མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་མི་ཆིག་སྟོང་ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་ཞུ་འབོད་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཡོད་པའི་རྒྱལ་སྲུང་ལྷན་ཁང་མདུན་དུ་དམག་ཁོངས་སུ་མེད་པའི་དམག་མི་ཆིག་སྟོང་ཡས་མས་ཀྱིས་ངོ་རྒོལ་ཞུ་འབོད་བྱས་ཡོད་འདུག

6c91460886187306e6a927a9994a1e42-600x400ཟླ་འདིའི་ཕྱི་ཚེས་ ༡༡ ཉིན། པེ་ཅིན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཡོད་པའི་རྒྱལ་སྲུང་ལྷན་ཁང་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ཕྱི་ལོགས་སུ། དམག་ཁོངས་ན་མེད་པའི་ཕྱོགས་ཡོང་དམག་མི་ཆིག་སྟོང་ཡས་མས་ཀྱིས་དམག་ལྭ་ཆ་ཚང་གྱོན་ཏེ། ཁོང་ཚོའི་ཐོབ་ཐང་ལ་ལེགས་བཅོས་དང་། བྱ་བ་བཀོད་སྒྲིག་བྱེད་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་ལས་འགུལ་སྤེལ་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པ་འབོར་ཆེན་བཏང་སྟེ་ལས་འགུལ་བ་དམག་མི་རྣམས་རླངས་འཁོར་ནང་བཅུག་སྟེ་ཡུལ་དངོས་ནས་བཙན་འཁྲིད་བྱས་ཡོད་པ་དང་། ཐེངས་འདིའི་ལས་འགུལ་བ་མང་ཆེ་བ་དམག་མི་གཞོན་སྐྱེས་རྐྱང་རྐྱང་ཡིན་འདུག

རྒྱ་ནག་པེ་ཅིན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་གིས། འདི་ལོར་དམག་ཁོངས་ན་མེད་པའི་དམག་མི་རྣམས་ཀྱིས་ཐེངས་ ༥༠ ལྷག་ལ་ཞུ་འབོད་ལས་འགུལ་སྤེལ་ཡོད་ཀྱང་། ཉེན་སྲུང་དམག་མི་ཕོན་ཆེན་གྱིས་བསྐོར་བའི་རྒྱལ་སྲུང་ལྷན་ཁང་གི་ལྟེ་གནས་སུ་ངོ་རྒོལ་ཞུ་འབོད་ཀྱི་ལས་འགུལ་རྒྱ་ཆེན་པོ་འདི་འདྲ་སྤེལ་བ་དེ་སྔོན་མཐོང་མྱོང་མེད་ལུགས་བརྗོད་ཡོད་པ་དང་། ངོ་རྒོལ་ཞུ་འབོད་ནང་ཞུགས་པའི་དམག་མི་གཉིས་ཀྱིས། སྲིད་གཞུང་ནས་ཁོ་ཚོའི་ཐོབ་ཐང་གནད་དོན་ཐག་གཅོད་བྱེད་པའི་རེ་བ་ཞུ་ཡི་ཡོད་སྐོར་བརྗོད་ཡོད་ཀྱང་། ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་གླེང་སློང་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དམག་མིའི་གནད་དོན་དང་འབྲེལ་བའི་གླེང་གཞི་སྤེལ་བར་བཀག་འགོག་བྱེད་བཞིན་ཡོད་འདུག

འདས་པའི་ལོ་ངོ་ ༣༠ ཙམ་ནས་བཟུང་རྒྱ་ནག་གཞུང་གི་དམག་ཁོངས་ན་མེད་པའི་དམག་མི་རྣམས་ལ་ལྟ་སྐྱོང་དང་བྱ་བ་བཀོད་སྒྲིག་སོགས་ཀྱི་ཐོག་ནས་དཀའ་རྙོག་རིམ་པར་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་རྒྱལ་ཡོངས་དམག་དཔུང་ལས་སྤོར་བཀོད་འདོམས་བྱ་བའི་ཚོགས་འདུ་བསྡུས་ཏེ། དམག་ཁུལ་གྱི་བྱ་བའི་སྒྲིག་གཞི་རྣམས་སྔར་ལས་ཇེ་དམ་དུ་བཏང་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིན་གྱིས་དམག་ཁུལ་གྱི་བཀོད་འདོམས་སྒྲིག་གཞིར་ཧ་ཅང་དོ་ནན་བྱས་ཏེ། གོང་རིམ་གྱི་བྱ་བའི་བཀོད་ཇུས་ནང་ཤར་སྐྱོད་དགོས་པ་ལས་བཀོད་འདོམས་དང་ལེན་མི་ ཐུབ་པའི་རྒྱུ་མཚན་གང་ཡང་བགྲང་མི་ཆོག་སྐོར་བརྗོད་ཡོད་པ་རེད།

བོད་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་སློབ་གྲྭ་ཁག་ནས་ཀྱང་དམག་མི་མང་པོ་བསྡུ་སྒྲུག་བྱེད་བཞིན་ཡོད་པ་ལྟར། བོད་རིགས་སློབ་ཕྲུག་མང་པོས་སློབ་མཚམས་བཞག་སྟེ་ལོ་མང་རྒྱ་ནག་ནང་ལོགས་སུ་ཕྱིན་ནས་དམག་སྦྱོང་བྱས་རྗེས། ཕྱིར་རང་ཡུལ་དུ་ལོག་སྟེ་ལས་ཀ་མ་རག་པར་ཞིང་འབྲོག་ལས་དང་ཚོང་ལས་སོགས་གཉེར་ནས་འདུག་མཁན་དང་། དེ་བཞིན་ཕྱིར་ལོག་རྗེས་ལོ་ཤས་རིང་གྲོང་རྡལ་ཁག་ཏུ་སྲིད་གཞུང་གི་བྱ་བར་ཞུགས་རྗེས་ལས་ཀ་ཤོར་སོང་བའི་དཀའ་ངལ་ཡང་མང་པོ་འཕྲད་ཀྱི་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས། ཉེ་བའི་ལོའི་ནང་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་རྡལ་ཁུལ་གྱི་དམག་ཁོངས་སུ་མེད་པའི་དམག་མིའི་བྱ་བ་བཀོད་སྒྲིག་ཐད་སྔར་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་ འཕྲད་ཀྱི་ཡོད་ལ། སྲིད་གཞུང་ནས་དམག་མི་ཡིན་པ་དང་ལེན་མི་བྱེད་པའི་གནད་དོན་བྱུང་གི་ཡོད་པ་མ་ཟད། དམག་མིའི་ལྟ་སྐྱོང་ལས་གཞི་དོན་འཁྱོལ་དཀའ་བ་དང་བཀོད་སྒྲིག་དལ་འགོར་སོགས་བྱས་ཏེ། དམག་ཁོངས་ན་མེད་པའི་དམག་མི་ཚོའི་ཁེ་དབང་ལ་དོ་ཕོག་བཟོ་ཡི་ཡོད་པར་བརྟེན། དམག་མི་རྒན་པ་དང་དམག་ཁོངས་ན་མེད་པའི་དམག་མི་རྣམས་ཀྱིས་གོང་རིམ་ལ་གཏུག་བཤེར་དང་ངོ་རྒོལ་ཞུ་འབོད་ཀྱི་ལས་འགུལ་རིམ་པར་སྤེལ་དགོས་བྱུང་ཡོད་སྐོར་རྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    དམག་ཁོངས་སུ་མེད་པའི་དམག་མི་ཟེར་བ་དམག་ཟུར་ཞེས་བྲིས་ན་ཆོག་མོད། ཚིག་གྲུབ་རིང་པོ་འབྲི་དགོས་བའི་རྒྱུ་མཚན་ན་མི་ཤེས།

    དམག་ཟུར་ཆིག་སྟོང་ལྷག་གིས་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་སྲིད་གཞུང་གིས་འབོད་སྐུལ་ལྟར་ཏན་ཏན་མ་སྒྲུབ་ཚེ་དམར་གཞུང་མགོ་རྟིང་སློག་པའི་སྔ་ལྟས་ཆགས་པ་རེད།

    དམག་མི་དང་དམག་ཟུར་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས་གསར་འགྱུར་གྱི་ཁ་བྱང་དང་ནང་དོན་གཉིས་འགལ་འདུག་པས་འུར་བརྗོད་མ་བྱས་མ་བཟང་བ་དང་གསར་འགོད་པའི་ཀུན་སྤྱོད་ལའང་དོ་ཕོག་ཡོང་སྲིད།

    དེང་སང་རྒྱ་ནག་གཞུང་ལ་འཕྲད་པའི་དཀའ་ངལ་གཙོ་བོ་དག་ནི་ དབུལ་ཕྱུག་འདྲ་མཉམ། གཞོན་སྐྱེས་ལས་མེད། ཁྲིམས་ཁང་དྲང་པོ་མེད་པ། ཏང་གི་ནང་འཁྲུག་གནད་དོན་བཅས་ནི་རྒྱལ་ཁབ་ཅིག་མགོ་རྟིང་ལོག་པའི་ཆ་རྐྱེན་གཙོ་བོ་ཡིན་པས་རྒྱ་གཞུང་ལ་ཆ་ཚང་འཛོམས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese