ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དང་པོའི་བྱང་ཆུབ་མཆོད་བརྟེན་མདུན་ཐང་དུ། ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག་དགུ་བའི་ཉེར་བདུན་བདེ་སླར་གཉིས་ཀྱི་མི་མང་མཉམ་འཛོམས་ཐོག་སྲུང་གཙི་ཞུས་སོང་།
སྐབས་དེར་ས་གནས་གཞོན་ནུའི་ཚོགས་གཙོ་བྱ་ཉར་ལྷག་པ་ཚེ་རིང་ལགས་ཀྱིས་ཉིན་མོོ་འདི་སྲུང་གཙི་དགོས་དོན་སྐོར་ངོ་སྤྲོད་གནང་དོན།
དེ་རིང་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་ས་གནས་སུ་ཡོད་པའི་ཚོགས་མི་གཅིག་པུ་མ་ཡིན་པར་མི་མང་ལ་གསལ་བསྒྲགས་གནང་ནས་ང་ཚོ་ཚང་མ་མཉམ་འཛོམས་ཐོག་དགུ་བའི་ཉེར་བདུན་འདི་སྲུང་གཙི་བྱེད་དགོས་པ་ཞིག་ཆགས་ཡོད་རེད།
དེ་ཡང་དུས་ཆེན་འདི་༡༩༨༧་ལོ་ཟླ་༩་ཚེས་༢༧་ཉིན་བོད་ནང་གི་བོད་མི་ཚོས་རྒྱ་དམར་ལ་ཞུ་བའི་ངོ་རྒོལ་བྱས་ནས་ད་ལྟ་བར་དུ་ལོ་༣༠ ཙམ་སོང་ཡོད་པ་དང་། དེ་བའི་ང་རང་ཚོའི་ལོ་༣༠་འཁོར་བའི་དུས་དྲན་འདི་བོད་མའི་སུམ་བཅུ་དུས་དྲན་ཕར་ཕུད་ནས་རྒྱ་དམར་ལ་ཞུ་རྒོལ་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད་དུས་སྐབས་སུ་གནས་ཚུལ་གང་བྱུང་བ་དེ་ཤུགས་ཆེན་པོ་ག་ལ་གང་འཚམ་ཞིག་འཛམ་གླིང་རྒྱལ་སྤྱིའི་ཐོག་ལ་ཤེས་ཐུབ་པ་བྱུང་ཡོད། དེ་རིང་ང་ཚོའི་ངོས་ནས་གཙོ་ཆེ་ཤོས་དེ་སྨོན་ལམ་གསོག་སྒྲུབ་དང་མར་མེའི་ཁྲོམ་སྐོར་རེད། དེ་ཡང་ཞུ་བའི་ངོ་རྒོལ་ནང་ཞུགས་པའི་ཁ་ཤེས་ཡང་སྐུ་སྲོག་ཤོར་ཡོད་པ་དེ་དག་གི་མཆེད་དུ་སྨོན་ལམ་དང་ཐུག་སྨོན་གནང་རྒྱུ་དང་རྗེས་སུ་ཡི་རང་གདུང་སེམས་མཉམ་སྐྱེད་ཀྱི་ལས་གཞི་འདི་གོ་སྒྲིག་གནང་ཡོད་སྐོར་བརྗོད་སོང་ལ། དེ་བཞིན་ཀོ་ལི་གྷལ་དང་ཧོན་སུར་སོགས་སུ་ཡང་ཉིན་མོ་འདི་སྲུང་གཙི་ཞུས་ཡོད་པ་རེད་འདུག
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།