མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་གཉིས་པར་ངོས་འཛིན་བྱས།

བོད་ཀྱི་དུས་བབ།
༢༠༡༧/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༩ ཉིན་ཧི་མ་ཅིལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝར་བྷ་དྷཱ་རཱ་སིང(Virbhadra Singh )་གིས་དྷ་རམ་སཱ་ལ་དེ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་གཉིས་པར་ངོས་འཛིན་གསལ་བསྒྲགས་གནང་འདུག

Tibettimes

དེ་ནི་ཉེ་ཆར་ཚོགས་པའི་མངའ་སྡེའི་གྲོས་ཚོགས་མཐའ་མའི་སྐབས་ཐག་གཅོད་བྱུང་བ་ཡིན་འདུག་ལ། ཁ་སང་སྤྱི་ཁྱབ་བློན་ཆེན་ཁོང་དྷ་ཤོད་སོགས་སུ་གཟིགས་སྐོར་གནང་བ་དང་བསྟུན་ཏེ་གསལ་བསྒྲགས་དེ་གནང་ཡོད་འདུག ཁོང་གིས་ “དྷ་རམ་ས་ལ་གནས་ཆགས་པའི་རྡོ་ལ་དྷར་རི་རྒྱུད་ནི་ལོ་རྒྱུས་ཀྱི་ངོས་འཛིན་གལ་ཆེན་ཞིག་ཡིན་སྟབས། ཧི་མ་ཅལ་མངའ་སྡེའི་རྒྱལ་ས་གཉིས་པར་ངོས་འཛིན་བྱས་ན་ཧ་ཅང་འོས་ཤིང་འཚམས་པ་ཞིག་རེད།” ཅེས་བརྗོད་འདུག

དེ་ནི་ཧི་མ་ཅལ་མངའ་སྡེ་ལ་གྲོས་ཚོགས་རྐུབ་སྟེགས་ ༦༨ ཡོད་པ་ལས། ཀང་ར་རྫོང་(Kangra)དང་ཨོ་ནཱ་རྫོང་(Una)། ཧཱ་མོར་པུར་རྫོང (Hamirpur)སོགས་ཀྱིས་རྐུབ་སྟེགས་བརྒྱ་ཆ་ ༢༥ ཟིན་ཡོད་པ་མ་ཟད། དྷ་རམ་ས་ལ་ནི་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གཙོས་པའི་ཅཱམ་བྷ་(Chamba)རྫོང་དང་། ཧཱ་མོར་པུར་(Hamirpur)རྫོང་། ཨོ་ནཱ(Una)རྫོང་སོགས་ལའང་གལ་གནད་ཆེན་པོ་ཆགས་ཡོད་པ་སོགས་ལ་བརྟེན་ཏེ་ད་རེབ་གྲོས་ཚོགས་ནང་དྷ་རམ་ས་ལ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་གཉིས་པར་ངོས་འཛིན་བྱུང་བ་ཞིག་ཡིན་འདུག

སྤྱི་ཁྱབ་བློན་ཆེན་གྱིས་དྷ་རམ་ས་ལཱ་ཉེ་འཁོར་གྱི་ཡུལ་མི་ཚོས་ཐག་གཅོད་འདིའི་གལ་གནད་མི་རིང་བར་ངོས་ཟིན་ཡོང་གི་རེད་ལ། ཁོ་ཚོ་འདི་ནས་ལམ་ཐག་རིང་པའི་སིམ་ལཱ་སོགས་ལ་ལས་ཀ་བྱེད་དུ་འགྲོ་མི་དགོས་པ་ཆགས་ཡོང་གི་རེད། ཅེས་བརྗོད་ཡོད་འདུག

དྷ་རམ་ས་ལ་དེ་སྲིད་བློན་མོ་ཌི་ཡི་དེང་རབས་ཅན་གྱི་གྲོང་ཁྱེར་དུ་བསྒྱུར་དགོས་པའི་རྒྱ་གར་གྱི་ཁྲོང་ཁྱེར་བརྒྱ་ཡི་ནང་དུ་ཚུད་ཡོད་པ་རེད་ལ། དྷ་ས་ནི་ཆོས་ལུགས་དང་རིག་གནས་སོགས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། ཡུལ་སྐོར་བ་སོགས་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་དེ་ནི་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱིའི་ས་ཁྲའི་ངོས་སུ་གལ་གནད་ཆེ་བའི་ས་ཚིགས་ཤིག་ཆགས་ཡོད་པ་རེད། ཧི་མ་ཅལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་དུས་ ༡༢ པ་དེ་དྷ་རམ་ས་ལཱར་ཚོགས་ཡོད་འདུག

1445687551_img21

ཧུན་རྡི་སི་ཐན་དྲ་བས་གནས་ཚུལ་སྤེལ་གསལ་ལྟར་ན། དྷ་ས་ཁུལ་གྱི་དབུ་ཁྲིད་དང་མི་མང་ཚོས་སྤྱི་ཁྱབ་བློན་ཆེན་ལགས་ལ་དྷ་ས་དེ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་གཉིས་པར་གསལ་བསྒྲགས་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

དྷ་རམ་ས་ལཱ་ནི་༧གོང་ས་མཆོག་གི་རྒྱུན་གཏན་བཞུགས་གནས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆགས་ཡུལ་ལྟེ་བའང་ཡིན།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

ཆུ་ཚོད་ ༡༣ སྔོན་ལ།
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༥/༡༢/༡༩
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

༢༠༢༥/༡༢/༡༩
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

༢༠༢༥/༡༢/༡༩
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

༢༠༢༥/༡༢/༡༩

མཆན། 1

  1. ྗAbharu Jigwang says:
    ལོ་ 9 སྔོན།

    ༅༅། བཞུགས་སྒར་རྡ་རམ་ས་ལ་དེ་ནི་ཧི་མ་ཅལ་མངའ་སྡེའི་ནང་གི་
    རྒྱལ་ས་གཉིས་པར་བཟོ་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་གནང་པ་ནི་
    བོད་མི་ཚོར་ཡང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་བརྗོད་མི་དགོས་པ་ཡིན།
    རྒྱ་གར་དབུས་དང་ས་གནས་འབྲེལ་ཡོད་ཚང་མར་བཀྲིས་བདེ་ལེགས་ཡོད།
    གནས་ཚུལ་འདི་སྔོན་ལོ་རྒྱ་གར་ལ་འགྲོ་སྐབས་རྡ་སར་བདུན་གཅིག་ལྷག་
    བསྡད་སྐབས་གསར་འགྱུར་ནང་ནས་ཐེངས་ཤས་གོ་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese