མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་ལས་འགུལ་འདི་ཨ་རིའི་ཕུགས་བསམ་དང་རེ་བ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ཊི་རུམ་ཕི་ལ་ཨ་རིའི་སྲིད་འཛིན་འོས་བསྡུར་རྒྱལ་ཁ་ཐོབ་རྗེས་ལྕམ་ཧེ་ལ་རེ་ཡིས་འཚམས་འདྲི་དང་འབྲེལ་རྒྱལ་དོན་ཆེད་མཉམ་རུབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་ཀྱང་ཞི་བདེ་ངང་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཨ་རིའི་གྲོང་འཁྱེར་མང་པོའི་ནང་ཊི་རུམ་ཕི་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་པ་རེད།

photoཁ་སང་ཞོགས་པར་ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཕམ་ཉེས་སུ་སོང་བའི་ལྕམ་ཧེ་ལ་རེ་ཡིས། ནེའུ་ཡོག་གསོལ་མགྲོན་ཁང་གི་ཚོམས་ཆེན་ནང་དུ་ཁོང་མོའི་རྒྱབ་སྐྱོར་རྣམས་ལ་ཐུགས་རྗེས་ཆེ་ཞུ་བའི་མཛད་སྒོ་ཞིག་གི་སྟེང་དུ། མདང་དགོང་ངས་སྐུ་ཞབས་ཌོ་ནལ་ཌི་ཊི་རུམ་ཕི་ལ་རྒྱལ་ཁའི་འཚམ་འདྲི་ཞུས་ཏེ། རྒྱལ་དོན་ཐད་ཁོང་ལ་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ལ། ཁོང་མ་འོངས་པར་ཨ་རིའི་མི་མང་གི་སྲིད་འཛིན་ཡག་པོ་ཞིག་ཡོང་བའི་རེ་བ་ཡོད། ང་ཚོས་སྲིད་འཛིན་འོས་འགྲན་ཁྲོད་འབད་བརྩོན་བྱས་པ་དེ་འོས་བསྡུའི་གྲུབ་འབྲས་ཁོ་ནར་དམིགས་པ་ཞིག་མིན་པར། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་བའི་ལས་དོན་གལ་ཆེན་ཞིག་གི་ཆེད་དུ་ཡིན།

འོན་ཀྱང་། ཐེངས་འདིའི་འོས་འགྲན་ཁྲོད་ང་ཚོར་ཕམ་ཁ་བྱུང་བར་ངས་དགོངས་དག་ཞུ་རྒྱུ་ཡིན། ཕམ་ཁ་འདི་ལ་བརྟེན་ནས་ཁྱེད་རང་ཚོ་སེམས་ཤུགས་ཆགས་ཡོད་པ་ངས་ཤེས་ཀྱི་ཡོད་ལ། ང་ཡང་དེ་བཞིན་ཡིན། དེར་མ་ཟད། འབད་བརྩོན་འདིའི་ཁྲོད་མི་མང་ས་ཡ་ ༡༠ ལྷག་གི་རེ་བ་དང་དམིགས་ཡུལ་ཡོད་སྟབས། ཕམ་ཁ་འདི་ནི་དུས་ནམ་ཡང་བརྗེད་མི་སྲིད་པ་ཞིག་ཡིན། འོན་ཀྱང་། ངས་ཁྱེད་རང་ཚོར་བཤད་རྒྱུ་ཞིག་ལ། ང་ཚོའི་འོས་བསྡུའི་ལས་འགུལ་དེ་སྐབས་ཐོག་གཅིག་གི་འོས་འདེམས་དང་འོས་མི་གང་ཟག་གཅིག་གི་སླད་དུ་མ་ཡིན་པར། དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་དང་ཕུགས་བསམ། བློས་གཏོང་བཅས་ཀྱི་ཆེད་དུ་ཡིན་པ་ཤེས་དགོས།

ང་ཚོའི་དམངས་གཙོའི་ལམ་ལུགས་ཀྱི་རྩ་ཁྲིམས་གཞིར་བཟུང་གིས་ཞི་བའི་ཐོག་ནས་སྲིད་དབང་བརྒྱུད་སྤྲོད་བྱ་དགོས་པ་དང་། དེ་ནི་ཆབ་སྲིད་ཚོགས་ཁག་ཕན་ཚུན་ལ་བརྩི་བཀུར་བྱས་པ་ཙམ་མིན་པར། རྒྱལ་ཁབ་འདི་ཁྲིམས་ཀྱི་དབང་སྒྱུར་དང་། མི་རིགས་འདྲ་མཉམ་གྱི་ཁེ་དབང་དང་ཆེ་མཐོང་། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་ཡོད་པའི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པ་མཚོན་གྱི་ཡོད་སྟབས། ང་ཚོས་རྩ་ཁྲིམས་འདི་ལ་ཆ་འཇོག་དང་འགན་སྲུང་བྱེད་དགོས།

སྐུ་ཞབས་ཊི་རུམ་ཕི་མཆོག་ང་ཚོའི་མ་འོངས་སྲིད་འཛིན་ཆགས་རྒྱུ་ཡིན་སྟབས། ང་ཚོས་བསམ་བློ་གུ་ཡངས་པོའི་ཐོག་ནས་ཁོང་ལ་གོ་སྐབས་སྤྲོད་དགོས་པ་དང་། ངས་འོས་བསྡུའི་ལས་རིམ་འདིའི་ནང་ད་བར་དཀའ་ལས་བརྒྱབ་པ་དེར་གྲུབ་འབྲས་ཡག་པོ་ཐོན་ཡོད་ནའང་། ཕྱོགས་འགའ་རེར་གྲུབ་འབྲས་མ་ཐོན་པ་དེ་ཧ་ཅང་དཀའ་ཚེགས་ཅན་ཞིག་ཡིན་པ་ལྟར། ཁྱེད་རང་ཚོ་མི་མང་གི་སྤྱི་ཚོགས་ཞབས་ཞུ་དང་ཆབ་སྲིད་ལས་དོན། སོ་སོའི་ཆེད་ལས་སོགས་ཀྱི་མདུན་ལམ་ད་ལྟ་མགོ་བཙུགས་ཡོད་སྟབས། མ་འོངས་པར་ཁྱེད་རང་ཚོའི་ལས་དོན་དེ་དག་ཐོག་གྲུབ་འབྲས་འཐོན་ངེས་ཡིན་ཡང་། ཕྱོགས་འགའ་རེར་གྲུབ་འབྲས་མ་ཐོན་པའི་ཐོག་ནས་དཀའ་ངལ་འཕྲད་སྲིད་ཀྱང་། དཀའ་ངལ་དེའི་ཐོག་མུ་མཐུད་ནས་འབད་བརྩོན་དང་གཏོང་ལེན་བྱ་དགོས། ཞེས་སོགས་བརྗོད་འདུག

ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཌི་ཊི་རུམ་ཕི་མཆོག་གི་གཟའ་ཟླ་དང་བུ་ཕྲུག་རྣམས།

ཨ་རིའི་སྲིད་འཛོན་ཨོ་བྷ་མ་མཆོག་གིས་ཀྱང་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་འཐོན་མ་ཐག ཕོ་བྲང་དཀར་པོའི་མདུན་ནས་སྐུ་ཞབས་ཊི་རུམ་ཕི་ཡའི་སྲིད་འཛིན་རྒྱལ་ཁར་འཚམས་འདྲི་དང་འབྲེལ་བརྗོད་དོན། འདས་པའི་ལོ་ངོ་བརྒྱད་ཀྱི་སྔོན་ལ་སྲིད་འཛིན་ཟུར་བ་བྷི་ཤཱི་དང་ངེད་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་ཐ་ཐད་ཡིན་ནའང་། སྲིད་འཛིན་བྷི་ཤཱིའི་ཤོག་ཁག་གིས་ཤོག་ཁག་ཕན་ཚུན་བར་གྱི་ཆབ་སྲིད་ལངས་ཕྱོགས་མི་མཐུན་པའི་རྩོད་གླེང་ལ་མ་བལྟས་པར་སྲིད་དབང་བརྒྱུད་སྤྲོད་ཞུས་ཡོད་པ་ལྟར། ངས་ཀྱང་སྲིད་འཛིན་བྷི་ཤཱི་མིག་དཔེར་བཟུང་སྟེ་ཞི་བདེ་བབ་བརླིང་གི་ཐོག་ནས་སྲིད་དབང་སྤྱི་མཐུན་ཚོགས་པར་བརྒྱུད་སྤྲོད་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

གཞན། ཐེངས་འདིར་ཨ་རིའི་སྲིད་འཛིན་འོས་འགྲན་ཁྲོད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱལ་ཁ་ཐོབ་པ་དང་འབྲེལ་ཏེ། ཨ་རིའི་མངའ་སྡེའི་གྲོང་ཁྱེར་ཆེ་ཁ་གྷོ་དང་སི་ཊལ། སན་ཧྥ་རན་སེ་ཁོ། ནེའུ་ཡོག་གྲོང་ཁྱེར་དང་རྒྱལ་ས་ཝ་ཤིན་ཊོན། ཁ་ལེ་ཧྥོར་ནེ་ཡ་དང་ལོ་སི་ཨན་ཇལ། ཊ་ཁི་སེ་དང་བྷོ་སི་ཊོན། ཌིན་ཝིར་སོགས་ནང་ཡོད་པའི་གཙུག་ལག་སློབ་ཆེན་དང་མཐོ་སློབ་ཁག་གི་སློབ་ཕྲག དེ་བཞིན། ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་གནང་མཁན་བཅས་ཁྱོན་མི་མང་ ༡༢༧༠༠ ལྷག་གྲོང་ཁྱེར་དེ་དག་ནང་ཡོད་པའི་སྐུ་ཞབས་ཊི་རུམ་ཕིའི་ཚོང་གཉེར་ཁང་དང་གསོལ་མགྲོན་ཁང་སོགས་ཀྱི་སྒོ་འགྲམ་དུ་འཛོམས་ཏེ། “ངའི་སྲིད་འཛིན་མིན། ཊི་རུམ་ཕི་ལ་ངོ་རྒོལ་ཡོད”ཅེས་དང་། “ཊི་རུམ་ཕི་སྲིད་འཛིན་འོས་ཁོངས་ནས་ཕྱིར་ཕུད་གཏོང་དགོས” “ཊི་རུམ་ཕི་མི་རིགས་རིང་ལུགས་པ་ཞིག་རེད”ཅེས་ཀྱི་ངོ་རྒོལ་སྐད་འབོད་དང་། འཕྲེད་དར་སྣ་ཚོགས་འཕྱར་ཡོད་པ་མ་ཟད། གྲོང་ཁྱེར་ཁག་ཅིག་ནང་འགྱིག་འཁོར་དང་ཊི་རུམ་ཕི་ཡི་འདྲ་པར་སོགས་མེར་སྲེག་སོགས་ཀྱི་ངོ་རྒོལ་ལས་འགུལ་སྣ་ཚོགས་སྤེལ་ཡོད་འདུག

AP_16315209980585_33x16_1600

ལས་འགུལ་བ་སྐྱེས་པ་ཞིག་གིས། ངའི་མིག་མདུན་དུ་མཆེད་པའི་འཇིགས་སྐྲག་གི་མེ་སྟག་དེ་གསོད་ཆེད་ང་རང་སྲིང་ལམ་དུ་ངོ་རྒོལ་ལས་འགུལ་སྤེལ་དུ་ཡོང་བ་ཡིན། ཊི་རུམ་ཕི་ཡིས་འཇིག་ཉེན་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་མི་མང་བཙོན་དུ་འཇུག་སྲིད་པར་ང་རང་ཞེད་ཀྱི་འདུག ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པར་བརྟེན་ཏེ་ཨ་རིའི་ནང་བཙན་གཡེམ་བརྙས་བཅོས་མང་པོ་འབྱུང་སྲིད་པར་ང་ལ་སེམས་འཁྲུལ་འདུག ཅེས་སོགས་བརྗོད་འདུག

ལས་འགུལ་བ་བུད་མེད་ཅིག་གིས། ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་བར་ཆད་དང་ཕམ་ཁ་ཆེན་པོ་ཞིག་ཡིན་པ་དང་། ང་ཚོས་དུས་ཡུན་རིང་བོར་རེ་ལྟོས་བྱས་པའི་རྒྱལ་ཁབ་འདི་ཕྱི་བཤོལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་བཞིན་འདུག་སྟབས། ང་ཚོ་ཚང་མས་འཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ཨ་རི་མདུན་དུ་བསྐྱོད་པར་ནུས་པ་འདོན་གྱིན་ཡོད། ཅེས་བརྗོད་འདུག

སྐུ་ཞབས་ཊི་རུམ་ཕི་ལ་མི་མང་གིས་ངོ་རྒོལ་བྱེད་དོན་གཙོ་ནི། ཊི་རུམ་ཕི་ཡིས་དེ་སྔ་སྲིད་འཛིན་འོས་བསྡུའི་ལས་རིམ་ནང་གཏམ་བཤད་སྤེལ་སྐབས། ཨ་རིའི་གནས་སྤོ་སྲིད་ཇུས་དང་ཁ་ཆེ་མི་རིགས་ཐོག་དམ་དྲག་བྱ་རྒྱུ་ཡིན་པ་དང་། དེ་སྔའི་འཕྲོད་བསྟེན་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་ཡིན་པ། རྒྱ་ནག་དང་ར་ཤི་ཡར་ཚོང་འབྲེལ་དམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་སོགས་བཤད་ཡོད་པར་འདོད་པ་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་གནས།

༡ ༽ ཨ་རིའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ངོ་སྤྲོད།

༢༽ ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ངོ་སྤྲོད།

༣༽ ཨ་རིའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་གི་སྲིད་བྱུས་ལངས་ཕྱོགས།

༤༽ ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་གི་སྲིད་བྱུས་ལངས་ཕྱོགས།

༥༽ ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་མཐའ་མ།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

སྐར་མ ༦ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༢༣ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 2

  1. སྒྲོལ་མ། says:
    ལོ་ 9 སྔོན།

    སྤྱི་ལོ་ 2016ལོའི་སྤྱི་ཟླ་ 11པའི་ཚེས 9 ཉིན་གྱི་ཆུ་ཚོད14:30སྟེང་། ས་ཡི་གོ་ལ་རིལ་མོ་འདིའི་སྒང་གི་མང་གཙོ་དང་རང་དབང་གི་རུ་འདྲེན་ལྟ་བུར་གྱུར་བའི་ཨ་མེ་རི་ཀས། འབངས་མི་རེ་རེའི་འདེམས་ཤོག་འཕངས་ཏེ། མ་འོངས་པའི་ལོ་བཞིའི་རིང་གི་དབུ་ཁྲིད་ལ་སྐུ་ཞབས་ཌ་ནོལ་ཐྲུམ་ཕིDanold J.Tump བདམས།
    སྐུ་ཞབས་ཌ་ནོལ ཐྲུམ་ཕིDanold J.Tumpནི་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་ལ། 2016ལོའི་ཨ་རིའི་གཙོ་འཛིན་འོས་མིར་གྱུར་བས་ཨ་རིའི་ཕྱུག་པོའི་ནང་སྐད་གྲགས་ཆེ་ཤོས་ཆགས་ཡོད་པ་རེད།
    ལོ་འཁོར་བཞི་རེར་རང་གི་དབུ་ཁྲིད་དེ་ཉིད་མི་བུ་སྒེར་བ་རེ་རེས་འདེམས་ཤོག་འཕངས་ཏེ་བདམས་ཆོག་པའི་ལམ་ལུགས་ཏེ། ཨ་རིའི་མང་གཙོའི་ལྟ་གྲུབ་དང་ལག་ལེན་གྱིས་འཛམ་གླིང་ཤར་ནུབ་ན་ཡོད་པའི་མི་མང་པོའི་ཡིད་ཀྱི་སྨོན་པ་འཆོར་གྱིན་ཡོད་ལ། དུས་རབས་ཉེར་གཅིག་པའི་ནང་ལ་ད་དུང་མངོན་ལྐོག་གཉིས་ཀའི་ལམ་ནས་གཉའ་གནོན་དང་བཤུ་བཞོག མཐོང་ཆུང་། ཟུར་བཀར་བྱེད་ཀྱིན་པའི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཁ་སྐྱེངས་སུ་འཇུག་གིན་ཡོད།
    འདིར་ཨ་རིའི་འོས་བསྡུ་ཆེན་མོའི་སྐོར་གྱི་རྩོམ་ཞིག་བཀོད་ཡོད་དེ། རྩོམ་མཁན་ནི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་གཙོ་སྒྲུབ་པ་ཡིན།
    ཨ་རིའི་འོས་བསྡུ་ནི་རྒྱལ་ཁབ་གཞན་གྱི་འོས་བསྡུ་དང་བསྡུར་ན་མི་འདྲ་བ་ཞིག་རེད། རྒྱལ་ཁབ་གཞན་དུ་རྒྱལ་ཁབ་དེའི་ནང་གི་འོས་འཕེན་མཁན་མི་སྤྱིའི་གྲངས་འབོར་ལས་སུ་ལ་འོས་གྲངས་མང་ན་རྒྱལ་ཁ་དེ་ལ་ཐོབ་པ་རེད། ཡིན་ན་ཡང་། ཨ་རིའི་འོས་ཤོག་བརྩི་སྟངས་དེ་འདྲ་ཞིག་མིན།
    ཨ་རིར་མངའ་སྡེ་ལྔ་བཅུ་ཐམ་པ་ཡོད། མངའ་སྡེ་ལྔ་བཅུ་ཐམ་པའི་སྤྱི་མཐུན་གྱི་རྩ་ཁྲིམས་དང་། སྲིད་གཞུང་། གྲོས་ཚོགས་ལམ་ལུགས་ཤིག་ཡོད་པ་མ་ཟད། མངའ་སྡེ་ལྔ་བཅུ་ཐམས་པར་རང་རང་གི་མངའ་སྡེའི་ཁྲིམས་ལུགས་གཏན་འབེབ་དང་ལག་བསྟར་བྱེད་དབང་ཡོད།
    ཨ་རིའི་ནང་ཆབ་སྲིད་ཤོག་ཁག་ཆེ་ཤོས་གཉིས་ཡོད་པ་ནི་སྤྱི་མཐུན་ཚོགས་པ(Republican Party共和党)དང་། མང་གཙོ་ཚོགས་པ་(Democratic Party/民主党)གཉིས་ཡིན།

    སྤྱི་མཐུན་ཚོགས་པ་ནི་དཔལ་འབྱོར་ཐད་ནས་མ་རྩ་རིང་ལུགས་ཏེ། སྲིད་གཞུང་གི་ངོས་ནས་ཁྲལ་བསྡུ་བ་དང་། ཕྱུག་པོ་ཚོར་ཁྲལ་བསྡུ་བ་ཇེ་ཉུང་དུ་གཏོང་རྒྱུ་དང་། ལས་མིའི་ཟླ་ཕོག་སོགས་ལ་སྲིད་གཞུང་གིས་སྟངས་འཛིན་བྱེད་མི་འོས་པར་འདོད།

    མང་གཙོ་ཚོགས་པས་སྲིད་གཞུང་གིས་ཁྲལ་བསྡུ་རྒྱུ་དང་། ཕྱུག་པོ་ཚོའི་ལག་ནས་ཁྲལ་མང་ཙམ་བསྡུ་རྒྱུ། ལས་མིའི་ཟླ་ཕོག་འཚོ་བའི་ཆུ་ཚད་དང་མཉམ་པ་ཞིག་ངེས་པར་སྤྲོད་དགོས་པ་དང་། ཚད་གཞི་དེ་སྲིད་གཞུང་གིས་གཏན་འབེབ་བྱེད་འོས་པར་འདོད།

    ཀ༽ སྤྱི་ཚོགས་དང་མིའི་རིན་ཐང་ལྟ་ཚུལ།

    སྤྱི་མཐུན་ཚོགས་པས་སྐྱེས་བུ་སྒེར་གྱི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་ཁེ་དབང་གཙོ་བོར་འཛིན།

    མང་གཙོ་ཚོགས་པས་སྤྱི་ཚོགས་ཀྱི་ཁེ་ཕན་དང་ཀུན་ཁྱབ་སེམས་ཁུར་གཙོ་བོར་འཛིན།

    ཁ ༽ སྤྱི་མང་འཕྲོད་བསྟེན་གྱི་ལྟ་ཚུལ།

    སྤྱི་མཐུན་ཚོགས་པས་ཁེ་ལས་སྡེ་ཁག་གིས་འཕྲོད་བསྟེན་ཉེན་འགོག་གི་ལས་ཀ་སྒྲུབ་ཆོག་པ་དང་། མི་སྒེར་གྱི་འཕྲོད་བསྟེན་ཉེན་འགོག་སོགས་རང་ངོས་ནས་མཁོ་སྒྲུབ་བྱེད་དགོས་པར་འདོད།

    མང་གཙོ་ཚོགས་པས་སྲིད་གཞུང་གིས་མི་མང་གི་འཕྲོད་བསྟེན་ཉེན་སྲུང་འགན་ལེན་དང་། འཕྲོད་བསྟེན་ཉེན་འགོག་འདི་སྤྱི་མང་གི་ཐོབ་ཐང་དུ་བརྩི་དགོས་པར་འདོད།

    ག ༽ དམག་དང་གོ་མཚོན་གྱི་ལྟ་ཚུལ།

    སྤྱི་མཐུན་ཚོགས་པས་དམག་དཔུང་དང་གོ་མཚོན་གཞི་རྒྱ་ཇེ་ཆེར་གཏོང་དགོས་པར་འདོད།

    མང་གཙོ་ཚོགས་པས་དམག་དཔུང་དང་གོ་ལག་ཉུང་འཕྲི་བྱེད་དགོས་པར་འདོད།

    གཞི་རྩའི་ལྟ་ཚུལ་མི་མཐུན་པའི་ཆབ་སྲིད་ཤོག་ཁག་ཆེ་ཤོས་འདི་གཉིས་ཀྱིས་རང་རང་གི་ལྟ་བ་དང་། ལངས་ཕྱོགས། འཆར་འགོད་སོགས་བསྒྲགས་ནས་མི་མང་གི་འོས་ཤོག་ཐོབ་ཐབས་བྱེད་པ་དང་། མི་མང་གི་ངོས་ནས་ཀྱང་རང་རང་གི་ཁེ་ཕན་ལ་དཔག་པས་ཤོག་ཁག་སོ་སོའི་འོས་མིར་རྒྱབ་སྐྱོར་དང་ཡང་ན་དགག་པ་བྱེད་པ་རེད།
    འོས་བསྡུའི་སྐབས་སུ། མངའ་སྡེ་རེ་རེར་གཙུག་ལག་འོས་གྲངས་(College Electoral Vote 学院选举人票)ཟེར་བའི་འོས་གྲངས་ཀྱི་ཐོབ་ཐང་ཞིག་ཡོད། གཙུག་ལག་འོས་གྲངས་ཁྱོན་སྡོམ་538 ཡོད་པ་དེ་མངའ་སྡེ་ལྔ་བཅུར་མངའ་སྡེ་སོ་སོའི་མིའི་གྲངས་འབོར་ལྟར་བགོ་འགྲེམ་བྱས་ཡོད།
    ཨ་རིའི་མི་འབོར་ས་ཡ་སུམ་བརྒྱ་ལྷག་ཡོད་པ་རྣམས་དུས་ནམ་ཡིན་ཡང་མངའ་སྡེ་ལྔ་བཅུ་ནང་ནས་གང་དུའང་འགྲོ་སྐྱོད་དང་གནས་སྡོད་བྱེད་ཆོག་པས། མངའ་སྡེ་སོ་སོའི་མི་འབོར་ལ་འགྱུར་བ་ཐེབས་བཞིན་ཡོད། དེ་བས། ལོ་བཅུ་རེའི་མཚམས་སུ་མངའ་སྡེ་སོ་སོའི་མི་འབོར་རྩིས་ཞིབ་ཀྱིས་མངའ་སྡེའི་གཙུག་ལག་འོས་གྲངས་ཀྱི་ཐོབ་ཐང་ཐག་གཅོད་བྱེད། ཁེ་ལི་ཧྥོར་ནི་ཡཱ་མངའ་སྡེ་ལྟ་བུར་མཚོན་ན་གཙུག་ལག་འོས་གྲངས་50 ཡི་ཐོབ་ཐང་ཡོད་ལ། ཀྲེག་སེསི་མངའ་སྡེ་ལ་38. ནིའུ་ཡོག་མངའ་སྡེ་ལ་29. མངའ་སྡེ་རེ་ཟུང་ལ་གཙུག་ལག་འོས་གྲངས་3 ལས་མེད་པའང་ཡོད།
    སྲིད་འཛིན་གྱི་འོས་ཐོབ་པ་ལ། འོས་མི་དེར་གཙུག་ལག་འོས་གྲངས538 ནས་ 270 ཐོབ་དགོས། ཁེ་ལི་ཧྥོར་ནི་ཡཱ་མངའ་སྡེ་ལྟ་བུ་དཔེ་རུ་བཀོད་ནས་བཤད་ན། མིག་སྔར་མངའ་སྡེ་དེར་མི་འབོར་ས་ཡ་སུམ་ཅུ་སོ་དགུ་ཙམ་ཡོད། མངའ་སྡེ་འདིའི་ནང་དུ་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པ་གཉིས་ཀྱི་ཁྱབ་ཁོངས་སུ་ཐོ་འགོད་བྱས་པའི་མི་ཡོད། འོས་བསྡུའི་ཉིན། དཔེར་ན། མངའ་སྡེ་འདི་ནས་མི་གྲངས་བརྒྱ་ཐམས་པ་འོས་ཤོག་འཕངས་ཡོད་པ་དང་། མི་བརྒྱ་ལས་49 ཡིས་སྤྱི་མཐུན་ཚོགས་པར་འོས་འཕེན་པ་དང་། 51 གིས་མང་གཙོ་ཚོགས་པར་འོས་འཕེན་ཡོད་ཚེ། མངའ་སྡེ་འདིའི་གཙུག་ལག་འོས་གྲངས་50 ཆ་ཚང་མང་གཙོ་ཚོགས་པར་ཐོབ་པ་རེད།
    མངའ་སྡེ་ཁ་ཤས་ལས་གཙུག་ལག་འོས་གྲངས་ཀྱི་ཐོབ་ཐང50 དང་། ཁ་ཤས་ལ་3 ལས་མེད་པའི་རྒྱུ་མཚན་གྱིས། རྒྱལ་ཡོངས་ཀྱི་མི་སྒེར་འོས་གྲངས་མཐོ་ཤོས་ཐོབ་མཁན་གྱི་འོས་མི་ལ། གཙུག་ལག་འོས་མ་ཚང་བར་སྲིད་འཛིན་གྱི་རྒྱལ་ཁ་མི་ཐོབ་པའང་ཡོད། དཔེར་ན། ཁེ་ལི་ཧྤོར་ནི་ཡཱ་མངའ་སྡེ་ལ་གཙུག་ལག་འོས་གྲངས་50 ཡོད། གལ་སྲིད་མངའ་སྡེ་ལ་སྤྱིའི་ཆ་ནས་མི་གྲངས་ས་ཡ་39 ཡོད་པ་ལས་དངོས་སུ་འོས་འཕེན་མཁན་ས་ཡ་གཅིག་གིས་མ་གཏོགས་མ་བྱུང་ནའང་། མངའ་སྡེ་འདིའི་འོས་འཕེན་ས་ཡ་གཅིག་ནས་མང་ཤོས་ཐོབ་མཁན་གྱི་འོས་མི་དེར་གཙུག་ལག་འོས་གྲངས་50 ཐོབ་པ་རེད། ཨེ་རིས་མཛོ་ནཱ་མངའ་སྡེ་ལྟ་བུར་མཚོན་ན་སྤྱིའི་ཆ་ནས་མི་གྲངས་ས་ཡ་7 མ་ཟིན་ཙམ་ཡོད། མངའ་སྡེ་འདིར་གཙུག་ལག་འོས་གྲངས་10 ཡི་ཐོབ་ཐང་ཡོད། སྤྱིའི་མི་གྲངས་ས་ཡ6.8 ཙམ་ནས་མི་གྲངས་ས་ཡ་ 5 ཙམ་ནས་འོས་འཕེན་ནའང་། འོས་གྲངས་མང་ཤོས་ཐོབ་མཁན་གྱི་འོས་མི་དེར་གཙུག་ལག་འོས་གྲངས་10 ལས་མི་ཐོབ། དེ་བས། སྐབས་རེར་སྤྱིའི་འོས་གྲངས་མང་ཤོས་ཐོབ་ཀྱང་གཙུག་ལག་འོས་གྲངས་ཀྱིས་མ་འདང་བར་འོས་ཤོར་བ་ཡོང་གི་ཡོད།
    སྤྱི་ལོ་2016 ལོའི་སྔོན་འགྲོའི་འོས་བསྡུའི་སྐབས། ཨ་རིའི་མི་འབོར་སྤྱིའི་བརྒྱ་ཆ་18% ཙམ་གྱིས་མ་གཏོགས་འོས་འཕེན་མེད་པས། ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་མི་མང་གིས་ཆེས་མི་དགའ་སའི་སྤྱི་མཐུན་ཚོགས་པའི་འོས་མི་ཌ་ནོལ ཐྲུམ་ཕི་དང་། མང་གཙོ་ཚོགས་པའི་འོས་མི་ཧིས་ལཱ་རིས་ཁིལེན་ཊོན་གཉིས་སྲིད་འཛིན་འོས་མིར་ཐོབ་པ་རེད།
    ཆབ་སྲིད་དབྱེ་ཞིབ་པ་ཚོས་བཤད་པ་ལྟར་ན། འདས་པའི་སྲིད་འཛིན་འོས་མི་ཚོས་འོས་བསྡུའི་སྐབས་མི་མང་ལ་ཁས་ལེན་བྱས་པའི་བྱ་བཞག་ཁག་ལས། འོས་ཤོག་ཐོབ་མཁན་ཚོས་ཁས་ལེན་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་བར་ཇི་བཞིན་བསྒྲུབས་ཡོད་པར་བཤད་དོ།།

    Reply
  2. བློ་བཟང་། says:
    ལོ་ 9 སྔོན།

    གསར་འགོད་པ་པདྨ་རྒྱལ་ལགས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐོར་ལ་གསར་འགྱུར་ཧ་ཅང་ཡག་པོ་རྐྱང་སྤེལ་སོང་བའི་མ་ཚད། གནས་ཚུལ་དེའི་སྐོར་ལ་མུ་མཐུད་དེ་རྗེས་འདེད་བྱས་ཏེ་སྔོག་འདོན་བྱས་པ་འདི་ཧ་ཅང་གལ་ཆེན་པོ་དང་ཀློག་པ་པོ་ཚོར་ཀློག་སྤྲོ་བ་དང་ཁ་གསལ་བོ་ཆགས་ཐུབ་པ་ཞིག་ཡིན་སྟབས་ཤུན་ཏི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese