མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་མི་འདོད་པ་མང་པོ་ཞིག་ལེ་ཁི་ཆང་གིས་སྦེད།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གྱིས་ཨ་རྒྱ་གཉིས་བར་ཚོང་འབྲེལ་དམག་འཁྲུག་བརྒྱག་འདོད་མེད་ལ། རྒྱལ་ནང་ལ་ཟིང་འཁྲུག་བསླངས་འདོད་ཀྱང་མེད། ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཁག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་སྤྲོད་འདོད་མེད་ལ། ཧོང་གོང་ལ་རང་བཙན་སྤྲོད་འདོད་དེ་ལས་ཀྱང་མེད། དེ་མིན་གྱི་གནད་དོན་གཞན་མང་པོ་ཞིག་ཀྱང་ཡོད་པ་རེད།

རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་གཉིས་མཇུག་བསྒྲིལ་རྗེས། གཟའ་ལྷག་པའི་ཉིན་སྲིད་བློན་ལེ་ཁི་ཆིང་གིས་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། རྒྱ་ནག་གི་དཔལ་འབྱོར་དང་ཨ་རྒྱའི་འབྲེལ་ལམ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད་པ་དང་། སྲིད་བློན་ལེ་ཡི་གསར་འགོད་ལྷན་ཚོགས་སྟེང་གི་སྐད་ཆ་དག་ལས་ང་ཚོས་གནད་དོན་དྲུག་བཤད་ཐུབ།

དང་པོ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ།

སྲིད་བློན་ལི་ཡིས་ཨ་རྒྱ་གཉིས་བར་ཚོང་དོན་དམག་འཁྲུག་ག་འདྲ་ཞིག་བྱུང་ཡང་། མ་འོངས་པར་ཉེས་ཆད་གཅོད་དགོས་ཡོང་གི་རེད། སྐབས་དེར་ཐོག་དང་པོར་ཨ་རིའི་བཟོ་གྲྭ་ཁག་དཀའ་ངལ་འཕྲད་ངེས་རེད་ཟེར། ལེ་ཡིས་ “ང་ཚོས་རྒྱལ་ཁབ་གཉིས་བར་ཚོང་དོན་དམག་འཁྲུག་བརྒྱག་མ་དགོས་ན་བསམ་ཡོད། དེས་མ་འོངས་པར་ཕྱོགས་གཉིས་ཀྱི་ཚོང་ལས་དྲང་པོ་ཡོང་བར་ཕན་ཐོགས་གང་ཡང་མེད།” “ང་ཚོ་རྒྱ་ནག་གི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་བརྡབ་གསིག་ཕྲན་བུ་རེ་བྱུང་བ་དེ་སྐྱོན་ཆ་ཆེན་པོར་མཐོང་གི་མེད། ང་ཚོས་མུ་མཐུད་དུ་བཟང་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་པར་རེ་བ་བརྒྱབ་ཡོད།” ཅེས་བརྗོད་འདུག

ལེ་ཡིས་པེ་ཅིན་དང་ཝ་ཞིན་ཊོན་གཉིས་ཐུག་འཕྲད་བྱ་འཆར་ཡོད་ལ། དེ་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་བར་གྱི་གྲོས་མོལ་ཞིག་ཡིན་པ་དང་། གསར་འགོད་པ་ཚོས་ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་བྱེད་ཡུལ་དེ་སྲིད་འཛིན་ཊི་རུམ་ཕི་ཧྥི་ལོ་རེ་ཌ་(Florida)ཡི་མཱར་ཨཱ་གྷཱོ་སྤྲོ་གླིང་(Mar -a-Lago resort)ཟེར་བ་དེ་ཡིན་སྐོར་བཤད་ཀྱི་ཡོད་པ་རེད།

སྲིད་བློན་ལེ་ཡིས་བརྗོད་དོན་ “ ངས་བསམ་པར་ང་ཚོ་ཕྱོགས་གཉིས་ལ་ཁྱད་པར་ག་རེ་ཡོད་ཀྱང་། ཐུག་འཕྲད་གྲོས་མོལ་དང་ལས་ཀ་མཉམ་དུ་བྱས་ན་གནད་དོན་ག་རེ་ཡིན་ཡང་སེལ་ཐུབ་ངེས་རེད།” ཅེས་བརྗོད་དེ། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དང་དངུལ་གྱི་འཛའ་ཐང་ཕྱོགས་ནས་མི་འདྲ་བའི་གནས་སྟངས་ཡོད་ཀྱང་། ཁོ་རང་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ནས་རེ་བ་རྒྱག་གི་ཡོད་སྐོར་སོགས་བརྗོད་ཡོད།

ཁོས་ད་དུང་བསྐྱར་དུ་ཨ་རིས་ཐེ་ཝན་ཐད་རྒྱ་ནག་གཅིག་གི་སྲིད་ཇུས་ངོས་ལེན་བྱ་རྒྱུ་དེ་ཨ་རྒྱའི་འབྲེལ་ལམ་ཐད་ཀྱི་གཞི་རྩ་མེད་དུ་མི་རུང་བ་ཞིག་ཡིན་སྐོར་བརྗོད་ཡོད། ཨ་རིའི་འོས་བསྡུ་གྲུབ་རྗེས་སྲིད་འཛིན་ཊི་རུམ་ཕིས་ཁ་པར་ལས་ཐའེ་ཝན་གྱི་སྲིད་འཛིན་ཚཱེ་ཡིན་ཝན་ལ་ཁ་བརྡ་བྱས་པ་དེས་དུས་ཐུང་རིང་ཨ་རྒྱའི་འབྲེལ་ལམ་ཟང་ཟིང་བཟོས་ཡོད་ཀྱང་། དེའི་རྗེས་ཊི་རིམ་ཕིས་ཞི་ཅིན་ཕིན་ལ་ཁ་པར་གྱི་ལམ་ནས་ཁོའི་འཛིན་སྐྱོང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཡོད་སྐོར་བརྗོད་ཡོད།

ལེ་ཁི་ཆང་གིས་ཨ་རིའི་སྲིད་འཛིན་ཊི་རིམ་ཕི་དང་མཐོ་རིམ་དཔོན་རིགས་ཚོས་རྒྱ་ནག་གིས་ཨ་རིའི་ཐོན་སྐྱེད་བཟོ་གྲྭ་ཁག་ཏུ་རྐུན་མ་རྒྱག་གི་ཡོད་པར་བཤད་ཀྱང་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱས་པ་དེས་ན་ནིང་གཅིག་པོར་ཨ་རིར་ལས་ཀ་ས་ཡ་ ༡ ལྷག་བསྐྲུན་ཐུབ་ཡོད་པ་རེད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་མི་འདྲ་བའི་ཕྱོགས་དེར་དོ་སྣང་བྱེད་པ་ལས་ཕན་ཚུན་གཉིས་ཀར་འདོད་མོས་ཡོད་པའི་འདྲ་མཚུངས་ཀྱི་ཕྱོགས་ལ་ཤུགས་བརྒྱབ་ན། གཞན་དག་མ་འོངས་པར་དུས་ཚོད་དང་བསྟུན་ཏེ་འགྲིག་འགྲོ་བ་རེད། ཅེས་སོགས་བརྗོད་ཡོད་པ་རེད།

གཉིས་པ། ཧོང་ཀོང་།

ལེ་ཡིས་ཧོང་ཀོང་རང་བཙན་སྐོར་ཁ་ཐུག་གིས་བཤད་མེད་ཀྱང་། ཁོས་གནད་དོན་དེའི་སྐོར་ཉིན་བཅུའི་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གྱི་ཉིན་དང་པོར་སྙན་ཐོ་སྒྲོགས་སྦྱང་བྱེད་སྐབས་བཤད་ཡོད། ཁོས་ “ཧོང་ཀོང་རང་བཙན་གྱི་བསམ་ཚུལ་དེ་ནམ་ཡང་མི་སྲིད་པ་ཞིག་རེད།” ཅེས་བརྗོད་ཡོད།

ཁོས་ད་དུང་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་གཉིས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ཐད་མཉམ་འབྲེལ་བྱས་ཏེ། ཧོང་ཀོང་དེ་རྒྱ་ནག་གི་ཁྲོམ་རྭའི་དཔལ་འབྱོར་གྱི་གཞི་བརྟེན་ལྟ་བུ་ཞིག་ཏུ་བསྒྱུར་ཐབས་སུ་འཆར་གཞི་གསར་བ་སྒྲིག་གི་ཡོད་སྐོར་བརྗོད་ཡོད།

ལེ་ཡིས་སྲིད་གཞུང་གིས་ད་ལོ་ནས་ཁྲོམ་རྭའི་དཔལ་འབྱོར་གན་རྒྱའི་ལས་འཆར་གསར་པ་འཇོག་རྒྱུ་ཡིན་ལ། དེས་ཕྱིའི་རྒྱལ་ཁབ་ཁག་གི་མ་རྐང་ཧོང་ཀོང་བརྒྱུད་ནས་རྒྱ་ནག་ལ་འདྲེན་གྱི་ཡོད་སྟབས། ཧོང་ཀོང་ནི་ལས་དོན་དེར་ཕན་ཐོགས་ཡུལ་གྱི་གནད་སར་འཁེལ་ཡོད། བཟོ་གྲྭ་དེ་དག་གི་ལས་འཆར་རྒྱུ་ཆ་ཧོང་ཀོང་དང་ཧྲིང་ཧེ། ཧྲིན་ཀྲུན་སོགས་ཀྱི་བར་དུ་འབྲེལ་ཡོད་པ་དང་། ཧོང་ཀོང་དེ་ “རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས།”དང་། དེ་བཞིན། ཚོང་ལས་ཚོགས་པ་མང་པོའི་འབྲེལ་མཐུད་སྒོ་འབྱེད་ས་ལྟེ་བ་དེ་ཆགས་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད།

ལེ་ཡིས་ཧོང་ཀོང་གིས་ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཀྱི་ལྟ་གྲུབ་དེ་ངེས་ཤེས་ཟབ་མོ་ཡོད་པའི་ཐོག་ནས་ལག་ལྟར་བྱེད་དགོས་པ་དང་། ལྟ་གྲུབ་དེར་འཁྱོག་བཤད་སོགས་གང་ཡང་མེད་པའི་ཐོག་ནས་ངོས་ལེན་གནང་ན་ཧོང་ཀོང་ལ་ཕན་ཐོགས་ཆེན་པོ་ཡོད་ཚུལ་བརྗོད་ཡོད།

གསུམ་པ། ལྷོ་རྒྱ་ནག་རྒྱ་མཚོ་དང་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག

ཐཱ་ལེན་ཊིའི་གསར་འགོད་པས་ལེ་ཁི་ཆང་ལ་སྟོབས་ཆེན་རྒྱ་ནག་དང་ཨ་རིའི་ས་མཚམས་རྩོད་རྙོག་གི་གནས་སྟངས་འོག་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅི་བྱ་གཏོལ་མེད་དུ་གྱུར་བཞིན་པའི་སྐབས་འདིར། རྒྱ་ནག་གིས་བསམ་བཞིན་དུ་རྩོད་ཉོག་ཡོད་པའི་གླིང་ཕྲན་དེ་རང་ལ་འཛུགས་སྐྲུན་བྱེད་བཞིན་པའི་སྐོར་ལ་དྲི་བ་བཏོན་པར། ལེ་ཡིས་རྒྱ་ནག་གིས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཨ་རྒྱ་གཉིས་བར་དུ་བཙན་ཤེད་བྱ་འདོད་མེད་ལ། རྒྱ་ནག་གིས་མུ་མཐུད་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་བདེ་འཇགས་དང་ཚོང་དོན་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

“ང་ཚོས་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག་དེ་གྲང་དམག་སྐབས་ག་རེ་བྱུང་བའི་བསམ་ཕྱོགས་ལྟར་ཟུར་འདོན་བྱ་འདོད་མེད།” ཅེས་བརྗོད་སོང་།

ཨེ་ཤ་ཡའི་ལྷོ་བྱང་ཁུལ་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནི་ཡུན་རིང་ས་མཚམས་རྩོད་རྙོག་ཡོད་མེད་ལ་མ་ལྟོས་པའི་རྒྱ་ནག་གི་ཕྱི་འབྲེལ་ཐོག་ཧ་ཅང་གལ་གནད་ཆགས་ཡོད། ལེ་ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་ཆུ་ཡིས་འབྲེལ་ཡོད་པའི་རྒྱ་ནག་དང་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་རྩོད་རྙོག་མུ་མཐུད་གྲོས་མོལ་ཐོག་བསྐྱར་དུ་སྐུལ་འདེད་བྱ་ཐུབ་པ་ཞིག་རེད།

ལེ་ཡིས་རྒྱ་ནག་གིས་ད་ལོ་དམག་དོན་འགྲོ་གྲོན་བརྒྱ་ཆ་ ༧ ཙམ་ཇེ་མང་དུ་གཏོང་རྒྱུའི་འདོད་པ་ཡོད་ཚུལ་བསྒྲགས་ཡོད་མོད། ཊི་རུམ་ཕིས་དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༥༤ ཇེ་མང་དུ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད།

ལེ་ཡིས། རྒྱ་ནག་དང་ཨ་རི་གཉིས་ལ་ཨེ་ཤ་ཡའི་ལྷོ་བྱང་ཁུལ་དུ་ཐུན་མོང་གི་འདོད་མོས་ཡུན་རིང་བོ་ནས་ཡོད་པའི་ལས་དོན་མང་པོ་ཞིག་ཡོད་པ་རེད་ལ། ཨ་རིའི་ཚོང་དོན་བཟོ་གྲྭ་མང་པོ་ཞིག་རྒྱ་ནག་གི་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་སྟབས། པེ་ཅིན་གཞུང་གིས་ཕྱོགས་གཉིས་ཀྱི་འབྲེལ་འདྲེས་དེ་མ་འོངས་པར་ནུས་ཤུགས་ཤིག་ཏུ་འགྱུར་འདོད་པ་ལས། “དཀའ་རྙོག་གི་གཞི་རྩ་” ཞིག་ཏུ་མི་འགྱུར་བའི་རེ་བ་ཡོད།

བཞི་པ། དཔལ་འབྱོར།

ལེ་ཡིས། ཁོ་རང་སྲིད་བློན་ཆགས་རྗེས་ཀྱི་ལོ་ངོ་བཞིའི་རིང་རྒྱ་ནག་གི་དཔལ་འབྱོར་གནས་བབ་ཡང་དག་པའི་ལམ་དུ་ཡར་རྒྱས་བཏང་ཡོད་པ་དང་། སྔ་ལོར་དཔལ་འབྱོར་གནས་བབ་བརྟན་པོ་མེད་པའི་འཇིགས་སྣང་ཅུང་ཙམ་བྱུང་སྐབས། སྲིད་གཞུང་གིས་རྒྱབ་རོགས་ཤུགས་ཆེན་བྱས་པ་དེར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་བརྗོད་ཡོད།

ལེ་ཡིས། འདས་པའི་ལོ་ངོ་བཞིའི་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཀྱིས་འགྱུར་བ་ཆེན་པོ་གཏོང་ཐུབ་པ་ཞིག་བྱུང་མེད་ཀྱང་བཟོ་གྲྭ་དང་མཛད་སྤྱོད་པའི་འཕེལ་ཚད་ཇེ་མང་དུ་སོང་ཡོད་སྐོར་སོགས་བརྗོད་ཡོད། ༢༠༡༧ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་ ༦.༧ ལ་དམིགས་ཚད་བཟུང་ཡོད་པ་དང་། ཚད་གཞི་དེར་བསླེབ་རྒྱུ་ལས་སླ་བོ་མིན་ཡང་། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེས་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་ཚད་ལ་རམ་འདེགས་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འཐོན་ཡོད།

ལེ་ཡིས། ཤུགས་སྣོན་ཆེ་ཤོས་བརྒྱག་དགོས་ས་དེ་འཛིན་སྐྱོང་གི་ལས་མི་ཇེ་ཉུང་དང་། གཞུང་སྲོལ་དམ་འཛིན་བྱ་རྒྱུ་དེ་རེད། དཔེར་ན། རྒྱ་ནག་གི་ས་གནས་གཞུང་ཞིག་དུ་ལས་རིགས་མི་འདྲ་བ་ ༡༠༨ ཡིས་མགོ་ཁྲིད་ཚོའི་ཆེད་དུ་ལས་གནས་ཀྱི་ཆོག་མཆན་སྤྲོད་དགོས་སྟབས། དེ་ལ་འགྱུར་བཅོས་དང་ཇེ་ཉུང་དུ་གཏོང་དགོས་པ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།

ལྔ་པ། བྱང་ཀོ་རི་ཡ།

ལེ་ཡིས། བྱང་ཀོ་རི་ཡ་དང་འབྲེལ་འདྲེས་བྱེད་པ་དེས་ཉེ་འཁོར་གྱི་རྒྱལ་ཁབ་ཚོ་དང་མཉམ་དུ་དཀའ་རྙོག་བཟོ་ཡི་ཡོད་པ་དང་། དེས་རྒྱ་ནག་གཞུང་ལའང་གནོན་སྐྱོན་བཟོ་བཞིན་ཡོད་པར་བརྗོད་ཡོད་པ་རེད། ཁོས་ “ མི་སུ་ཞིག་ཡིན་ཡང་སོ་སོའི་སྒོ་འགྲམ་ནས་ཟིང་ཆ་ལངས་མི་འདོད་པ་དེ་ཚང་མ་གཅིག་པ་རེད།” ཅེས་བརྗོད་ཡོད་པ་དང་། ལེ་ཡིས་སྣང་མེད་ཀྱི་ཚུལ་དུ་རྒྱ་ནག་ལ་སོལ་དང་ཨ་རི་གཉིས་ཀྱིས་ལྷོ་ཀོ་རི་ཡའི་ནང་རྡུལ་ཕྲན་མཚོན་ཆའི་རྩོད་རྙོག་ཡོད་པ་དེའི་སྐོར་གང་ཡང་བཤད་མེད།

རྒྱ་ནག་དང་ལྷོ་ཀོ་རི་ཡའི་བར་གྱི་འབྲེལ་ལམ་དེ་དམག་དོན་རྐྱེན་པས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ན་ཡང་། ལྷོ་ཀོ་རི་ཡས་སེམས་འཚབ་བྱེད་ས་གཙོ་བོ་དེ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ནུས་པ་བཀག་འགོག་ལས་གཞི་ཡར་རྒྱས་གཏོང་གི་ཡོད་ཀྱང་། པེ་ཅིན་གྱིས་དོན་དག་དེ་ཁོ་རང་ཚོའི་ཉེན་ཁ་ཞིག་ཆགས་རྒྱུར་འཇིགས་སྣང་བྱེད་ཀྱིན་ཡོད་པ་རེད།

དྲུག་པ། མཐའ་བསྡོམས།

ལེ་ཡིས་ད་དུང་ཐའེ་ཝན་གྱི་འབྲེལ་ལམ་དང་ཡུ་རོབ་དང་ར་ཤི་ཡ་སོགས་ཀྱི་འབྲེལ་ལམ་སྐོར་ནས་སྐད་ཆ་བཤད་ཡོད་ཀྱང་། མི་རིང་བའི་ཕྱི་ཟླ་ ༤ པའི་ནང་ “ས་རྒྱུད་གཅིག” “ལམ་ཁ་གཅིག” ཅེས་པའི་ཚོང་འབྲེལ་ཚོགས་འདུ་འཚོགས་འཆར་ཡོད་པའི་སྐོར་གང་ཡང་བཤད་མེད། གང་ལྟར། ལོ་འདིར་རྒྱ་ནག་དམར་ཤོག་གཞུང་གི་ཚོགས་ཆེན་ཚོགས་གྲབས་ཡོད་པ་དང་། སྐབས་དེར་མགོ་ཁྲིད་མཐོ་ཤོས་ཚོར་འགྱུར་བ་འགྲོ་བཞིན་ཡོད་པ་རེད།

འདི་ནི་ལེ་ཁི་ཆང་གི་གསར་འགོད་གསལ་བསྒྲགས་མཐའ་མ་དེ་ཡིན་མིན་བཤད་དཀའ་ཡང་། ཁོ་རང་མུ་མཐུད་ ༢༠༡༨ ལོའི་བར་ལོ་ལྔ་མ་ཚར་བར་འདུག་འཆར་ཡོད་པ་གསལ་བོ་རེད།

ལེ་ཡི་གསར་འགོད་གསལ་བསྒྲགས་ཀྱི་མཐའ་མ་དེར་གསར་འགོད་པ་ཚང་མར་བསམ་གཞིག་བྱ་དགོས་པ་ཞིག་བཞག་ཡོད་པ་ནི། ཁོས་ “ད་ཉིན་ཟས་ཟ་རན་སོང་། ང་ཚོ་རྗེས་ནས་གོ་སྐབས་ནམ་ཡོད་ལ་ཕན་ཚུན་ཐུག་འཕྲད་བྱས་ཆོག” ཅེས་བརྗོད་ཡོད་པ་དེ་རེད།

སངས་རྒྱས་དཀོན་མཆོག་གིས་བོད་ཡིག་ཏུ་བསྒྱུར།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 1

  1. བློ་བཟང་། says:
    ལོ་ 9 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་གྱི་ཁ་ཕྱོགས་འདེམསས་སྟངས་དང་ཞིབ་འགོད་བྱེད་སྟངས་འདི་ཧ་ལས་པའི་ཡག་པོ་དང་གཏིང་ཟབ་པོ་རེད། ང་དང་ང་ལྟ་བུ་ཚོར་གོ་རྟོགས་གོང་སྤེལ་གཏོང་བ་ཙམ་དུ་མ་ཟད་བོད་པའི་ཆབ་སྲིད་དཀའ་ངལ་དང་ལྷག་དོན་དུ་ཕྱི་སྐད་མི་ཤེས་པ་ཚོར་ལྟ་རྒྱ་མཐོང་རྒྱ་ཆེ་རུ་གཏོང་བར་ཕན་རླབས་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese