མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་པོ་མེ་ཡི་བྱུང་བ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན།

ཕྱག་འཚལ་བསྐལ་པའི་མཐའ་མར་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །

—སྒྲོལ་བསྟོད་ལས་དྲངས།

གཞི་རྩའི་ཆ་ནས་ཆེས་ཐོག་མའི་དུས་སུ་འགྲོ་བ་མི་དང་དུད་འགྲོ་ཁ་ཁ་འབྱེད་སྤྱད་དེ་ཕལ་ཆེར་མེ་རེད། ང་ཚོའི་མེས་པོ་གོང་མ་ཚོས་མེ་ཡི་རིན་ཐང་སྟེ། རང་ལུས་ལ་དྲོད་སྟེར་བ་དང་། ཟས་རིགས་གཡོ་སྐོལ་བྱེད་ཐུབ་པ། གཞན་གྱི་རྒོལ་བ་ལས་ཟློག་ཐུབ་པ། མུན་པ་གསལ་ནུས་པ། སྲ་མཁྲེགས་དངོས་པོ་བཞུ་ཐུབ་པ་སོགས། མདོར་ན་མེ་ཡི་ཡོན་ཏན་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་དུ་རྟོགས་པ་ལ་བརྟེན། ཐོག་མར་གློག་འཁྱུགས་ཏེ་ཤིང་སྡོང་སོགས་མེ་རུ་བསྲེགས་པའི་མེ་ཡི་འཁྲིས་སུ་བཅར་བ་དང་། དེ་རྗེས་ཤིང་སྐམ་པོའི་སྟེང་དུ་མུ་ཟི་ཆགས་པ་དག་གཙུབ་བརྡར་ལས་བྱུང་བའི་མེ་སོན་བེད་སྤྱོད་བྱེད་མགོ་བརྩམས་པ་དང་། མཐའ་མར་རང་ཉིད་ཀྱི་ལག་འགུལ་ཏེ་གཙུབ་ཤིང་བཟོས་པ་དང་། དེ་རྗེས་ལྕགས་དང་རྡོའི་བར་དུ་སྤྲ་སྐམ་བཞག་ནས་མེ་སྦོར་བའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་རྙེད་པ་རེད།

མེ་སོན་འདི་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བསླེབས་པ་དང་མཉམ་དུ་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བ་དེ་ཡང་རྦད་དེ་དུད་འགྲོ་སེམས་ཅན་ལས་ཐ་དད་དུ་བསྐྱོད་མགོ་བཙུགས་པ་རེད་ལ། དེས་འགྲོ་བ་མིའི་རིགས་ལ་འཛད་མཐའ་མེད་པའི་རིག་གཞུང་སྣ་ཚོགས་ཀྱི་སྒོ་མོ་ཡང་ཕྱེས་པ་རེད། མེ་ཡིས་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་ཚད་མཐོར་བསྐྱལ་བ་དེས་དྲངས་ཏེ། མཐའ་མར་གློག་ཅེས་པའི་ནུས་ལྡན་སྟབས་བདེའི་དངོས་པོ་ཞིག་ཀྱང་འགྲོ་བ་མིའི་རིག་གཞུང་གི་གཏིང་ཟབ་ཤོས་སུ་འཛུལ་བྱུང་།

རྩ་བའི་ཆ་ནས་མེ་དང་གློག་གཉིས་ཀྱི་ནུས་པ་ལ་འདྲ་ས་མང་པོ་ཞིག་ཡོད་ལ། དེ་གཉིས་ཀྱི་མཐུན་འགྱུར་དང་རོགས་རམ་ལ་བརྟེན་ནས་འགྲོ་བ་མིའི་རིགས་འདི་ས་སྟེང་གི་འགྲན་ཟླ་མེད་པའི་མཐོ་རིམ་སྲོག་ཆགས་སུ་ཐོལ་བརྒལ་བྱུང་བ་རེད། ཐོལ་བརྒལ་འདིས་ང་ཚོར་ལུས་སེམས་ལ་བདེ་སྐྱིད་མང་པོ་ཞིག་བསྐྲུན་བྱུང་། ང་ཚོ་ངོམ་པ་མེད་པའི་བདེ་སྐྱིད་ཅིག་གི་ཀློང་དུ་ཁྲིད་སོང་། བདེ་སྐྱིད་དེས་ང་ཚོའི་ཡོད་ཚད་སྟབས་བདེ་བཟོས་བྱུང་ལ། བདེ་སྐྱིད་དེས་ང་ཚོའི་འཚོ་བར་གནོད་སྐྱོན་ཡང་བཟོས་སོང་། དེ་ནི་མེ་དང་གློག་གིས་བཟོས་པའི་ཐོན་རྫས་མང་དྲགས་པ་འདི་རེད། དེ་ནི་མེ་དང་གློག་གིས་ང་ཚོའི་གཅེས་པའི་ཚེ་སྲོག་འཕྲོག་བཞིན་པ་འདི་རེད།

ནམ་རྒྱུན་འཚོ་བའི་ཁྲོད་དུ་གཏམ་དཔེ་འམ་སྡོམ་ཚིག་ཅིག་ཡོད་པ་སྟེ། མེ་དང་མཉམ་དུ་རྩེད་མོ་མ་རྩེ་ཞེས་པ་དེར་གཞིགས་ཚེ། མེ་ཡི་ཡོན་ཏན་རྨད་དུ་བྱུང་བའི་རྒྱབ་ཕྱོགས་སུ་འཇིགས་སུ་རུང་བའི་མཆེ་སྡེར་ཞིག་ཀྱང་བསྐུངས་བསྡད་ཡོད་པ་ཚོར་ཐུབ། ལྷག་པར་དུ་འབྲོག་པ་རོང་སྒྱུར་དང་རོང་བ་རྒྱ་སྒྱུར་གྱི་དུས་ཚོད་འདི་ལ། མེ་ཡིས་ང་ཚོར་སྤྲད་པ་ལས་ཁྱེར་བ་ཡང་ཉུང་ཉུང་ཞིག་ག་ལ་ཡིན།

འདས་པའི་མི་ལོ་འབུམ་ཕྲག་གི་རིང་ལ་མེ་ཡིས་ང་ཚོའི་ཕ་མེས་ཡང་མེས་ཚོར་འཛད་མཐའ་མེད་པའི་སྟོབས་ཤུགས་དང་ཉམས་པ་མེད་པའི་བླ་སྲོག་ཅིག་བསྩལ་མྱོང་བ་བདེན་པ་རེད། བདེན་པ་འདིའི་གཟི་འོད་ཀྱིས་ང་ཚོའི་ལུས་པོ་དང་རྣམ་ཤེས་ལ་ཡང་དུད་འགྲོ་སེམས་ཅན་དང་མི་འདྲ་བའི་ནུས་པ་དང་གོ་སྐབས་མང་པོ་ཞིག་བསྐྲུན་བྱུང་། གོ་སྐབས་དེ་སྤྱད་ནས་ང་ཚོ་ཡང་ཕ་མེས་ཡང་མེས་ཚོའི་བཞུད་ལམ་དུ་ཚ་ཚ་འུར་འུར་ངང་བསྐྱོད་མགོ་བརྩམས་བྱུང་།

ཉིས་སྟོང་བརྒྱད་ནས་མེ་ཡི་སྨྱོ་ཧམ་ཞིག་གང་སར་འབར་བྱུང་། དེ་ནི་བཀྲེས་ལྟོགས་ཀྱིས་གཟིར་བའི་སྤྱང་ལྟོགས་ཤིག་བག་ཡངས་སུ་རྒྱུ་བའི་ལུག་ཁྱུའི་ནང་དུ་བརྒྱུགས་པ་དང་འདྲ་བྱུང་། གདུག་རྩུབ་ཅན་གྱི་མེ་འདིས། ཧམ་སེམས་ཅན་གྱི་མེ་འདིས། སྙིང་རྗེ་མེད་པའི་མེ་འདིས། ངའི་ཕུ་ནུ་མིང་སྲིང་མང་པོ་ཞིག་གི་ཚེ་སྲོག་འཕྲོགས་སོང་། ངའི་ཕུ་ནུ་མིང་སྲིང་དེ་དག་བཞུད་ཤུལ་དུ་ལུས་པ་ནི། ཀེང་རུས་དཀར་པོ་ཞིག་དང་དུ་བ་བན་བུན་ཞིག་རེད། དེ་ནི་མེ་ཡི་རྐང་རྗེས་རེད། དེ་ནི་མེ་ཡི་ཟློས་གར་རེད། དེ་ནི་མེ་ཡི་གྲིབ་ནག་རེད། དེ་ནི་མེ་ཡི་ལྡོག་འོད་རེད།

སྨྱོ་ཧམ་ཆེ་བའི་མེ་འདིའི་འདོད་པ་ལས་སླ་བོར་མི་ཚིམ་པ་འདྲ་སྟེ། མེ་འདི་གངས་རིའི་ལྗོངས་ནས་བརྒལ་ཏེ་ཧི་མ་ལ་ཡའི་ཕ་རོལ་ཏུ་བསླེབས་སོང་། མེ་འདིས་བཙན་བྱོལ་བོད་མིའི་འཚོ་རྟེན་གལ་ཆེ་བ་ཞིག་སྟེ། གྱོན་ཆས་ཀྱི་ཁྲོམ་ར་རེ་རེ་བཞིན་བསྲེགས་བྱུང་། བོད་མི་མང་པོའི་དཀའ་སྡུག་གི་རྔུལ་ཆུ་རེ་རེ་བཞིན་བསྲེགས་བྱུང་། ཕུ་ནུ་མང་པོའི་མི་ཚེ་གཅིག་གི་འཚོ་རྟེན་རེ་རེ་བཞིན་བསྲེགས་བྱུང་།

སྔོན་ཆད་བོད་ན་ཡོད་དུས། དབྱར་དགུན་སྟོན་དཔྱིད་མེད་པར། ཉིན་མཚན་དབྱེ་བ་མེད་མར། ངས་ལོ་ཟླ་དུ་མ་ཞིག་མེ་དང་མཉམ་དུ་བསྐྱལ་བ་ཡིན། ལྷག་པར་དུ་དགུན་གསུམ་ཁ་བ་དཀར་པོ་འབབ་དུས། སྟོན་གསུམ་རླུང་དམར་འུར་འུར་གཡུག་དུས། ང་མེ་ཡི་དྲོད་ཁོལ་གྱིས་རང་ཉིད་ལ་བདེ་སྐྱིད་དང་འོད་སྣང་སྦྱིན་དུ་བཅུག་པ་དང་། ངས་མེ་ཡི་བྱིན་རླབས་དང་གཟི་འོད་ཀྱིས་རང་ཉིད་ལ་ཚེ་སྲོག་དང་ལང་ཚོ་སྩལ་དུ་བཅུག་པ་ལགས།

ཡིན་ཡང་། ལོ་ཟླ་མང་པོ་ཞིག་འདས་པའི་དེ་རིང་། མེ་ཡིས་མང་པོ་མང་པོ་ཞིག་བསྲེགས་པའི་དེ་རིང་། མེ་ཡིས་ཕུ་ནུ་མིང་སྲིང་མང་པོ་ཞིག་བསྲེགས་པའི་དེ་རིང་། ང་ངོ་མ་མེ་ཡི་འཁྲིས་སུ་བཅར་མི་འདོད། ངའི་གཟུགས་པོ་འཁྱགས་ཤིང་ལག་པ་འདར་ཡང་། ང་ངོ་མ་མེ་ཡི་འོད་ལ་སྐྲག་གི ངས་གཞི་ནས་མེ་ཡི་གདུག་རྩུབ་མཐོང་བྱུང་།

མེ་ནི་མེ་ཡིན་པས། གཏན་ཚིགས་རིག་པ་བ་ཚོས་ཚ་ཞིང་སྲེག་པ་མེ་ཡི་མཚན་ཉིད་དུ་བཞག ཇི་སྲིད་མེ་ཡི་འབར་རྫས་མ་རྫོགས་བར་དུ། མེ་ཡིས་རང་གི་མཚན་ཉིད་འདི་འདོར་རྩིས་མེད་པ་འདྲ། ཇི་སྲིད་འགྲོ་བ་མིའི་རིགས་འདི་མ་རྫོགས་པ་དེ་སྲིད་དུ། མེ་འདིས་རང་གི་སྨྱོ་གར་འཁྲབ་མཚམས་འཇོག་བྱེད་རྩིས་མེད་པ་འདྲ། ཇི་སྲིད་བོད་མི་རིགས་འདི་མེ་དང་རིང་དུ་གྱེས་ན་མ་གཏོགས། མེ་འདིས་ང་ཚོ་བཞག་ནས་འགྲོ་རྩིས་མེད་པ་འདྲ།

རྒྱ་ཆེ་ས་ནས་གླེང་ན། མེ་འདིས་ངའི་སྤུན་ཟླ་ཚོའི་ལུས་པོ་དང་འཚོ་རྟེན་བསྲེགས་པ་ཙམ་མ་ཡིན་པར། མེ་འདིས་བོད་ཁམས་ཧྲིལ་བོ་དང་རྒྱལ་ཁམས་ཚང་མ། མདོར་ན་རི་རབ་དང་རྩྭ་ཐང་། རྒྱ་མཚོ་དང་གཙང་པོ། མཇུག་མཐར་སའི་གོ་ལ་དང་དེའི་མཐའ་སྐོར་གྱི་རྒྱུ་སྐར་ཚང་མ་ཡང་གསོན་སྲེག་བྱེད་རྒྱུ་ཡིན་པ་འདྲ་སྟེ། བསྐལ་པ་མེ་ཡིས་འཇིག་ཅེས་པའི་ལུང་བསྟན་ཞིག་ལ་ང་ཚོས་ཡིད་ཆེས་བྱེད།

མེ་འདིས། ངའི་གཞུང་རྒྱུད་དྲང་བའི་འབྲོག་པ་བསྲེགས་ཟིན། ངའི་སེམས་རྒྱུད་དཀར་པའི་ཞིང་པ་བསྲེགས་ཟིན། ད་ནི། མེ་འདིས་མུ་མཐུད་དེ། ངའི་བྱིན་རླབས་ཅན་གྱི་བླ་མ་བསྲེག་སྲིད། ངའི་ཡོན་ཏན་ཅན་གྱི་མཁས་པ་བསྲེག་སྲིད། ངའི་འཇོན་ཐང་ཅན་གྱི་དཔོན་པོ་བསྲེག་སྲིད། ངའི་སྟོབས་འབྱོར་ལྡན་པའི་ཚོང་བ་བསྲེག་སྲིད། ངའི་ལྷག་བསམ་ཅན་གྱི་དགེ་རྒན་བསྲེག་སྲིད། ངའི་ཤེས་རིག་བཀྲ་བའི་སློབ་མ་བསྲེག་སྲིད། ངའི་དམ་ཚིག་གཙང་བའི་ཆོས་གྲོགས་བསྲེག་སྲིད། ངའི་བྱམས་སེམས་ཅན་གྱི་ཕ་མ་བསྲེག་སྲིད། མདོར་ན། མེ་འདིས་ང་ཚོ་གདོང་དམར་བོད་པ་ཚང་མ་བསྲེག་སྲིད་པས། ང་ཚོ་ཚང་མ་མེ་མེད་པའི་མུན་ནག་གི་འཇིག་རྟེན་ཞིག་ལ་ཆས་རན། ང་ཚོ་ཚང་མ་ཉེན་ཁ་མེད་པའི་བདེ་འཇགས་ཀྱི་ཞིང་ཁམས་ཤིག་ལ་བསྐྱོད་རན།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese