མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་དུ་རྐང་རྩེད་སྤོ་ལོའི་རུ་ཁག་གསར་འཛུགས་ཀྱིས་བདེ་འཇགས་གོང་འཕེལ་གྱི་རེ་བ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གཞུང་གིས་བོད་དུ་རྐང་རྩེད་སྤོ་ལོའི་རུ་ཁག་ཐོག་མ། ལྷ་ས་རྐང་རྩེད་པོ་ལོའི་རུ་ཁག་(Lhasa FC)ཅེས་པ་གསར་བཙུགས་ཀྱིས་རྒྱ་རིགས་དང་བོད་རིགས་གཉིས་བར་གྱི་དཀའ་རྙོག་ཞི་ཞིང་། མཐུན་ལམ་ཇེ་བཟང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད། མཐོ་རིམ་མི་སྣ་ཚོས་ཕྱི་ལོ་ ༢༠༡༥ ལོར་གསར་འཛུགས་བྱས་པའི་རྒྱ་ནག་གི་ས་བབ་མཐོ་ཆོས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དེས། ཕྱི་ལོ་ ༡༩༥༡ ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། རྒྱ་ནག་སྲིད་གཞུང་དང་བོད་བར་གྱི་རྙོག་འཛིང་ཅན་གྱི་འབྲེལ་ལམ་བཟང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད།

Screen Shot 2016-10-02 at 4.52.37 PM

རང་ལོ་ ༢༩ སོན་པའི་ལྷ་ས་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་བློ་བཟང་བརྩོན་འགྲུས་ཀྱིས་ “རྐང་སྤོལ་རུ་ཁག་དེར་མཉམ་ཞུགས་བྱེད་པར་དབྱེ་འབྱེད་མེད།” ཅེས་ཟེར། བློ་བཟང་ནི་དེ་སྔོན་ལུས་སྦྱོང་སློབ་སྟོན་པ་(gym teacher)ཞིག་ཡིན་པ་དང་། ད་ཆ་རུ་ཁག་དེའི་རྩེད་མོ་བ་ལེགས་ཤོས་གྲས་ཡིན། རྒྱ་མཚོའི་ངོས་ནས་མི་ཊར་ ༣༧༠༠ ལྷག་གི་ས་བབ་མཐོ་བའི་ས་ཁུལ་གྱི་རྐང་སྤོལ་རུ་ཁག་དེར་བོད་རིགས་ལས་ཐ་དད་པའི་མི་རིགས་གཞན་གྱི་རྩེད་མོ་བ་མཉམ་ཞུགས་བྱེད་པར་ས་མཐོ་མི་འཕྲོད་པའི་ནད་(altitude sickness)ཀྱི་དཀའ་ངལ་འཕྲད་མུས་ཐོག དེ་བས་རྒྱ་མི་རིགས་མཉམ་ཞུགས་བྱེད་པར་འགོག་རྐྱེན་བཟོ་གི་ཡོད།

རུ་ཁག་གི་གཙོ་འཛིན་ཚེ་བརྟན་རྡོ་རྗེས་ “མི་རིགས་གཞན་གྱི་རྩེད་མོ་བ་གསར་འཇུག་བྱེད་པར་ས་བབ་མཐོ་བའི་འཇིགས་སྣང་གིས་དཀའ་ངལ་གྱི་རང་བཞིན་ཆགས་ཡོད།” ཟེར། བོད་རིགས་རྣམས་ནི་མི་རབས་ནས་མི་རབས་གོམས་འདྲིས་ཀྱིས་དཀའ་ངལ་གང་ཡང་མེད་ཀྱང་། ཕྱི་མི་རྣམས་ལ་ས་བབ་མཐོ་བས་མགོ་བོ་ན་བ་དང་། སྐྱུག་མེར་ལངས་པ། གཉིད་མི་ཁུག་པ། ངལ་དུབ་ཀྱིས་མནར་བ་སོགས་ཀྱི་དཀའ་ངལ་གྱིས་རྩེད་མོར་རོལ་རྒྱུ་ཁག་པོ་ཆགས་ཡོད། བོད་མཐོ་སྒང་གི་ས་ཁུལ་མང་ཆེ་བར་རྒྱ་མི་རིགས་ཀྱིས་ཁེངས་ཡོད་ཀྱང་ལྷ་ས་རྐང་སྤོལ་ཚོགས་པའི་ནང་རྒྱ་རིགས་བརྒྱ་ཆ་ ༡༠ ལས་མེད་པ་རེད།

ཚེ་བརྟན་རྡོ་རྗེས་ “ལྷ་ས་རྐང་སྤོལ་རུ་ཁག་ནི་རྒྱ་བོད་མི་རིགས་ཀྱི་གོམས་གཤིས་དང་རིག་གཞུང་སྤེལ་རེས་བྱ་ཡུལ་ཞིག་ཡིན་པ་དང་། ང་ཚོས་བོད་ཡུལ་འདི་བཞིན་རྩེད་མོའི་ཁོར་ཡུག་བཟང་པོ་ཞིག་ཏུ་འགྱུར་ཐུབ་པ་བཟོ་འདོད་ཡོད།” ཅེས་བརྗོད། རུ་ཁག་གི་རྩེད་ཐང་རྒྱ་ནག་ནང་གི་ས་ཁུལ་རྒྱང་ཐག་རིང་ཤོས་ཤིག་ཡིན་ལ་ཧི་མ་ལའི་རི་བོ་མཐོན་པོས་བརྒྱན་པས་མཛེས་སྡུག་ལྡན་པའི་རྩེད་ཐང་ཞིག་ཀྱང་ཡིན།

ད་ཡོད་ཀྱི་ཁྱད་ཆོས་དེ་དག་གིས་འདས་ཟིན་པའི་དཀའ་རྙོག་མང་པོ་ཞིག་སྦ་གསང་དང་རྫུན་སྒྲིག་བྱས་ཡོད་པ་རེད། པེ་ཅིན་གཞུང་གིས་ལོ་ངོ་བཅུ་ཕྲག་བཞི་ཙམ་རིང་རང་དབང་གཙང་མར་ལོངས་སུ་སྤྱད་པའི་ཧི་མ་ལ་ཡའི་མངའ་ཁོངས་ཀྱི་བདག་དབང་སླར་ཡང་རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༡ ལོར་སྐྱར་གསོ་བྱས་སྐོར་རྗོད་ཀྱི་ཡོད། དུས་དེ་ནས་བཟུང་རྒྱ་མི་རིགས་ཕོན་ཆེ་བོད་དུ་གནས་སྤོ་བྱས་ཡོད་པ་དང་གནས་དེར་གྲངས་ཉུང་མི་རིགས་ཆགས་ཡོད།

ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་དགེ་འདུན་པས་རྒྱ་གཞུང་ལ་རྔམ་སྟོན་ངོ་རྒོལ་བྱས་པ་རིམ་པས་རྒྱ་མི་རིགས་ལ་ཁ་གཏད་ཀྱི་དྲག་པོའི་ངོ་བོར་གྱུར་བས་རྒྱ་གཞུང་གིས་བཙན་གནོན་བྱས་པ་རེད། བོད་མི་མང་པོས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་དམ་དྲག་དང་། རིག་གཞུང་རྩ་མེད། གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་ལ་གནོད་འཚེ་བྱེད་པའི་སྐྱོན་འཛུགས་བྱེད་ཀྱིན་ཡོད།

འོན་ཀྱང་ལྷ་ས་རྐང་སྤོལ་རུ་ཁག་གི་རྩེད་ཐང་སྟེང་གོམས་གཤིས་དང་རིགས་རུས་ཀྱི་དབྱེ་འབྱེད་མེད་ལ། རྒྱལ་ཁབ་ཀྱི་མངའ་སྡེ་ནང་ཁུལ་གྱི་རྐང་རྩེད་པའི་འགྲན་བསྡུར་ཁྲོད་བོད་ཀྱི་རུ་ཁག་གསར་འཛུགས་དང་མཉམ་ཞུགས་བྱེད་ཐུབ་པ་དེས། བོད་མི་རྣམས་རྒྱ་ནག་གཞུང་ལ་ལ་ཞེན་ཇེ་ཆེར་འགྲོ་བའི་རེ་བ་བྱེད་ཀྱིན་ཡོད། ད་ལྟའི་ཆར་ལྷ་ས་རྐང་སྤོལ་རུ་ཁག་རྒྱལ་ཁབ་ཀྱི་རིམ་པ་དམའ་གྲས་ཀྱི་རུ་ཁག་ནང་ཁུལ་རྩེད་འགྲན་བྱེད་པ་ཙམ་ལས། རིན་གོང་མཐོ་ལ་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་རྩེད་འགྲན་རུ་ཁག་ཆེ་བའི་ནང་ཚུད་ཀྱི་མེད།

རྩེད་མོ་བ་བློ་བཟང་བརྩོན་འགྲུས་ཀྱི་ཟླ་རེའི་ཡོང་འབབ་རྒྱ་སྐོར་ ༥༠༠༠ (ཨ་སྒོར་༧༥༠)ཙམ་ཡིན། བོད་མི་ཞིག་ལ་ཆ་མཚོན་ན་གླ་ཕོགས་ཀྱི་ཐོབ་ཆ་ལེགས་པོར་བརྩི་འོས་པ་ཞིག་ཡིན། ལོ་འདིའི་རྒྱལ་ནང་གི་རྩེད་འགྲན་ཆེ་ཤོས་ཀྱི་ནང་འཛུལ་ཞུགས་བྱེད་པའི་རྩེད་མོ་བ་ཁྱོན་ཡོངས་ཀྱི་རིན་གོང་ཨ་སྒོར་ས་ཡ་ ༤༥༠ ཟིན་གྱི་ཡོད།

ཚེ་བརྟན་རྡོ་རྗེས་བོད་ཀྱི་ས་བབ་ཀྱི་གནས་སྟངས་ཀྱིས་ལྷ་སའི་རུ་ཁག་གིས་རྒྱལ་ནང་གི་རུ་ཁག་གཞན་དང་རྩེད་འགྲན་བྱེད་པར་ཁེ་ཕན་ཡོང་ངེས་པའི་རེ་བ་བྱེད་ཀྱི་ཡོད། ཁོ་པས་ “ང་ཚོས་ཕྱིས་འབྱུང་རྒྱལ་ཁབ་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ཆེ་ཤོས་ནང་མཉམ་ཞུགས་བྱེད་ཐུབ་པ་དང་། ཐེངས་ལྔ་བསྟུད་མར་རྐང་རྩེད་པོ་ལོའི་རྒྱལ་ཁ་རྩེར་སོན་ཐུབ་པའི་གྷོང་ཊོ་རུ་ཁག་ཕམ་ཉེས་གཏོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་” ཅེས་བཤད།

རྐང་རྩེད་སྤོ་ལོའི་རྩེད་མོ་བོད་དུ་ཐོག་མར་དུས་རབས་ཉི་ཤུའི་མགོ་སྟོད་དུ་དབྱིན་དམག་བརྒྱུད་དར་བ་ཞིག་ཡིན་པ་དང་། འོན་ཀྱང་ལྷ་ས་རྐང་པོལ་རུ་ཁག་གསར་འཛུགས་མ་བྱས་གོང་གཞི་རྒྱ་ཆེ་བའི་བོད་ཀྱི་ས་ཁུལ་ཁག་ཏུ་རྐང་རྩེད་པོ་ལོའི་རུ་ཁག་ཅིག་མེད།

ཕྱི་ལོ་ ༡༩༧༠ ལོའི་པིང་པང་ཕྱི་འབྲེལ་སྲིད་ཇུས་(ping pong diplomacy)དང་། ཕྱི་ལོ་ ༢༠༠༨ ལོར་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་ཡུལ་པེ་ཅིན་ཨོ་ལེམ་པིག་(Beijing Olympics)ལྟ་བུའི་རྩེད་རིགས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་མྱོང་ཡོད།

རྒྱལ་སྤྱིའི་རྐང་རྩེད་པོ་ལོའི་གནས་རིམ་ ༧༨ ལས་མ་སོན་པའི་རྒྱ་ནག་རྒྱལ་ཁབ་ཀྱིས། ད་ཆ་རྩེད་རིགས་དེར་སྔར་དང་མི་འདྲ་བའི་དོན་གཉེར་བྱེད་ཀྱི་ཡོད། སྲིད་འཛིན་ཞི་ཅིན་པིན་གྱིས་ཀྱང་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་རྐང་རྩེད་པོ་ལོའི་རྩེད་འགྲན་སྐོང་འཚོགས་བྱ་རྒྱུ་མ་ཟད། མཐར་རྒྱལ་ཁ་འཐོབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།

ཕྱི་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་ཀྱང་རྩེད་རིགས་བོད་དོན་དྲིལ་བསྒྲགས་བྱེད་པའི་ལག་ཆར་ངོས་འཛིན་བྱེད་ཀྱི་ཡོད། སྔ་ལོ་རྒྱ་གར་དུ་གནས་སྡོད་སྐྱབས་བཅོལ་བོད་མིའི་བུད་མེད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་དང་རྒྱ་ནག་གི་མཐོ་སློབ་ཀྱི་སློབ་ཕྲུག་རུ་ཁག་ཅིག་གི་བར་བྷར་ལིན་(Berlin)དུ་རྩེད་འགྲན་བྱས་ཡོད་པ་རེད།

བཙན་བྱོལ་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ངོས་འཛིན་ཡོད་པ་ཞིག་མ་ཡིན་པར། བཙན་བྱོལ་གཞུང་གིས་རྒྱབ་སྐྱོར་བྱས་པའི་རུ་ཁག་ཅིག་ཡིན། རུ་ཁག་དེས་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་རྒྱལ་སྤྱིས་ངོས་འཛིན་མེད་པའི་རྐང་སྤོལ་རུ་ཁག་བཅུ་གཉིས་ཙམ་ལྷན་རྩེད་འགྲན་བྱས་ཡོད། རྩེད་འགྲན་དེ་དག་ཁྲོད་གྷི་རིན་ལན་ཌི་(Greenland)དང་པོ་ལོ་ ༡-༤ ཡིས་ཕམ་པ་དང་། པོ་རོ་ཝན་སེ་ (Provence) དང་ ༠-༢༢ ཀྱིས་ཕམ་པ། གྷིབ་རལ་ཏར་(Gipraltar)དང་ ༠-༥ ཡིས་ཕམ་ཡོད། འོན་ཀྱང་རྩེད་འགྲན་བཅུ་གཉིས་བྱས་པའི་ཁྲོད་ནས་རྒྱལ་ཁ་ཐེངས་གཉིས་ཐོབ་ཐུབ་པ་བྱུང་ཡོད།

རྒྱ་ནག་གི་རྐང་རྩེད་པོ་ལོའི་རུ་ཁག་རྩེ་གྲས་བཞིན་ལྷ་ས་རུ་ཁག་ལ་ཡང་བོད་དུ་རྟེན་གཞི་བྱས་པའི་བོད་སྨན་དང་མཐུང་ཆུ་བཟོ་ལས་ཁང་གིས་མ་དངུལ་འགྲོ་གྲོན་གྱིས་ཚོང་ལས་གཉེར་གྱི་ཡོད། འོན་ཀྱང་རྩེད་རིགས་ཆེད་རྩོམ་པ་(sports columnit)ཇིན་ཤན་ཟེར་བས་བོད་དུ་རྐང་རྩེད་པོ་ལོའི་རུ་ཁག་གཉེར་རྒྱུ་ནི་དཔལ་འབྱོར་གྱི་ཐོག་ནས་ཉེན་ཁ་ཆེན་པོ་ཡིན་སྐོར་བརྗོད་ཡོད། ས་ཁུལ་དེར་ཡར་ཐོན་ཅན་གྱི་གྲོང་ཁྱེར་ཁ་ཤས་ལས་མེད་ལ་རྐང་རྩེད་སྤོ་ལོའི་ཁྲོམ་ར་ནི་དེ་བས་ཆུང་ཆུང་ཡིན། རྐང་རྩེད་སྤོ་ལོའི་ཐོག་མ་འཛུགས་བྱེད་རྒྱུ་ནི་ཧ་ཅང་འགན་ལེན་བྱེད་དཀའ་བ་ཞིག་རེད།

ཨ་ཇན་སི་ཧྥ་རན་སི་ཕེ་ར་ས་(Agence France-Presse)ཞེས་པས་སྤེལ་བ་སྐལ་ལྡན་གྱིས་བསྒྱུར།

མ་རྩོམ་འབྲེལ་ཐག http://www.scmp.com/news/china/policies-politics/article/2023262/china-hopes-beautiful-game-and-tibets-first-soccer-club

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese