མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲོག་གིས་རྩེད་མོ་རྩེ་མཁན་ཇེ་མང་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༤ ལོ་ནས་ད་ལྟའི་བར་དུ་ཉེན་ཁ་ཆེ་བའི་གནས་སུ་འདྲ་པར་བརྒྱབ་སྟེ་མི་ ༡༢༧ གྱིས་ཚེ་སྲོག་ཤོར་ཡོད་པའི་ནང་ནས་མང་ཤོས་རྒྱ་གར་ནང་བྱུང་ཡོད་འདུག

Untitled-1སྤྱོད་སྒོ་ཆེ་བའི་ལག་ཐོག་ཁ་པར་རིགས་མང་པོ་དར་བ་དང་བསྟུན། ཁ་པར་དང་འབྲེལ་བའི་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་ཡང་སྔར་ལས་སྣ་མང་ཅན་དང་མཚར་སྣང་འཕྲུལ་སྣང་ཅན་གྱི་རང་བཞིན་དུ་གྱུར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། མིའི་རིན་ཐང་གི་ལྟ་བའང་ཆུང་ནས་ཆེ་རུ་དང་། ཆེ་ནས་ཆུང་དུ་ཕྱིན་པ་ལྟ་བུའི་ཡ་ཡོ་བའི་རྣམ་པ་ཤུགས་ཆེ་བ་ལྟར། ཨ་རིའི་གཙུག་ལག་སློབ་ཆེན་(Carnegie Mellon University)ཡི་འབུམ་རམས་པ་ཧི་མན་ལཱམ་བྷ་(Hemank Lamba)ལགས་དང་། ཁོང་གི་གྲོགས་པོ་ཁག་ཅིག་གིས་གྲུབ་པའི་ཚོགས་པ་ཞིག་གིས། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཉེན་གནས་སུ་པར་བརྒྱབ་སྟེ་ཤི་རྨས་བྱུང་བའི་གནད་དོན་རིགས་ལ་ཞིབ་འཇུག་བྱས་པ་ལྟར་ན། སྤྱི་ཚོགས་དྲ་ལམ་དུ་ལབ་གླེང་དང་དོ་སྣང་ཆེན་པོ་ཡོང་སླད་དང་། དེ་བཞིན་བརྗེད་དཀའ་བའི་དྲན་རྟེན་ཞིག་གི་ཆེད་དུ།  དེང་སང་ན་གཞོན་མང་པོས་ཉེན་ཁ་ཆེ་བའི་གནས་ཏེ་ཁང་རྩེག་མཐོན་པོ་དང་བྲག་རི་གཡང་གཟར་གྱི་རྩེ་མོ། རྒྱ་མཚོའི་ཁ། ལྕགས་ལམ་གྱི་ཐོག རི་དྭགས་སེམས་ཅན་གྱི་འཁྲིས་སོགས་ནས་པར་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

དེ་ཡང་ཞིབ་འཇུག་ཚོགས་པ་དེས་ཞིབ་འཇུག་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་ཉེན་ཁ་ཆེ་བའི་གནས་སུ་རང་གིས་རང་ལ་པར་བརྒྱབ་པ་དང་། ཡང་ན་གཞན་ལ་པར་རྒྱག་ཏུ་བཅུག་ནས་ཚེ་སྲོག་ཤོར་བ་ ༡༥ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ ༣༩། འདི་ལོའི་ཕྱི་ཟླ་ ༨ པའི་ནང་བར་དུ་མི་ ༧༣ བཅས་ཁྱོན་མི་ ༡༢༧  གྱིས་ཚེ་སྲོག་ཤོར་བ་ཤེས་རྟོགས་བྱུང་ཡོད་པ་དང་། ཚེ་སྲོག་ཤོར་མཁན་གྱི་བརྒྱ་ཆ་ ༧༠ སྐྱེས་པ་ཡིན་ཞིང་། ཆ་སྙོམས་ཀྱིས་རང་ལོ་ ༢༡ ཡས་མས་ཀྱི་ན་གཞོན་ཡིན་འདུག

ཞིབ་འཇུག་ཚོགས་པ་དེའི་གཙོ་གཉེར་བ་ཧི་མན་ལཱམ་བྷ་ལགས་ཀྱིས། ཚེ་སྲོག་མཁན་མི་ ༡༢༧ ལས་རྒྱ་གར་ནང་མི་ ༧༦ དང་། པཱ་ཀི་སི་ཐན་ནང་ ༩། ཨ་རིའི་ནང་ ༨། ཨུ་རུ་སུའི་ནང་ ༦ བྱུང་ཞིང་། རྒྱ་གར་ནང་བྱུང་བ་མང་ཆེ་བ་མེ་འཁོར་ལྕགས་ལམ་དང་འབྲེལ་བ་ཡོད་ལ། ན་གཞོན་ཚོས་གྲོགས་པོ་ཚོ་དང་མཉམ་དུ་ལྕགས་ལམ་གྱི་ཉེན་ཁའི་གནས་སུ་པར་བརྒྱབ་ན། བརྩེ་དགའི་ཉམས་སྣང་ཆེ་ཞིང་གྲོགས་ཀྱི་འདུན་མ་གཏན་དུ་གནས་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་ལུགས་དང་། དེ་བཞིན་ཨ་རི་དང་ཨུ་རུ་སུའི་ནང་བྱུང་བའི་དོན་རྐྱེན་རྣམས་མང་བ་ཆེ་ཞིག་མཚོན་ཆ་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག

ཉེན་ཁའི་གནས་སུ་པར་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཞིབ་འཇུག་ཚོགས་པ་དེས་གནད་དོན་དེ་འགོག་ཐབས་སུ་རང་འགུལ་མཉེན་ཆས་ཤིག་བཟོས་ཏེ། ཉེན་ཁ་ཆེ་བའི་གནས་སུ་འདྲ་པར་རྒྱག་སྐབས་ཉེན་བརྡ་གཏང་བ་ཡིན་ན། ཕན་ཐོགས་ཆེན་པོ་ཡོང་ཐུབ་པའི་རེ་བ་བྱས་ཏེ་རང་གིས་རང་ལ་འདྲ་པར་ཐེངས་ ༣༠༠༠ བརྒྱབ་སྟེ་དངོས་སུ་ཚོད་ལྟ་བྱས་པ་བརྒྱུད། ཉེན་བརྡ་གཏོང་བྱེད་ཀྱི་མཉེན་ཆས་དེས་མཐོ་ས་དང་ལྕགས་ལམ་འགྲམ་སོགས་ཉེན་ཁ་ཆེ་བའི་གནས་ལས་བརྒྱ་ཆ་ ༧༠ བརྒལ་བ་ངོས་འཛིན་བྱེད་ཐུབ་ཡོད་འདུག ཡིན་ནའང་། དབྱེ་ཞིབ་པ་འགའ་རེས་ཉེན་ཁའི་ཁོར་ཡུག་འོག་ཉེན་བརྡ་གཏང་བ་ཡིན་ན་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་པའི་བསམ་ཚུལ་ཡང་བཏོན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese