མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་སུད་སིའི་ནང་མཛད་འཕྲིན་སྐྱོང་བཞིན་པ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་སུད་སིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་བོད་མི་ཚོར་སྤྱོད་ལམ་ཡག་པོ་བྱེད་དགོས་སྐོར་དང་། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཐོག་ལ་སློབ་སྦྱོང་བྱེད་དགོས་སྐོར་སོགས་ནན་གསུང་གནང་འདུག

2016-10-12-Bern_G04-PhotoManuelBauer_SD226911སུད་སི་དང་ལིག་ཏན་སི་ཊཡན་བོད་རིགས་མི་མང་གིས་གསོལ་འདེབས་ཞུས་པ་ལྟར། ཟླ་འདིའི་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་སུད་སིའི་གྲོང་ཁྱེར་བྷེན་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཉིན་དེའི་མཛད་འཕྲིན་ཐོག་མར་ HOUSE OF RELIGION ཞེས་པའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་ལུགས་འདྲ་མིན་གྱི་ཆོས་དཔོན་ཁག་ཅིག་དང་ལྷན་ཉིན་གུང་ཚིགས་ལ་རོལ་བ་དང་། དེའི་རྗེས་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་དང་ཆོས་ལུགས་མཉམ་གནས་ཐོག་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད།

ཕྱི་ཚེས་ ༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ངོས་ནས་༧གོང་ས་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་དང་། བརྟན་བཞུགས་རྗེས་བོད་རིགས་གཙོས་པའི་ཕྱི་རྒྱལ་མི་རིགས་མང་པོ་ཞིག་དང་། རྒྱ་རིགས་སོགས་འདུས་པའི་མིང་མང་སུམ་སྟོང་ལྷག་ལ་དབུ་མ་རིན་ཆེན་ཕྲེང་བ་དང་། སྒོམ་རིམ་བར་མ། རྒྱལ་སྲས་ལག་ལེན་སོ་བདུན་མའི་དབང་སོགས་ཀྱི་བཀའ་ཆོས། དེ་བཞིན། བོད་རིགས་ཚོར་དམིགས་བསལ་བཀའ་སློབ་སོགས་གནང་ཡོད་འདུག

༧གོང་ས་མཆོག་གིས་སུད་སི་བོད་རིགས་ཚོར་བཀའ་སློབ་ཕེབས་པའི་ནང་། སུད་སི་ནི་བོད་པ་ཚོར་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན། ང་ཚོ་ཐོག་མར་དཀའ་ངལ་ཆེན་པོའི་སྐབས་ཨ་ཤི་མན་ནས་བོད་ཕྲུག་མང་པོ་བླངས་པ་དང་། དེ་རྗེས་རྒྱ་གྲམ་དམར་པོའི་རོགས་སྐྱོར་དང་སུད་སི་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བོད་པ་སྟོང་ཕྲག་ལྷག་ཅིག་སུད་སི་ནང་བླངས་པ་སོགས་དཀའ་དྲིན་ཆེན་པོ་ཡིན། ད་ལྟ་བོད་མི་ཚོའི་གནས་སྟངས་ཧ་ཅང་ཡག་པོ་འདུག རྩ་བའི་ཞབས་འདྲེན་ཞུ་མཁན་རེ་ཟུང་ཡོད་ཀྱང་བོད་པ་སྤྱིའི་ལས་འགན་འཁུར་སྟངས་ཡག་པོ་འདུག དང་ཐོག་རྒྱ་གར་ནང་དུའང་བོད་པ་ལ་བསྟོད་སྔགས་བྱེད་མཁན་མ་གཏོགས་མེད་ཀྱང་། ག་ལེར་གནས་ཚུལ་འདྲ་མིན་ཐོག་བཤད་རྒྱུ་མང་པོ་ཡོང་གི་ཡོད་པ་རེད། ང་ཚོས་དོ་སྣང་གནང་དགོས་ཀྱི་འདུག ང་ཚོའི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ལ་སློབ་སྦྱོང་དང་། བོད་མི་ཚོས་ཡ་རབས་བཟང་སྤྱོད་ཐོག་ལ་ཤུགས་རྒྱག་དགོས་པ་རེད། ལས་བསྡོམས་ནང་ཁྱོད་རང་ཚོས་སེམས་ཅན་སྲོག་སླུ་གཏོང་བ་སོགས་གནང་འདུག དེ་ཞེ་དྲགས་ཡག་པོ་བྱུང་འདུག དེ་ལ་བསྟོད་བསྔགས་ཡོད། ཅེས་དང་། བོད་པ་ཚོས་ནང་ཆོས་སློབ་སྦྱོང་ཡག་པོ་གནང་དགོས་ཀྱིན་འདུག་ལ། དབུ་མ་རིན་ཆེན་ཕྲེང་བ་སོགས་ནང་ཆོས་ཀྱི་དཔེ་ཆ་དེ་དག་སློབ་དེབ་གྱི་ངོ་བོའི་ཐོག་ནས་སློབ་སྦྱོང་གནང་དགོས་པ་དེ་གལ་ཆེན་པོ་རེད། ཅེས་སོགས་གནང་ཡོད་འདུག

གསར་འགྱུར་གཏོང་མཁན། ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 2

  1. པ་སངས་ལྷ་མོ། says:
    ལོ་ 10 སྔོན།

    རྒྱ་ཆེ་བའི་བརྩེ་ལྡན་རང་རིགས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར།

    རྣམ་པ་ཚོས་མཁྱེན་གསལ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ས་ཕྱོགས་གང་སར་བསྟན་འགྲོའི་བདེ་དོན་ཆེད་ཆིབས་བསྒྱུར་གནང་དང་གནང་བཞིན་པ་དང་། ལྷག་པར་དུ་ཕྱི་རྒྱལ་ཡུལ་ཁག་ལ་ཕེབས་སྐབས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་ཡང་ཡང་བཀའ་ནན་ཕེབས་བཞིན་འདུག ད་ལྟ་བཀའ་སློབ་ཕེབས་སྐབས་ང་ཚོས་བཀའ་གསུང་ཅི་བསྒྲུབ་ཞུ་དགོས་པ་དང་། རྗེས་སུ་ཐུགས་ཕམ་གྱིས་བཀའ་སློབ་ཕེབས་མི་དགོས་པ་བཟོ་རྒྱུ་ང་ཚོའི་ལས་འགན་གཙོ་བོའི་ནང་གི་གཙོ་བོ་ཆགས་ཡོད།

    བོད་ཀྱི་སྐད་ཡིག་ཡག་པོ་བདག་གཅེས་བྱེད་དགོས་ན། དཔལ་ལྡན་སྲིད་སྐྱོང་ནང་མི་གཙོས་བོད་རིགས་ནང་མི་ཡོངས་ནས་སོ་སོའི་ཁྱིམ་ཚང་ནང་ལ་བོད་སྐད་གཙང་མ་ཤོད་རྒྱུ་སོགས་ནས་འགོ་བརྩམས་དགོས་པ་ལས། ཕྱི་ལ་གཏམ་བཤད་བྱེད་སྐབས་འདྲ་ཆགས་པོ་བཤད་པ་ཙམ་གྱིས་ཅི་ལ་ཕན།

    བསམ་བློ་གཏོང་རན་འདུག འདྲ་ཆགས་པོ་བྱས་ནས་འགྲོ་རྒྱུའི་དུས་ཚོད་མ་རེད།

    Reply
  2. ྸྸཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། བཀའ་དྲན་ཆེ་། ངོ་མཚར་ཆེ།
    སྙིང་རྗེའི་རང་གཟུགས་བསྟན་འཛིན་རྒྱ་མཚོར་བསྟོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese