ་གཞག་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་>>ཟེར་བ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། འཆར་འགོད་དེའི་ནང་དུ་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ཟེར་བ་གཞི་རྩར་བཞག་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་པ་དང་། གྲོང་གསེབ་དང་མི་རིགས་ས་ཁུལ་དུ་འགག་སྒྲོལ་བྱེད་པ། སྤྱི་ཚོགས་ཀྱིས་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྐད་བརྡའི་ནུས་པ་ཆེ་རུ་གཏོང་བ་དང་ཞི་མཐུན་སྐྱོན་བྲལ་གྱི་སྐད་བརྡའི་འཚོ་བ་གཏོད་དགོས་སྐོར་སོགས་མ་འོངས་ལོ་ ༥ ཡི་རིང་གི་རྒྱ་སྐད་ཁྱབ་བརྡར་གཏོང་བའི་བསམ་བློ་དང་དམིགས་ཚད། ལས་འགན་གཙོ་བོ་བཅས་གསལ་སྟོན་ནན་བརྗོད་བྱས་ཡོད་འདུག

དེ་ཡང་འཆར་འགོད་དེའི་ནང་དུ་མ་འོངས་ལོ་ ༥ རིང་གི་ལས་འགན་ཆེན་པོ་ ༥ དང་བྱ་ཐབས་ཁག་ ༡༨ བཏོན་པའི་གཅིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། དེའི་ནང་གྲོང་གསེབ་ས་ཁུལ་གྱི་སྤྱི་སྐད་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། མི་རིགས་ས་ཁུལ་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་མགྱོགས་པོ་གཏོང་བ། སློབ་གྲྭའི་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་པ། སྐད་ཡིག་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཚུད་ཡོད།

གཉིས་ནི་སྐད་ཡིག་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྐད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐད་བརྡའི་ཐོན་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐད་ཡིག་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་པ་བཅས་བྱ་རྒྱུ་ཡིན་པ།

གསུམ་ནི་རྒྱལ་ཁབ་ཀྱི་སྐད་ཡིག་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བདེ་འཇགས་འགན་ལེན་བྱེད་པའི་སྐད་ཡིག་གི་ཞབས་ཞུའི་ནུས་པ་གཙོ་གནད་ཐོག་ཆེ་རུ་གཏོང་བ་དང་། སྐད་ཡིག་གི་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པ། དམིགས་བསལ་མི་ཚོགས་ཀྱི་སྐད་ཡིག་དགོས་མཁོར་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུ་ཡིན་པ།

བཞི་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྐད་བརྡའི་རིག་གནས་དར་སྤེལ་དང་བརྒྱུད་སྤེལ་བྱ་རྒྱུ་ཡིན་ཞིང་། དེའི་ནང་ཀྲུང་ཧྭའི་ཕུལ་བྱུང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོབ་བྱས་ཏེ་ནང་ས་དང་། ཤང་ཀང་། ཨའོ་མོན། སྐམ་ས་ཆེན་མོ། ཐའེ་ཝན་བཅས་ས་ཁུལ་གྱི་སྐད་ཡིག་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་ཐོག་སྐད་ཡིག་སྤེལ་རེས་དང་བརྒྱུད་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

ལྔ་ནི་སྐད་ཡིག་ལས་དོན་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྐད་ཡིག་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྐད་ཡིག་གི་ཚད་ལྡན་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྐད་ཡིག་ཚོད་དཔྱད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྐད་ཡིག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་བཅས་རེད།

ཡང་གནས་ཚུལ་དེའི་ནང་། འདི་ལོར་རྒྱ་ནག་གཞུང་གིས་<<སྤྱི་སྐད་ཁྱབ་བརྡལ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན>>ཞེས་པ་ཁྱབ་བསྒྲགས་བྱས་ནས་ལོ་ ༦༠ འཁོར་བ་དང་། <<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས>>ཟེར་བ་ལག་བསྟར་བྱས་ནས་ལོ་ ༡༥ འཁོར་ཡོད་ལ། ཕྱི་ལོ་ ༢༠༢༠ ལོར་བསླེབ་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱའི་སྐད་ཡིག་གཞི་རྩའི་ཆ་ནས་ཁྱབ་པ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese