མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ལྡི་ལི་གནམ་ཐང་ནས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཞིག་གིས་ཁོ་རང་གི་ཕྱི་སྐྱོད་ལག་འཁྱེར་ཐོག་ནས་བལ་ཡུལ་མི་སེར་ཡིན་པའི་གྷུ་རུན་ཟེར་བ་ཞིག་ཨ་རིར་གཏོང་རྩིས་བྱེད་སྐབས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་གི་འཛིན་བྱང་ཞིབ་བཤེར་བས་ཤེས་ཏེ་འཛིན་བཟུང་བྱས་ཡོད་འདུག

passengers-airport-kaushik-terminal-satish-delhi-international_7e87a09a-dce0-11e6-8bc2-389d9c78b3dfརྒྱ་གར་ཧིན་རྡུ་དུས་བབ་ཐོག་གནས་ཚུལ་ཐོན་པར། བལ་ཡུལ་གྱི་མི་སེར་ཡིན་པའི་ར་ཇིན་ཌི་ར་གྷུ་རུན་ (Rajendra Gurung)ཟེར་བ་ཞིག་གིས་བོད་མི་པད་མ་དབང་རྒྱལ་ (Wangyal Pema)ཟེར་བ་ཞིག་ལ་ཧིན་སྒོར་འབུམ་ ༤༠ སྤྲད་དེ། པད་མ་དབང་རྒྱལ་གྱི་ཕྱི་སྐྱོད་ལག་འཁྱེར་གྱི་ཐོག་ནས་ཨ་རིར་འགྲོ་རྩིས་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༨ ཉིན་བལ་ཡུལ་མི་ཟེར་ཡིན་པ་གྷུ་རུན་གྱིས་རྒྱ་གར་གྲོང་ཁྱེར་མུམ་བྷེ་ (Mumbai) ལ་འགྲོ་བའི་གནམ་གྲུའི་འཛིན་བྱང་ཉོས་པ་དང་། པདྨ་རྒྱལ་དབང་རྒྱལ་ཕྱིར་ཨ་རིར་འགྲོ་བའི་གནམ་གྲུའི་འཛིན་བྱང་ཉོས་ཏེ། ཁོང་གཉིས་གནམ་ཐང་གི་འཛིན་བྱང་ཞིབ་བཤེར་འགག་སྒོའི་ནང་ལོགས་སུ་བསླེབས་རྗེས། ཁོང་གཉིས་གནམ་ཐང་ནང་ལོགས་ཀྱི་གསང་སྤྱོད་ནང་སོང་སྟེ། ཕན་ཚུན་གྱི་གནམ་གྲུའི་འཛིན་བྱང་བརྗེས་བོ་བརྒྱབ་སྟེ་པད་མ་དབང་རྒྱལ་རྒྱ་གར་གྲོང་ཁྱེར་མུམ་བྷེར་འགྲོ་བའི་གནམ་གྲུར་བསྡད་པ་དང་། གྷུ་རུན་ཨ་རིར་འགྲོ་བའི་གནམ་གྲུར་སྡོད་སྐབས། གནམ་གྲུའི་ནང་གི་འཛིན་བྱང་ཞིབ་བཤེར་བས་གྷུ་རུན་གྱི་འཛིན་བྱང་ལ་ཞིབ་བཤེར་སྐབས་དོགས་གཞི་བྱུང་སྟེ་ཁོ་རྒྱ་གར་དབུས་ཉེན་རྟོག་ཁང་ལ་རྩིས་སྤྲོད་བྱས་ཡོད་འདུག

ཉེན་རྟོག་པའི་འདྲི་རྩད་སྐབས། གྷན་རུན་གྱིས་ཁོ་རང་བལ་ཡུལ་གྱི་མི་སེར་ཡིན་པ་དང་། ཁོའི་དངོས་མིང་ལ་ར་ཇིན་ཌི་ར་གྷུ་རུན་ (Rajendra Gurung) ཟེར་བ་དང་། པད་མ་དབང་རྒྱལ་དང་ཁོ་གཉིས་ཧ་ཅང་འདྲ་བོ་ཡོད་སྟབས། བདེ་འཇགས་ཞིབ་བཤེར་བས་ཤེས་རྒྱུ་མ་རེད་བསམ་ནས་ཕན་ཚུན་གྱི་གནམ་གྲུའི་འཛིན་བྱང་བརྗེས་ཏེ་ཁོ་རང་ཨ་རིར་འགྲོ་རྩིས་བྱས་པ་ཡིན་སྐོར་སོགས་བརྗོད་འདུག

ཉེན་རྟོག་ཕྱོགས་ནས། གྷུ་རུན་དང་པད་མ་དབང་རྒྱལ་གཉིས་གནམ་ཐང་གི་འཛིན་བྱང་ཞིབ་བཤེར་འགག་སྒོའི་ནང་དུ་བསླེབས་རྗེས། ཟུར་གྱི་གསང་སྤྱོད་ཁང་ནང་སོང་སྟེ་ཕན་ཚུན་གྱི་གནམ་གྲུའི་འཛིན་བྱང་བརྗེ་བཞིན་པ་གསང་སྤྱོད་ནང་གི་བརྙན་ལེན་འཕྲུལ་ཆས་ལས་ཤེས་རྟོགས་བྱུང་བ་དང་། གྷི་རིན་བཀག་སྐྱིལ་གྱིས་རྩད་ཞིབ་བྱས་པར་ཁོ་རང་སྔོན་མ་ནས་སྐྱབས་བཅོལ་བའི་མིང་ཐོག་ནས་ཨ་རིར་འགྲོ་འཆར་ཡོད་པ་ལྟར། ཁོས་པད་མ་དབང་རྒྱལ་ལ་ཧིན་སྒོར་འབུམ་ ༤༠ སྤྲད་དེ། དབང་རྒྱལ་གྱི་ཕྱི་སྤྱོད་ལག་འཁྱེར་ཐོག་ནས་ཨ་རིར་འགྲོ་རྩིས་བྱས་ཡོད་པ་དང་། ད་ཆར་ཁོང་གཉིས་ཀ་འཛིན་བཟུང་བྱས་ཏེ་རྩད་ཞིབ་བྱེད་བཞིན་ཡོད་ཀྱང་། དབང་རྒྱལ་གྱིས་རྒྱ་གར་སྐད་ཤེས་ཀྱི་མེད་སྟབས། ད་ཆར་སྐད་སྒྱུར་བ་ཞིག་འཚོལ་བཞིན་ཡོད་ལུགས་སོགས་བརྗོད་འདུག

ཞིབ་འཇུག་བྱས་པ་ལྟར་ན། པད་མ་དབང་རྒྱལ་དང་བལ་ཡུལ་མི་སེར་ཡིན་པའི་གྷུ་རུན་གཉིས་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་གྱི་མ་ཧེ་པལ་པུར་ (Mahipalpur) གྲོང་རྡལ་གྱི་གསོལ་མགྲོན་ཁང་ཞིག་ནས་འབྲེལ་བ་བྱས་ཡོད་པ་དང་། ཁོང་གཉིས་ཀྱི་གདོང་པ་ཧ་ཅང་འདྲ་བོ་ཡོད་པར་བརྟེན། གྷུ་རུན་གྱིས་པད་མ་དབང་རྒྱལ་ལ་ཧིན་སྒོར་འབུམ་ ༤༠ སྤྲད་དེ། ཁོ་པད་མ་དབང་རྒྱལ་གྱི་ཕྱི་སྐྱོད་ལག་འཁྱེར་གྱི་ཐོག་ནས་ཨ་རིར་འགྲོ་རྒྱུ་བྱས་ཡོད་འདུག

པད་མ་དབང་རྒྱལ་ནི་ཨ་རིར་སྡོད་པའི་བོད་མི་སྐྱབས་བཅོལ་ཞིག་ཡིན་པ་དང་། ཟླ་གཅིག་གི་སྔོན་ལ་ཁོ་ཨ་རི་ནས་རྒྱ་གར་ལ་ཡོང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

སྐར་མ ༥ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 2

  1. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    ཨ་ཁ། ད་བོད་པའི་སྤུས་ཚད་སྟོན་གྱི་འདུག

    Reply
  2. chacha says:
    ལོ་ 10 སྔོན།

    བྱེད་རྒྱུ་འབེལ་ན་ཡོང་རྒྱུར་མང་ཞེས་པའི་དཔེ་ལྟར་རེད།དངུལ་ལ་དགའ་ཆེས་དྲག་ན་ཡོང་རྒྱུ་དེ་རེད།ཤེས་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese