མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་ཡར་རྒྱས་དང་ཀུན་སྤྱོད་ཉམས་ཆག

བོད་ཀྱི་དུས་བབ།
༢༠༡༦/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་བོད་གི་རོང་འབྲོག་གཉིས་ཀའི་དཔལ་འབྱོར་ཡར་རྒྱས་གང་འཚམས་འགྲོ་བཞིན་ཡོད་ཀྱང་། དཔལ་འབྱོར་དང་ཤེས་ཡོན་སློབ་གསོ་དོ་མཉམ་མ་ཡོང་བའི་རྐྱེན་གྱིས་མིའི་ཀུན་སྤྱོད་ཉམས་གུད་ཆེན་པོ་འགྲོ་བཞིན་ཡོད་འདུག

25nomads.xlarge1

ཁ་སང་འདི་གའི་གསར་འགོད་པ་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་ཁང་དུ་བསྐྱོད་དེ། བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་དང་གནས་མཇལ་བ་བཅས་མི་གྲངས་ ༢༣ ཙམ་ཡོད་པ་ལས་ཁག་ཅིག་ལ་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ལ་གླེང་མོལ་བྱས། མགོ་ལོག་རྟ་རུ་རྫོང་དུ་སྔོན་ཆད་དང་བསྡུར་ན་དེང་སྐབས་འབྲོག་ཕྱོགས་ཀྱི་འཚོ་གནས་སོགས་ཕྱོགས་གང་ཐད་དུ་ཡར་རྒྱས་ཀྱི་རྣམ་པ་ལྟ་བུ་ཡོད་ཀྱང་། གཞི་རིམ་མང་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་གནས་སྟངས་སྔར་བཞིན་ཧ་ཅང་སྐྱོ་བོ་ཡིན་པ་དང་། སྤྱིར་བཏང་ས་ཆ་དེའི་སློབ་གྲྭ་ཁག་ནང་བོད་རྒྱ་དབྱིན་གསུམ་ལ་སློབ་གཉེར་བྱེད་མཁན་མང་ནའང་བསམ་བློའི་གོ་རྟོགས་ཧ་ཅང་ཞན་པ་དང་། ས་གནས་རེ་འགར་སློབ་གྲྭའི་ནང་སློབ་ཕྲུག་ཚོར་གཅར་རྡུང་གཏོང་གི་ཡོད་སྟབས། བྱིས་པ་ཚོ་སློབ་གྲྭར་འགྲོ་བ་ནི་བཙོན་ཁང་ལ་འགྲོ་གི་ཡོད་པ་ལྟ་བུའི་ཞེད་སྣང་དང་དངངས་ཚུབ་ཡོད་སྐོར་དང་། དེང་སྐབས་བོད་ཁུལ་སྤྱིའི་འཚོ་གནས་ཅུང་ཡར་རྒྱས་ཕྱིན་ཡོད་ཀྱང་མི་མང་གི་ཤེས་ཡོན་སྔར་བཞིན་སྐྱོ་བོ་ཡོད་སྟབས། གྲོང་པ་ཕན་ཚུན་དང་ཕ་མ་སྤུན་ཆད། ཐ་ན་ཁྱོ་ཤུག་ཕན་ཚུན་བར་དུའང་དཔལ་འབྱོར་འགྲན་རྩོད་ཀྱི་དཀའ་རྙོག་མང་པོ་ཡོང་བཞིན་ཡོད་སྐོར་བརྗོད་སོང་།

གནས་མཇལ་བ་གཞན་ཞིག་གིས། རེབ་གོང་སྒོ་དམར་ས་ཆར་མཚོན་ན། དེང་གི་དཔལ་འབྱོར་འགྲན་རྩོད་ཀྱི་གནས་བབ་འོག་ཤེས་ཡོན་སློབ་གསོའི་ཕྱོགས་ལ་འཇུག་མཁན་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད་པ་དང་། ལྷག་པར་དུ་དེང་སྐབས་མཐར་ཕྱིན་སློབ་མ་མང་པོར་ལས་གནས་རག་གི་མེད་སྟབས། མང་ཚོགས་ཀྱིས་དཔལ་འབྱོར་འཚོལ་སྒྲུབ་བྱེད་རྒྱུ་མ་གཏོགས། ཤེས་ཡོན་སློབ་གསོར་ཁ་ཕྱོགས་མཁན་ཉུང་རུ་འགྲོ་བཞིན་ཡོད་པ་དང་། དཔེར་ན། དེང་སྐབས་ཚོང་པ་དང་ཤེས་ཡོན་པ་གཉིས་ལས་ཚོང་པར་བརྩི་མཐོང་བྱེད་ཀྱིན་ཡོད་པ་དང་། ས་ཆ་དེར་མི་མང་གི་འཚོ་རྟེན་གཙོ་བོ་ཐང་ག་འབྲི་བཞེངས་དང་རྡོ་བཟོ་ཤིང་བཟོ་སོགས་ཀྱི་ལས་རིགས་ཡིན་པ་དང་། རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་ཁྲིམས་འོག་སློབ་གྲྭ་ཁག་གི་དགེ་རྒན་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། ཡུལ་མི་ཚོའི་ཁྲོད་དུ་བོད་སྐད་ལས་རྒྱ་སྐད་བཤད་མཁན་མང་པོ་ཡོད་སྐོར་སོགས་བརྗོད་བྱུང་།

གཞིས་སྡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བྱས་ཏེ་བོད་མིའི་འཚོ་གནས་ཡར་རྒྱས་གོང་སྤེལ་གཏོང་རྒྱུར་ཁ་གཡར་ནས་འབྲོག་པ་མང་པོ་བཙན་གྱིས་ས་གནས་སྤོར་དུ་འཇུག་པ་དང་། བོད་མི་ཚོའི་རྩྭ་ས་བཙན་འཕྲོག་བྱེད་པ་དང་། རྒྱ་ནག་ནང་གི་རྒྱ་རིགས་མང་པོ་བོད་ཁུལ་དུ་གནས་སྤོ་བྱས་ཏེ་རྒྱ་རིགས་མང་ཚོགས་ཀྱི་འཚོ་གནས་དང་ཁེ་ཕན་ཁོ་ན་སྒྲུབ་ཀྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་འབྲོག་ཁུལ་གྱི་རྩྭ་ས་བགོས་ནས་ལྕགས་ར་བསྐོར་བར་བརྟེན་ནས། འབྲོག་པ་མང་པོ་སྔོན་ཆད་བཞིན་དབྱར་ས་དགུན་སར་རང་དབང་གིས་སྤར་མི་ཆོག་པ་དང་། དེ་ལ་བརྟེན་ནས་སྡེ་བ་ཁྱིམ་མཚེས་ཕན་ཚུན་བར་རྩྭ་ས་རྩོད་གླེང་གི་དཀའ་རྙོག་འབྱུང་གི་ཡོད་པ་དང་། ལྷག་པར་དུ་དེང་སྐབས་འབྲོག་ཁུལ་དུ་སྔོན་ཆད་ལྟར་ཕྱུག་ཟོག་འཚོ་སྐྱོང་བྱེད་དུ་འགྲོ་མི་དགོས་པར། ཕྱུག་ཟོག་ལྕགས་རའི་ནང་བཅུག་སྟེ་ཕྱུགས་རྫི་རྣམས་དོན་མེད་ལ་རྒྱ་སྲང་ཉུལ་ཏེ། རྒྱན་འཛུགས་ཤོ་རྒྱག་གི་ལས་ལ་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེང་སྐབས་དཔལ་འབྱོར་གྱི་འགྲན་རྩོད་དང་དེའི་ཤུགས་རྐྱེན་ལ་བརྟེན་ཏེ་བཟའ་ཐོར་དང་། མི་དང་མིའི་བར་ཡིད་ཆེས་དང་བརྩེ་བ་རླག་གི་ཡོད་པ་མ་ཟད། ས་ཆ་ལ་ལར་འགའ་རེ་ཨུ་ཐུགས་ཏེ་ཁྱིམ་ཚང་དང་བུ་ཕྲུག་བསྐྱུར་ནས་ཡར་མར་འཁྱམ་སྡོམ་བྱེད་མཁན་དང་། གྲྭ་བ་དང་སྔགས་པ་འདྲ་བོ་བཟོས་ཏེ་རི་ཁྲོད་སོགས་སུ་འགྲོ་མཁན་ཡང་མང་དུ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese