མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་བརྗེ་སྒྱུར་གྱི་སྲིད་བྱུས་གསར་པས་ཚ་ཚ་འུར་འུར་བཟོས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

དངུལ་སྨར་ཧིན་སྒོར་ལྔ་བརྒྱ་ལོ་དང་ཆིག་སྟོང་ལོ་ཚང་མ་སང་ཉིན་ནས་བཟུང་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ནང་ཚུན་དུ་དངུལ་ཁང་དང་སྦྲགས་ཁང་གང་རུང་ནང་བཅུག་པ་དང་བརྗེ་སྒྱུར་བྱེད་མ་ཐུབ་ན་བེད་མེད་དུ་འགྱུར་ཉེན་འདུག་གོ།

55317922.cmsཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་གར་རྒྱལ་ཡོངས་ནང་ཧིན་སྒོར་ལྔ་བརྒྱ་ལོ་དང་ཆིག་སྟོང་ལོ་ཡིས་ཉོ་ཚོང་བྱེད་ཆོག་གི་མེད་པ་ལྟར། ས་གནས་ཁག་ཅིག་ཏུ་དེ་རིང་ནས་བཟུང་མེ་འཁོར་ས་ཚིགས་དང་སྨན་ཚོང་ཁང་སོགས་ནས་ལྔ་བརྒྱ་ལོ་དང་ཆིག་སྟོང་ལོ་ལེན་གྱི་མེད་པ་དང་། དེ་རིང་དངུལ་ཁང་ཁག་སྒོ་བརྒྱབ་པའི་ཁར་ས་གནས་ཁག་ཅིག་ཏུ་དེ་རིང་སང་ཉིན་དངུལ་འདོན་བྱང་བུའི་ (ATM Card) ཐོག་ནས་དངུལ་ལེན་ཐུབ་ཀྱི་མེད་པ་དང་། ཐུབ་པ་ཡིན་ནའང་གྲངས་འབོར་ལ་ཚད་འཛིན་ཡོད་པའི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་སྟབས། ཧིན་སྒོར་བརྗེ་སྒྱུར་གྱི་སྲིད་བྱུས་གསར་པ་འདི་ལ་ཀིང་རི་སི་ཆབ་སྲིད་ཚོགས་པའི་གཙོས་མི་མང་ནང་སྐྱོན་བརྗོད་དང་དོགས་འདྲིའི་ལབ་གླེང་ཤུགས་ཆེན་ཡོང་གི་ཡོད་ཀྱང་། སྲིད་བྱུས་གསར་པ་འདི་རྒྱ་གར་ནང་གི་ནག་ཚོང་དང་ལྐོག་ཟ་རུལ་སུངས། དངུལ་རྫུན་བཟོ་སྐྲུན་སོགས་ཀྱི་གནད་དོན་འགོག་རྒོལ་བྱེད་པར་ཆེད་དུ་དམིགས་པ་ཞིག་ཡིན་སྟབས། ཕུགས་རྒྱང་རིང་པོའི་རྒྱ་གར་གྱི་དཔལ་འབྱོར་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་རྗོད་ཀྱི་འདུག

སྲིད་བློན་མོ་ཌེ་མཆོག་གི་གལ་ཆེའི་ཡོངས་ཁྱབ་གསལ་བསྒྲགས་ནང་དུ་དེ་འབྲེལ་གྱི་དོན་ཚན་ཁག་ ༢༡ འགྲེལ་བརྗོད་གནང་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ནས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ནང་ཚུན་དུ་ཧིན་སྒོར་ལྔ་བརྒྱ་ལོ་དང་ཆིག་སྟོང་ལོ་དངུལ་སྨར་ཚང་མ་དངུལ་ཁང་དང་སྦྲགས་ཁང་ནང་བཅུག་ཐུབ་དགོས་ཀྱི་ཡོད་པ་དང་། དངུལ་སྨར་དངུལ་ཁང་དུ་བཅུག་པར་ཚད་གཞི་མེད་ལ། བཅུག་ཚར་རྗེས་དངུལ་གསར་པ་དེ་རག་གི་ཡོད་འདུག ཡིན་ནའང་། དང་ཐོག་ཉིན་རེར་སྒོར་ཁྲི་གཅིག་དང་གཟའ་འཁོར་རེར་སྒོར་ཁྲི་གཉིས་མ་གཏོགས་འདོན་ཐུབ་ཀྱི་མེད་པས། འཕྲལ་དུ་དགོས་མཁོ་བྱུང་ཚེ་ (Adhaar Card, Voter Card, Ration Card, Passport, PAN Card)། ཡང་ན་གཞུང་གི་ངོས་ལེན་ཡོད་པའི་དཔང་ཡིག་གཞན་ཡོད་པའི་ཐོག་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༢༤ བར་དུ་ཉིན་རེར་ཧིན་སྒོར་ ༤༠༠༠ རེ་བརྗེ་ཐུབ་པ་དང་། ཕྱི་ཚེས་ ༢༥ ནས་ཕྱི་ཟླ་ ༡༢ ཚེས་ ༣༠ བར་གྲངས་འབོར་དེ་ལས་མང་བ་བརྗེ་ཐུབ་ཀྱི་ཡོད་འདུག གལ་སྲིད་རྒྱུ་མཚན་འདྲ་མིན་གྱི་ཐོག་ནས་དུས་ཡུན་དེའི་ནང་དངུལ་སྨར་བརྗེ་བཅུག་མ་ཐུབ་པ་ཡིན་ན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ཉིན་བར་དུ་དངུལ་ཁང་ཨ་མ་ (Reserve Bank) ལ་སྙན་ཞུ་ཆ་ཚང་ཕུལ་རྗེས་བཅུག་ཐུབ་པའི་ལམ་ཀ་ཡོད་འདུག

འགྲུལ་བ་དང་ནད་པ་སོགས་སུ་སྟབས་བདེ་ཡོང་ཆེད་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་གུང་བར་དུ། སྤྱི་མང་སྣུམ་ཚོང་ཁང་གི་ (Petrol, Diesel, CNG gas) ཉོ་ཚོང་བྱེད་ས་དང་། མངའ་སྡེ་གཞུང་དང་དབུས་གཞུང་གིས་གཉེར་བའི་ཅ་དངོས་ཚོང་ཁང་། དེ་བཞིན། མངའ་སྡེ་གཞུང་གིས་གཉེར་བའི་འོ་མ་ཚོང་ཁང་དང་རོ་སྲེག་ཁང་། དུར་ས་བཅས་ནས་ལྔ་བརྒྱ་ལོ་དང་ཆིག་སྟོང་ལོ་ལེན་གྱི་ཡོད་པ་དང་། དེ་བཞིན་ས་གནས་ཁག་ཅིག་ཏུ་དེ་རིང་དང་སང་ཉིན་དངུལ་འདོན་བྱང་བུའི་ཐོག་ནས་དངུལ་འདོན་ཐུབ་ཀྱི་མེད་པ་དང་། ཐོག་མའི་ཉིན་ཤས་ནང་དངུལ་འདོན་བྱང་བུ་གཅིག་གི་ཐོག་ནས་ཉིན་རེར་ཧིན་སྒོར་ ༢༠༠༠ རེ་མ་གཏོགས་འདོན་ཐུབ་ཀྱི་མེད་ཀྱང་། རྗེས་མ་ཧིན་སྒོར་ ༤༠༠༠ རེ་ལེན་ཐུབ་པ་ཆགས་རྒྱུ་ཡིན་འདུག གཞན་ཡང་། རྒྱ་གར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕྱིར་འགྲོ་ནང་འོང་བྱེད་མཁན་གྱི་འགྲུལ་བ་ཚོས་ཕྱི་རྒྱལ་གྱི་དངུལ་དང་ཧིན་སྒོར་ལྔ་བརྒྱ་ལོ་དང་ཆིག་སྟོང་ལོ་བཅས་གང་ཡིན་ཡང་ཧིན་སྒོར་ ༥༠༠༠ ལས་མང་བ་བརྗེ་ཐུབ་ཀྱི་མེད་པ་རེད།

ཧིན་སྒོར་བརྗེ་སྒྱུར་གྱི་སྲིད་བྱུས་གསར་པ་འདི་ལ་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཤེས་རྟོགས་གསལ་པོ་གནང་དགོས་པ་མ་ཟད། དངུལ་སྨར་བདག་ཉར་བྱེད་ཕྱོགས་ཐད་དུས་བཅད་ནང་སྲིད་བྱུས་གསར་པའི་ལམ་སྟོན་ལག་བསྟར་གནང་གལ་ཧ་ཅང་ཆེ་སྟབས། དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་དཔལ་འབྱོར་ལས་ཁུངས་ལ་ཞལ་པར་ཕུལ་ཏེ། འདིའི་ཐད་མི་མང་ལ་ལམ་སྟོན་གསལ་པོ་ཞིག་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དང་། ལྷག་པར་དུ་ཐག་རིང་འགྲུལ་བཞུད་གནང་མཁན་བོད་མི་ཚོར་སྔ་ས་ནས་བརྡ་ལན་གསལ་པོ་ཞིག་འཕྲོད་གལ་ཆེ་བས་འདིའི་སྐོར་ལ་ལམ་སྟོན་ཞིག་གནང་རོགས་ཞུ་སྐབས། འཛིན་སྐྱོང་བཀའ་ཤག་ལ་བཀའ་འདྲི་ཞུས་ན་ལེགས་པའི་ལམ་སྟོན་གནང་བ་ལྟར། བཀའ་དྲུང་ཡིག་ཚང་ལ་ཞལ་པར་ཕུལ་བར་དྲིལ་བསྒྲགས་ལས་ཁུངས་ལ་བཀའ་འདྲི་ཞུ་དགོས་སྐོར་གསུངས་སོང་། དེ་ནས་དྲིལ་བསྒྲགས་ལས་ཁུངས་ལ་ཞལ་པར་ཕུལ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་བཞི་པ་དེ་རིང་ནས་དབུ་འཛུགས་གནང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་ལགས་སོགས་ཚོགས་འདུའི་ཐོག་ཕེབས་ཟིན་པས་བཀའ་འདྲི་ཞུ་ས་རག་མ་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese