མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཕེབས་འདོད་ཀྱང་རང་དབང་གིས་ཕེབས་ཆོག

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་ཏཱ་ལའི་བླ་མ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་རྒྱ་གར་གཞུང་གི་ཆེ་མཐོང་ལྡན་པའི་སྐུ་མགྲོན་ཞིག་ཡིན་སྟབས། རྒྱ་གར་གྱི་ས་གནས་གང་ཞིག་ཏུ་ཕེབས་འདོད་ཡོད་ཀྱང་ལྟོས་མེད་རང་དབང་གིས་ཕེབས་ཆོག

tibettimesདེ་རིང་རྒྱ་གར་གསར་ལམ་ཁག་ཅིག་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་ཨ་རིའི་གཞུང་ཚབ་སྐུ་ཞབས་རི་ཆཌ་ཌེར་མ་ Richard Verma མཆོག་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་མཚམས་གཟིགས་སུ་ཕེབས་པ་དེར་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཏེ། རྒྱ་གར་ལ་འཇིགས་སྐུལ་དང་སྐྱོན་བརྗོད་སྣ་ཚོགས་བྱས་ཡོད་པ་དང་། དེ་བཞིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལའང་དུས་རྒྱུན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་ཁ་བྲལ་རྩོད་ཀྱི་ཡོད་སྐོར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཝི་ཀས་སཱ་རུབ་ Vikas Swarup མཆོག་གིས་གསུངས་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་རྒྱ་གར་གཞུང་གི་ཆེས་མཐོང་ལྡན་པའི་སྐུ་མགྲོན་ཞིག་ཡིན་སྟབས། ཁོང་རྒྱ་གར་གྱི་ས་གནས་གང་ཞིག་ཏུ་ཕེབས་འདོད་ཡོད་ཀྱང་ལྟོས་མེད་རང་དབང་གིས་ཕེབས་ཆོག ཅེས་དང་། ཡང་ཁོང་གིས་གསུངས་དོན། ཨ་རུ་ནཱ་ཅལ་དང་མོན་རྟ་དབང་ཁུལ་དུ་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཞུ་མཁན་མི་མང་གྲངས་ལས་འདས་པ་ཡོད་སྟབས། ཏཱ་ལའི་བླ་མ་མཆོག་སྔོན་ཆད་མངའ་སྡེ་དེར་ཆིབས་སྒྱུར་བསྐྱངས་ཡོད་ལ། མ་འོངས་པར་ཡང་དེ་ལྟར་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་འགྱུར་ལྡོག་གང་ཡང་ཡོང་མི་སྲིད། ཅེས་སོགས་བརྗོད་འདུག ཅེས་འཁོད་འདུག

གནས་ཚུལ་ནང་མུ་མཐུད་དུ། ༸གོང་ས་མཆོག་ཕྱི་ལོ་ ༢༠༠༩ ལོར་རྒྱ་དཀར་ནག་གི་དངོས་འབྲེལ་ས་མཚམས་སུ་ཆགས་པའི་ཨ་རུ་ནཱ་ཅལ་མོན་རྟ་དབང་དུ་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་གཞུང་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་དུ་རྒྱ་དཀར་ནག་བར་རྩོག་རྙོག་ཡུན་རིང་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་མངའ་སྡེ་དེ་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁྱོན་ (83,500 sqkm)ཙམ་རྒྱ་ནག་གཞུང་ལ་བདག་དབང་ཡོད་སྐོར་ཤོད་བཞིན་ཡོད་པ་རེད།

སྔོན་ཆད་མངའ་སྡེ་དེར་རྒྱ་གར་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་མཚམས་གཟིགས་སུ་ཕེབས་སྐབས་ཀྱང་། རྒྱ་ནག་གཞུང་གིས་ངོ་རྒོལ་ཡང་ཡང་བྱས་ཡོད་པ་དང་། མངའ་སྡེ་དེའི་འཛུགས་སྐྲུན་ཡར་རྒྱས་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་དཔལ་འབྱོར་རམ་འདེགས་བྱས་པར་ཡང་། རྒྱ་ནག་གཞུང་གིས་གནོན་ཤུགས་དང་བཀག་འགོག་གང་ཐུབ་བྱེད་བཞིན་ཡོད་པ་རེད།

༸གོང་ས་མཆོག་མོན་རྟ་དབང་དང་ཨ་རུ་ནཱ་ཅལ་ཁུལ་གྱི་ས་གནས་ཁག་ལ་ཆིབས་སྒྱུར་བསྐྱངས་པ་འདིར་རྒྱ་ནག་གཞུང་ནས་སེམས་འཚབ་ཤུགས་ཆེན་བྱེད་བཞིན་ཡོད་པ་ནི། མངའ་ཁུལ་དེ་དག་ལ་ཆིབས་སྒྱུར་བསྐྱངས་པར་བརྟེན་ཏེ་བོད་ནང་གི་ཆབ་སྲིད་ཐོག་ཤུགས་རྐྱེན་ཐེབས་སྲིད་པར་སེམས་ཚབ་བྱེད་བཞིན་ཡོད་པ་རེད། ཅེས་སོགས་འཁོད་འདུག

འབྲེལ་ཡོད་གསར་གནས། ༼ ཨ་རིས་མོན་རྟ་དབང་གི་རྩོད་རྙོག་ལ་ཐེ་གཏོགས་མ་བྱེད་རོགས། ༽

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༣ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 4

  1. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    རྒྱ་ནག་གིས་ཨ་རུལ་ནཱ་ཅལ་མངའ་སྡེ་བཅིངས་གྲོལ་བྱེད་དགོས། “Give One Get One” གཅིག་སྤྲོད་གཅིག་རག་གི་སྲིད་ཇུས་དེ་ལ་རྒྱ་གར་གྱིས་ངོས་ལེན་བྱས་མེད་པར་བརྟེན་རྒྱ་དཀར་ནག་བར་དམག་འཁྲུག་ཤོར། ད་ནི་རྒྱ་ནག་གིས་རྒྱ་གར་ལ་Take Two Give Nothing སྲིད་བྱུས་ལག་སྟེར་བྱེད་ཀྱི་ཡོད།

    Reply
  2. ཨོ་རྒྱན། says:
    ལོ་ 9 སྔོན།

    གཅིག་ཕན་གཅིག་གྲོགས་རེད། རྒྱ་ནག་གི་རྣམ་འགྱུར་ཡག་པོ་ཡོང་གི་མེད་དུས་རྒྱ་གར་གཞུང་གིས་ཨ་རི་ན་ཅལ་ཕྱོགས་ལ་མཁྲེགས་ཙམ་བྱས་ཏེ་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་ལ་ཡག་པོ་གནང་གི་རེད།

    Reply
  3. salygyal says:
    ལོ་ 9 སྔོན།

    རྒྱ་གར་བློན་ཆེན་བོད་ལ་བཀའ་དྲིན་ཆེ།། སངས་རྒྱས་སྐུ་ལ་གར་ཕེབས་བཀག་འགོག་མེད།།

    Reply
  4. ལོ་མ། says:
    ལོ་ 9 སྔོན།

    རྒྱ་གར་བཀའ་དྲིན་ཆེ། འཕགས་ཡུལ་ཐུགས་རྗེ་ཆེ། བོད་པའི་བདེན་མཐའ་མ་གསལ་བར་རྒྱབ་རོགས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese