མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སྐབས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བཙན་བྱོལ་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཀྱི་ཐོག་སྔར་ལས་འགན་འཁུར་ཤུགས་ཆེན་ལེན་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་གསུངས་སོང་།

IMG_2308དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ གཉིས་པ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཕེབས་འདུག་པ་དང་། ཐེངས་འདིའི་ཚོགས་དུས་ཐོག་ལས་ཉིན་དང་པོར་དགོངས་པ་ཞུ་མཁན་སྤྱི་འཐུས་གཉིས་དང་། ལས་ཉིན་བཞིའི་རིང་དགོངས་པ་ཞུ་མཁན་སྤྱི་འཐུས་གཅིག དེ་བཞིན། སྤྱི་འཐུས་སྒེར་གྱི་ཛ་དྲག་ལས་དོན་གྱིས་ཐེངས་འདིའི་ལས་རིམ་ཧྲིལ་པོར་དགོངས་པ་ཞུ་མཁན་སྤྱི་འཐུས་གཅིག་བྱུང་འདུག

ཚོགས་འདུ་དབུ་འཛུགས་ཐོག་ཚང་མ་སྐུ་བཞེངས་ཀྱི་ཐོག་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ་གྲུབ་པ་དང་བསྟུན། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། བཙན་བྱོལ་བོད་མི་འདུས་སྡོད་བྱས་ཡོད་པའི་ས་ཁུལ་ཁག་ཏུ་སྤྱི་འཐུས་རྣམ་པ་ཁག་བགོས་ཀྱིས་འཚམས་གཟིགས་སུ་ཕེབས་ཏེ། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་དང་བོད་ནང་གི་ཛ་དྲག་གནས་སྟངས། བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། དེ་བཞིན། གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་ཁག་བཅས་ངོ་སྤྲོད་གོ་རྟོགས་སྤེལ་ཡོད་པ་དང་འབྲེལ། ས་གནས་ཁག་གི་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ལ་གཟིགས་ཞིབ་ཀྱི་ལས་རིམ་ལེགས་པར་གྲུབ་ཡོད་སྐོར་དང་། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འོག་འདས་པའི་ལོ་ངོ་ ༥༦ ལྷག་རིང་བོད་བཙན་བཟུང་དང་བཙན་གནོན། དམ་དྲག་འོག་གནས་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན་ལ། ཉེ་བའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། ཁོར་ཡུག་སོགས་ཀྱི་ཐོག་སྔར་ལས་ཛ་དྲག་ཆེ་རུ་དང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་འགན་འཁུར་ཤུགས་ཆེན་པོ་ལེན་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་དང་། བར་ལམ་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནང་རྩོད་དང་ཆོལ་ཁའི་འཐེན་འཁྱེར་གྱི་རྣམ་པ་བྱུང་སྟེ། ༧གོང་ས་མཆོག་གི་ཐུགས་དམ་སད་རྐྱེན་དང་། བློ་གཟུ་བོར་གནས་པའི་བོད་མི་མང་པོ་ཞིག་ལ་དོ་ཕོག་དང་བློ་ཕམ་བྱུང་ཡོད་ཀྱང་། ཉེ་སྔོན་༧གོང་ས་མཆོག་གིས་ཨ་རིའི་ནང་གི་བོད་མི་ཚོར་ད་ལྟའི་ཆར་འོས་བསྡུ་དང་འབྲེལ་བའི་གནད་དོན་ཐད་གནམ་མཁའ་གཡའ་དག་ཅིང་། ས་གཞི་རྡུལ་དག་ཡིན་པས་བློ་བདེ་བོ་བྱས་ནས་བཞུགས་ཞེས་བཀའ་གནང་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བོད་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཡིན་ཞེས་བཀའ་སློབ་རིམ་པར་ཕེབས་པ་གཞིར་བཞག་སྟེ། འགན་འཁུར་མཁན་གྲོས་ཚོགས་ར་བའི་ནང་དུ་ཡོད་པའི་འཐུས་མི་རྣམ་པ་དང་མི་མང་། སྲི་ཞུ་ལས་བྱེད་རྣམ་པ་བཅས་ཚང་མས་བློ་གཟུ་བོར་གནས་པའི་ཐོག་ནས་འཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོའི་ནང་ནས་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་སྔ་དྲོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས། ཉེ་སྔོན་སྐུ་གྲོངས་བའི་བོད་མི་མང་སྤྱི་འཐུས་ཟུར་པ་བསྟན་འཛིན་མགོན་པོ་ལགས་དམ་པར་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྙན་སྒྲོན་ཞུས་ཏེ་སྤྱི་མོས་གཏན་འབེབས་གནང་སོང་བ་དང་། དེ་བཞིན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ནས་རྒྱ་ནག་གི་བཙན་གནོན་དམ་དྲག་འོག་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་ཞུས་ཏེ། སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་བཞིན་འདུག སང་ཉིན་ནས་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་མདོར་བསྡུར་རྣམས་དང་། སྤྱི་འཐུས་རྒྱུན་ལས་ནས་ལས་བསྡོམས་རྒྱས་པ་རྣམས་ལ་གཟིགས་ཞིབ་གནང་བའི་སྙན་ཐོ་རྣམས་རིམ་པ་བྱས་ཏེ་སྙན་སྒྲོན་ཞུས་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་སོགས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese