མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཁག་ཅིག་གིས་ཆོས་རིག་བཀའ་བློན་བཙིར།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་གྲོས་ཚོགས་ནང་ཆོས་རིག་ལས་ཁུངས་ཀྱི་ལས་དོན་ཐོག་བགྲོ་གླེང་གནང་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོ་སྦྱིན་འདྲེན་དང་བོད་མིའི་སྲོག་བླུ་ཚེ་ཐར་སྐོར། དེ་བཞིན་བོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་བཅས་ཀྱི་ཐོག་རྩོད་པ་བརྒྱབ་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་འཁོད་པ་ལྟར་ན། ད་ལྟ་རྒྱ་བལ་འབྲུག་གསུམ་དུ་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་དགོན་སྡེ་ ༢༦༢  དང་གྲྭ་བཙུན་ ༤༡༡༥༡ ཡོད་པ་དང་། དེའི་ཁྲོད་བཙུན་དགོན་ ༢༤ དང་བཙུན་མ་ ༤༩༧༢ ཡོད་འདུག

ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས། ཆོས་རིག་ལས་ཁུངས་ཀྱི་ལས་ཀ་མང་ཆེ་བ་ཞབས་རིམ་བསྒྲུབས་རྒྱུ་དེ་ཡིན་སྟབས། ཆོས་རིག་ལས་ཁུངས་ཞབས་རིམ་ལས་ཁུངས་དེ་ལྟ་བུ་ཞིག་ཆགས་ཡོད་མེད་གླེང་སློང་བྱུང་སོང་ལ། ལས་བསྡོམས་ནང་ད་ལོའི་ས་ག་ཟླ་བའི་ནང་༧གོང་ས་མཆོག་གི་སྐུའི་ཚེ་སྒྲུབ་ཆེད་ལ་དྭགས་བྱང་ཐང་ཁུལ་དུ་ར་ལུག་ ༤༠ ཙམ་དང་། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ནས་ཉ་དང་བྱ་རིགས་གང་མང་ཚེ་ཐར་བཏང་ཡོད་སྐོར་འཁོད་ཡོད་པ་དང་འབྲེལ་ཏེ། བཙན་བྱོལ་སྤྱི་ཚོགས་ནང་ར་ལུག་དང་། བྱ་དང་ཉ་སོགས་ཚེ་ཐར་གཏོང་སྐབས། ཞིབ་འཇུག་རང་བཞིན་གྱི་ལམ་སྟོན་གསལ་བོ་ཞིག་མེད་ན། ལྕག་དྲའི་ནང་གི་བྱ་རི་ལ་ཚེ་ཐར་བཏང་ན་འཚོ་མི་ཐུབ་པ་དང་། འཁྱིལ་ཆུའི་ནང་གི་ཉ་རྒྱུག་ཆུའི་ནང་དུ་ཚེ་ཐར་ལ་བཏང་ན་འཚོ་མི་ཐུབ་པ། དེ་བཞིན། ར་ལུག་སེམས་ཅན་ཡང་གང་བྱུང་ཚེ་ཐར་དུ་བཏང་སྟེ་བདག་མེད་དུ་བཞག་ན་སྲོག་འཚོ་བའི་ཚབ་ཏུ་སྲོག་འཆོར་རྒྱུའི་ཉེན་ཁ་ཡོད་པའི་དགོངས་ཚུལ་ཡང་བྱུང་སོང་།

གཞན། སྤྱི་འཐུས་ཁག་ཅིག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ལྷ་མོ་ཚེ་རིང་མཆེད་ལྔ་སོགས་ཆོས་དང་ཆབ་སྲིད་གཉིས་ཐོག་ལ་སྤྱན་འདྲེན་ཞུས་ན་བཟང་མིན་དང་། ཆོས་བརྒྱུད་གང་གི་སྲུང་མ་ཡིན་མིན། དེ་བཞིན། སྤྱན་འདྲེན་ཞུ་སྐབས་གཟབ་ནན་གནང་དགོས་པ། ཆོས་སྐྱོང་དེ་དག་གི་བཀའ་ལུང་ལ་ཡིད་ཆེས་ཡོད་མེད་སོགས་ཀྱི་དགོངས་ཚུལ་གསུངས་པའི་ཐད། ཆོས་རིག་བཀའ་བློན་མཆོག་དང་སྤྱི་འཐུས་ཁག་ཅིག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོ་ཐོག་མ་བོད་བཙན་པོའི་རྒྱལ་རབས་སྐབས་ནས་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་གཞུང་བསྟེན་སྲུང་མ་ཡིན་པ། དེ་བཞིན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་བསྒོ་བཤའ་རྒྱག་སྐབས་བཅའ་ཁྲིམས་ནང་དུ། ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་རྒྱུན་མ་ཆད་པར་གནས་པ་དེ་ཉིད་རྒྱུན་སྐྱོང་བྱེད་ཀྱིན་ཡོད་པ་འཁོད་ཡོད་ཚུལ་སོགས་ཀྱི་དགོངས་ཚུལ་གསུངས་སོང་།

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་འཁོད་པ་ལྟར་ན། རྒྱ་གར་གྱི་སྟོན་པའི་གནས་ཆེན་བརྒྱད་ལ་མཆོད་རྟེན་རྣམ་བརྒྱད་བཞེངས་རྒྱུའི་འཆར་གཞི་ཡོད་པ་ལྟར། རྡོ་རྗེ་གདན་དུ་བྱང་ཆུབ་མཆོད་རྟེན་དང་། ཝ་ར་ན་སིར་ཆོས་འཁོར་མཆོད་རྟེན་བཞེངས་ཡོད་འདུག གཞན། ཆོས་རིག་ལས་ཁུངས་ཀྱིས་སྔར་ལོའི་ཕྱི་ཟླ་ ༥ པའི་ནང་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་གསུམ་པ་གོ་སྒྲིག་གནང་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༦ པའི་ནང་དྷ་སར་ཆོས་ལུགས་ཆོས་བརྒྱད་ཁག་གི་ཆོས་ཚོགས་ཐེངས་བཅུ་གཉིས་པ་དང་། སྔར་ལོའི་ཕྱི་ཟླ་ ༨ པའི་ནང་དྷ་སར་གྲྭ་བཙུན་གྱི་ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ། དེ་བཞིན། བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་གྲོས་ཆོད་ལྟར། རིས་མེད་གཞུང་ཆེན་བགྲོ་གླེང་ཐེངས་གཉིས་པ་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་གཉིས་པའི་སློབ་མར་ཟབ་སྦྱོང་སོགས་གོ་སྒྲིག་ཞུས་ཡོད་འདུག

བོད་ནས་གསར་དུ་ཕེབས་པའི་ས་དགེ་བཀའ་རྙིང་བོན་དང་། ཇོ་ནང་བཅས་ཀྱི་གྲྭ་བཙུན་རང་ལོ་ ༦ ནས་ ༢༥ བར་གྱི་གྲྭ་བཙུན་དང་། རང་ལོ་ ༢༥ བརྒལ་བའི་གཞུང་ཆེན་སློབ་གཉེར་གནང་མཁན་གྲྭ་བཙུན་ ༤༣༦ བཅས་ཁྱོན་གྲྭ་བཙུན་གྲངས་ ༣༨༣༩ ལ་འཚོ་སྣོན་ལྟ་བུར་ཟླ་རེར་ཧིན་སྒོར་ ༣༠༠ རེ་དང་། གཞན། རྣམ་གྲོལ་གླིང་དང་འབྲས་སྤུངས་སྒོ་མིང་། རྒྱུད་སྟོད་སྨད། སྨན་རིའི་གླིང་། འབྲི་གུང་མཐོ་སློབ་སོགས་སུ་སློབ་གཉེར་གནང་བཞིན་པའི་སོག་པོའི་གྲྭ་བ་  ༨༢ ལ་ཟླ་རེར་སློབ་ཡོན་ཧིན་སྒོར་ ༣༠༠ རེ་འབུལ་བཞིན་ཡོད་འདུག

རྒྱ་བལ་འབྲུག་གསུམ་ནང་གི་དགོན་སྡེ་ཆུང་ཁག་ ༤༣ གྱི་དཔེ་ཁྲིད་དགེ་རྒན་ ༦༡ ལ་ཟླ་རེར་ཧིན་སྒོར་ ༢༥༠༠ རེ་འབུལ་བཞིན་ཡོད་འདུག་ལ། གདན་སའི་བཤད་གྲྭ་ཁག་གི་རྒྱ་ཡིག་དགེ་རྒན་ ༡༠ ། ཚན་རིག་དགེ་རྒན་ ༡༤  ། གཞིས་ཆགས་ཁག་གི་དགོན་པའི་དཀོན་གཉེར་ ༡༨ བཅས་ལའང་ཟླ་རེ་བཞིན་གསོལ་ཕོགས་འབུལ་གྱིན་ཡོད་འདུག

དྷ་ས་དང་། ཕྱོགས་མཐའ་ཁག་གི་ཁ་ཐོར་གྲྭ་བཙུན་སྔགས་གསུམ་ ༣༩༧ ལ་ཟླ་རེར་ཧིན་སྒོར་ ༤༠༠ རེ་འཚོ་སྣོན་དང་། དགོན་སྡེ་ཁག་གི་ལོ་ ༦༠ ཡན་གྱི་གྲྭ་བཙུན་ ༢༧༦ ཙམ་ལ་ཟླ་རེར་ཧིན་སྒོར་ ༡༠༠ རེ་འཚོ་སྣོན་སྤྲོད་བཞིན་ཡོད་འདུག བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་མཁན་པོ་ ༢༩ ཙམ་ལ་མཚན་དོད་(ཆེ་མཐོང་།)ཟླ་རེར་ཧིན་སྒོར་ ༣༠༠ རེ་དང་། མཁན་ཟུར་ ༣༡ ལ་ཟླ་རེར་མཚན་དོད་ཧིན་སྒོར་ ༢༠༠ རེ་བཅས་འབུལ་བཞིན་ཡོད་པ་མ་ཟད། ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པར་ཡང་ཟླ་རེ་བཞིན་མཚན་དོད་འབུལ་བཞིན་ཡོད་འདུག

སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་བཏོན་པའི་ལན་དུ། ཝ་ར་ན་སའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྙིང་མར་སློབ་དཔོན་ ༤ དང་ལས་བྱེད་ ༨། སློབ་ཕྲུག་ ༦༧ བཅས་ཁྱོན་ ༧༩ ཡོད་པ་དང་། བཀའ་བརྒྱུད་ལ་སློབ་དཔོན་ ༤ དང་ལས་བྱེད་ ༨ ། སློབ་མ་ ༨༩ བཅས་ཁྱོན་བསྡོམས་ ༡༠༡ ། ས་སྐྱར་སློབ་དཔོན་ ༤ དང་ལས་བྱེད་ ༨ ། སློབ་མ་ ༦༤ བཅས་ཁྱོན་བསྡོམས་ ༧༦ ། དགེ་ལུགས་ལ་སློབ་དཔོན་ ༣ དང་ལས་བྱེད་ ༡༥ ། སློབ་ཕྲུག་ ༩༥ བཅས་ཁྱོན་བསྡོམས་ ༡༡༣ ། བོན་ལ་སློབ་དཔོན་ ༥ དང་ལས་བྱེད་ ༡ སློབ་ཕྲུག་ ༣༦ བཅས་ཁྱོན་ ༤༢ ཡོད་པ་དང་། ཁྱོན་སློབ་དཔོན་ ༢༠  དང་། ལས་བྱེད་ ༤༠ སློབ་ཕྲུག་ ༣༥༡ ། ཁྱོན་བསྡོམས་ ༤༡༡ བཅས་ཡོད་སྐོར་སོགས་ལན་འདེབས་གནང་སོང་།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༢ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 6

  1. ལྷོ་བ། says:
    ལོ་ 10 སྔོན།

    གསར་འགྱུར་ཁ་གསལ་གནད་བསྡུས་ཤིག་དྲིས་འདུག

    Reply
  2. གསེར་རྟའི་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 10 སྔོན།

    གོང་གསལ་གསར་འགྱུར་ནང་༼སྤྱི་འཐུས་ཁག་ཅིག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ལྷ་མོ་ཚེ་རིང་མཆེད་ལྔ་སོགས་ཆོས་དང་ཆབ་སྲིད་གཉིས་ཐོག་ལ་སྤྱན་འདྲེན་ཞུས་ན་བཟང་མིན་དང་། ཆོས་བརྒྱུད་གང་གི་སྲུང་མ་ཡིན་མིན། ༽སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་རབས་མཐོང་སྐབས་ཧ་ཅང་སེམས་ཚབ་ཆེན་པོ་བྱུང་། གང་ཡིན་ཟེར་ན། གནས་ཆུང་ཆོས་སྐྱོང་ཆེན་པོ་དང་། ལྷ་མོ་ཚེ་རིང་མཆེད་ལྔ་སོགས་བོད་སྐྱོང་ལྷ་སྲུང་རྣམས་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཙོས་སྔོན་བྱོན་གངས་ཅན་པའི་སྐྱེས་ཆེན་དག་གིས་བོད་གངས་ཅན་གྱི་བསྟན་སྲིད་སྤྱིའི་སྲུང་མར་བཀའ་དམ་ལ་བཞགས་ཡོད་ཕྱིར། ད་ལྟ་ཡང་ཁོང་ཚོར་བསྟན་སྲིད་སྤྱི་ལ་སྲུང་སྐྱོབ་གནང་རྒྱུའི་ལས་འགན་ཡོད་ཕྱིར། བོད་ལྗོངས་བསྟན་སྲིད་གང་ཞིག་ལ་གནོད་འཚེ་བྱེད་པའི་རིགས་ཚར་གཅོད་གནང་རྒྱུ་དང་། བོད་ལྗོངས་བསྟན་སྲིད་གང་ཞིག་ལ་ཕན་པ་སྒྲུབ་པ་པོ་རྣམས་རྗེས་སུ་འཛིན་རྒྱུ་དེ་ཁོང་ཚོའི་ལས་འགན་གཙོ་བོ་དེ་རེད།
    དེར་བརྟེན་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་མཛད་པའི་གནས་ཆུང་འཕྲིན་བསྐུལ་གྱི་ནང་དུ།
    བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །
    བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །
    འཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས། །
    བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན། །ཞེས་དང་།
    ཡང་དེར།
    གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས། །
    ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། །ཞེས་དང་།
    དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་ནང་དུ་ཡང་།
    ཁྱད་པར་ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས། །
    སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་སོགས། །
    བོད་སྐྱོང་ལྷ་སྲུང་གཉན་པོ་མཆེད་འཁོར་རྣམས། །
    གདུང་བས་འབོད་དོ་འདིར་བྱོན་མགྲོན་དུ་བཞུགས། །ཞེས་དང་།
    ཡང་དེར།
    རང་རང་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་དེ། །
    རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་དཔལ། །
    མྱུར་དུ་བཞད་པའི་རྣམ་བཞིའི་འཕྲིན་ལས་ཀུན། །
    མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེ། །
    ཞེས་བོད་གངས་ཅན་གྱི་བསྟན་སྲིད་སྤྱིའི་བདེ་ཐབས་ཆེད་བཀའ་བསྒོས་གཉེར་གཏད་དང་། འཕྲིན་བཅོལ་སོགས་གསུངས་གནང་འདུག་པ་འདི་ཙམ་མ་ཤེས་ན། དེ་ལས་གཞན་ཁོང་ཚོ་ལ་ཆོས་སྲིད་ཀྱི་ཤེས་བྱ་ག་རེ་ཡོད་དམ།

    Reply
  3. རིག་པ་འཛིན་པ། says:
    ལོ་ 10 སྔོན།

    གང་ལྟར་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་དེ་དག་དགོས་ཡས་མི་འདུག
    དགོས་པའི་བྱམས་སྙིང་རྗེ་ཁྱབ་སྤེལ་གཏོང་རྒྱུའི་ཚབ་ཏུ་མི་དགོས་པའི་དཀྲུག་ཤིང་རྐྱང་རྐྱང་སློང་གི་འདུག

    མ་གཞི་ནས་གནས་ཆུང་གིས་འགྲིག་མི་འདུག་ཟེར་མཁན་དེ་དག་དགལ་ལྡན་ཕོ་བྲང་ལ་སྡང་ཟུག་ཡོད་མཁན་ཤ་སྟག་རེད་འདུག
    དེའི་ནང་ནས་ཨ་རོག་ཁ་ཤས་དོལ་རྒྱལ་བསྟེན་མཁན་ཡིན་པའི་དོགས་པ་སྔོན་མ་ནས་ཡོད། ད་རིམ་པས་རང་གཟུགས་མངོན་ཡོང་གི་འདུག

    Reply
  4. བློ་བཟང་། says:
    ལོ་ 10 སྔོན།

    རང་གཞུང་གིས་གདན་ས་ཁག་གི་སློབ་གཉེར་བ་དང་། མཁན་པོ། བླ་སྤྲུལ་སོགས་ལ་ཟླ་ཕོགས་སྤྲོད་བཞིན་ཡོད་པ་དེ་ད་བར་གོ་མ་སོང་། དེ་ཧ་ཅང་ཡག་པོ་དང་རྗེས་སུ་ཡིད་རང་ཞུ་འོས་པ་ཞིག་རེད་

    Reply
  5. བསོད་ནམས། says:
    ལོ་ 10 སྔོན།

    གནས་ཆུང་ཆོས་རྒྱལ་ཆེན་པོ་དེ་ནང་པའི་སྲུང་མ་ཞིག་རེད་མ་གཏོགས་ཆོས་རྒྱལ་ཞེ་དྲག་པ་ཞིག་གི་སྲུང་མ་ལ་འབྲེལ་བ་ཡོད་པ་མ་རེད།

    Reply
  6. རིག་པའི་བུ། says:
    ལོ་ 10 སྔོན།

    ཁ་སང་གྲོས་ཚོགས་ནང་སྤྱི་འཐུས་ཤིག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དེ་དགེ་ལུགས་པའི་སྲུང་མ་ཞིག་ཡིན་སྐོར་དང་། ད་ལྟ་བཙན་བྱོལ་བོད་གཞུང་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཡོད་སྟབས་གནས་ཆུང་ཡང་གཞུང་བསྟེན་སྲུང་མར་བཞག་ན་འགྲིག་གི་མེད་སྐོར་བཤད་པའི་ལན་དུ། སྤྱི་འཐུས་གཞན་ཞིག་གིས་གནས་ཆུང་འགྲིག་གི་མེད་ན་ཆོས་རྒྱལ་ཁྲི་སྲུང་ལྡེ་བཙན་སྐབས་སུ་གནས་ཆུང་གདན་འདྲེན་ཞུ་མཁན་སློབ་དཔོན་པདྨ་འབྱུང་གནས་ནོར་ཡོད་ཚུལ་བཤད་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese