ཞྭ་དམར་རིན་པོ་ཆེ་མཆོག་གིས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་སྐྱ་སར་བབས་ཏེ་བུ་མོ་རིན་ཆེན་དབྱངས་འཛོམས་ལགས་དང་ཁྲུང་ས་བསྐྱོན་ཡོད་འདུག
བྷི་བྷི་སི་དང་རྒྱ་གར་དུས་བབ་སོགས་སུ་གནས་ཚུལ་ཐོན་པ་ལྟར་ན། ཞྭ་དམར་རིན་པོ་ཆེ་མཆོག་གིས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་མཐའ་ཡས་རྡོ་རྗེ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་སྐྱ་སར་བབས་ཏེ། ཁོང་གི་ཆུང་དུས་ཀྱི་གྲོགས་མོ་རིན་ཆེན་དབྱངས་འཛོམས་ལགས་དང་ཁྲུང་ས་བསྐྱོན་ཡོད་འདུག
མཐའ་ཡས་རྡོ་རྗེ་མཆོག་ཕ་ཡུལ་རྫ་ཆུའི་ཁ་བ་ནས་ཡིན་པ་དང་ད་ལྟ་དགུང་གྲངས་ ༣༣ ཡིན་འདུག་ལ། ཆུང་དུས་ནས་རྒྱ་གར་དུ་ཕེབས་ཏེ་ཞྭ་དམར་རིན་པོ་ཆེ་གཙོས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ་བསླབ་པ་སློབ་གཉེར་གནང་ཡོད་དང་། བུ་མོ་རིན་ཆེན་དབྱངས་འཛོམས་ལགས་ཕ་ཡུལ་འབྲུག་ཡུལ་ནས་ཡིན་པ་དང་ད་ལྟ་རང་ལོ་ ༣༦ ཡིན་འདུག་ལ། ཆུང་དུས་འབྲུག་ནས་སློབ་སྦྱོང་ཐོན་རྗེས་རྒྱ་གར་དང་ཡུ་རོབ་སོགས་སུ་མཐོ་རིམ་སློབ་གཉེར་གནང་ཡོད་འདུག
མཐའ་ཡས་རྡོ་རྗེ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་བའི་ནང་། ཁོང་སྐྱ་སར་འབབ་རྒྱུར་ཐག་བཅད་པ་དེས་ཁོང་སྒེར་ཙམ་མ་ཡིན་པར། ཀརྨ་བཀའ་བརྒྱུད་ཀྱི་རྒྱུད་འཛིན་ཐོག་ལའང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་ཁོང་གིས་དགེ་ཚུལ་སློང་གི་སྡོམ་པ་གནང་རྒྱུ་ཕུད་པའི་ཀརྨ་པའི་བྱེད་སྒོ་རྣམ་བཞག་ཡོངས་རྗོགས་སྔར་རྒྱུན་ལྟར་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་། དགེ་ཚུལ་སློང་གི་སྡོམ་པ་གནང་བའི་ཐུགས་འགན་དེ་སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་གིས་བཞེས་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག
དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་ལ་ཡང་སྲིད་གཉིས་བྱུང་ཡོད་པ་དང་། རྒྱ་གར་དྷ་རམ་ས་ལའི་རྒྱུད་སྟོད་དུ་གནས་བཞུགས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་སི་ཏུ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ཀྱིས་ངོས་འཛིན་གནང་ཡོད་པ་དང་། ཐེངས་འདིར་སྐྱ་སར་བབ་པའི་མཐའ་ཡས་རྡོ་རྗེ་མཆོག་སྐུ་གཤེགས་དམ་པ་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་ཆོས་ཀྱི་བློ་གྲོས་མཆོག་གིས་ངོས་འཛིན་གནང་ཡོད་འདུག
དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཏེ། ཐེངས་འདིར་ཀམ་ཚང་བཀའ་བརྒྱུད་ནང་ཁུལ་དུ་བྱུང་བའི་གནས་ཚུལ་དེར་སྤྱི་ཚོགས་ནང་གླེང་སློང་མང་པོ་འབྱུང་སྲིད་པ་དང་། ལྷག་པར་དུ་ཕན་ཚུན་ལ་ཚིག་མཚོན་སྐུར་འདེབས་རིགས་འབྱུང་སྲིད་སྟབས། ཆོས་བརྒྱུད་བླ་བརྒྱུད་གཅིག་པ་ནང་ཁུལ་ཕན་ཚུན་སྐྱོན་བརྗོད་སྐུར་འདེབས་རིགས་མི་གནང་བར། ཚང་མས་དགོངས་པ་ཆེ་བཞེས་ཐོག་གཟབ་ནན་དང་རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུག་པའི་ཐོག་ནས་གུ་ཡངས་བསམ་ཤེས་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།
ཁོང་སྐྱ་སར་བབས་ཞེས་མ་བཤད་གོང་ཁྱེད་རྣམ་པས་ཁོང་གི་དེ་སྔོན་དགེ་བསྙེན་གྱི་སྡོམ་པ་ཙམ་ལས་དགེ་ཚུལ་སློང་གཉིས་ཀྱི་སྡོམ་པ་ཞུས་མེད་པར་མ་ཤེས་པའི་གོང་ནས་གནས་ཚུལ་རྒྱབ་བརྟེན་གྱི་ཁུངས་ལུང་རྩ་བ་ནས་མེད་པ་གསར་འགྱུར་རྫུན་མ་འགོད་པ་དེ་ནི་/བོད་ཀྱི་དུས་བབ་/ཀྱིས་གནས་ཚུལ་དྲང་བདེན་རྩ་བ་ནས་མེད་པ་བཀོད་དང་འགོད་བཞིན་པ་ཡིན་པ་གསལ་པོ་རེད་འདུག། དེས་ན་ཆོས་གྲོགས་རྣམ་པས་གཟབ་གཟབ་མ་གནང་ན་དེ་ལྟ་བུ་ལོག་རྟོག་འཕེལ་རྒྱུའི་གསར་འགྱུར་རྫུན་མ་ཡང་ཡང་བཀོད་པ་རྣམས་དང་དགོད་བཞིན་པ་དང་མ་འོངས་འགོད་རྒྱུ་རྣམས་ལ་གཟབ་པར་གྱིས།།
ཀརྨ༌པ༌གཉིས༌འདུག གཉི༌ག༌ཀརྨ༌པ༌ཡིན༌མིན༌གྱི༌སྐད༌ཆ༌མང༌པོ༌མ༌ བཤད༌ན༌དགའ། ཅིའི༌ཕྱིར༌ཞེ༌ན། ཀརྨ༌པ༌ནི༌ཁྱབ༌བདག༌རྡོ༌རྗེ༌འཆང༌ ཡིན༌པས༌ན༌སྤྲུལ༌པ༌ནི༌བདག༌འདྲ༌མ༌རིག༌པ༌བཟུང༌འཛིན༌གྱིས༌ འཁྲུལ༌པའི༌སྐྱེས༌བུས༌ནི༌ཚད༌བཟུང༌མི༌ནུས༌སོ། བྱང༌ཆུབ༌སེམས༌ དཔའི༌སྤྲུལ༌པ༌ལ༌ལ༌ནི༌རིགས༌ངན༌སྡིག༌ཅན༌བཤན༌པཪ༌སྐྱེ༌བ༌ཞེས༌པ། ལ༌ལ༌ནི༌སྨད༌འཚོང༌མ༌དང༌རྐུན༌ཇག༌སོགས༌གནས༌ངེས༌མེད༌ དེ༌ལྟ༌བུར༌སྐྱེ༌བ༌ཞེས༌པ༌ཡོད༌ན༌ལྟ༌སྤྲུལ༌པ༌སྐུ༌གསུང༌ཐུགས༌སོགས༌ཅི༌སྟེ༌ མི༌འཁྲུངས། རང༌ཅག༌རྣམས༌ཆོས༌བྱེད༌བློ༌ཡོད༌པ༌དང༌དག༌སྣང༌ སྦྱང༌དཀའ༌བ༌ནི༌ཆོས༌ལས༌རིང༌དུ༌སོང༌བ༌འོ། མདོར༌ན༌ཆོས༌ ཐམས༌ཅད༌བླ༌མའི༌སྐུ༌གསུམ༌གྱིས༌རོལ༌པ༌ཡིན༌ཞེས༌བསམ༌དགོས༌ པ༌ཡིན༌ན༌འདི༌ལྟ༌བུ༌ལ༌ལྟ༌ཅི༌སྨོས། གང༌ལྟར༌ཆོས༌བྱེད༌ན༌དད༌པ༌ དག༌སྣང༌མོས༌གུས༌སོགས༌ངེས༌པར༌དགོས༌ཏེ། དད༌པ༌མེད༌ན༌བྱིན༌ རླབས༌ཀྱི༌སྐལ༌བ༌ཆད། མོས༌གུས༌མེད༌ན༌ཉམས༌རྟོགས༌ཀྱི༌མྱུ༌གུ༌ འཁྲུངས༌དཀའ། དག༌སྣང༌མེད༌ན༌ཡེ༌ཤེས༌རང༌རྒྱུད༌ལ༌མི༌སྐྱེ། དག༌སྣང༌སྦྱང༌པའི༌ཕན༌ཡོན༌བསམ༌ལས༌འདས༌པ༌ཡོད༌ཀྱང༌འདིར༌ ཡི༌གེ༌མང༌བས༌ཅུང༌ཙམ༌བཤད༌ན། མ༌རྒན༌མོ༌ཁྱི༌སོས༌སངས༌རྒྱས༌པ༌ ལྟ༌བུ༌ཡིན༌ནོ། ཁྱེད༌རྣམས༌པ༌ཀརྨ༌པའི༌རྗེས༌འཇུག༌ཡིན༌པ༌དང༌ཁྱད༌ པར༌ཀམ༌ཚང༌བཀའ༌བརྒྱུད༌པའི༌རྗེས༌འཇུག༌ཡིན༌ན༌བརྟག༌ དཔྱད༌ལེགས༌པར༌བྱེད༌དགོས༌སོ། ཡང༌སྤྲུལ༌སྐུ༌དངོས༌འཛིན༌མཛད༌ ཚུལ༌ཡང༌ཞྭ༌ནག༌ལ༌ནི༌ཞྭ༌དམར༌པས༌གནང༌བ༌དང༌། ཞྭ༌དམར༌ པའི༌སྤྲུལ༌སྐུའི༌དངོས༌འཛིན༌ཞྭ༌ནག༌པས༌གནང༌ཚུལ༌སྔོན༌ནས༌ དེ༌ལྟར༌མཛད༌ཡོད༌ན༌དུས༌འདིར༌འཁྲུལ༌པའི༌རྒྱུ༌མཚན༌ཅི༌ཡིན༌ ནམ༌ཡང༌ན༌ཞྭ༌དམར༌པ༌དེ༌སྤྲུལ༌སྐུ༌མིན༌པ༌འམ། མིན༌ན༌སྐུ༌འཕྲེང༌ བཅུ༌དྲུག༌པས༌ཞྭ༌དམར༌པའི༌སྤྲུལ༌སྐུར༌དངོས༌འཛིན༌མཛད༌གནང༌བ༌ དེ༌འཁྲུལ༌པ༌ཡིན༌ནམ༌ཅི། ཡང༌གཅིག༌ནི༌༧ དཔལ༌རྒྱལ༌དབང༌ཀརྨ༌པ༌ མཐའ༌ཡས༌རྡོ༌རྗེ༌མཆོག༌གསང༌ཡུམ༌བཞེས༌པ༌ལ༌ཁྱེད༌རྣམས༌རྣམ༌ རྟོག༌གི༌མགོ༌བོ༌འཁོར༌ང༌རྒྱལ༌གི༌འགོང༌པོ༌ཞུགས༌ནས༌བཀུར༌ འདེབས༌མང༌པོ༌བྱེད༌འདུག༌དེ༌རྣམས༌ནི༌བླ༌མ༌ལ༌དག༌སྣང༌ཆུང༌བའི༌ དམ༌ཉམས༌དམྱལ༌བའི༌ལས༌ཚབ༌ཆེན༌ཁོ༌ན༌བསགས༌པ༌ཡིན༌ནོ། བླ༌ མ༌ནི༌སངས༌རྒྱས༌ཀུན༌འདུས༌ཀྱི༌ངོ༌བོ༌ཡིན༌ཏེ། ཅི༌མཛད༌ལེགས༌པར༌ མཐོང༌དགོས༌སོ། ཅིའི༌ཕྱིར༌ན། གདུལ༌བྱའི༌བསོད༌སྐལ༌དུ༌བྱོན༌པ༌མ༌ གཏོགས༌ཉོན༌མོངས༌རང༌བརྒྱུད༌པ༌བདེ༌སྡུག༌ལ༌ཆགས༌པ༌ཅན༌ ཞིག༌མིན༌ཏེ། ཅི༌མཛད༌ཀྱང༌ཀམ༌ཚང༌བཀའ༌བརྒྱུད༌པའི༌བསྟན༌པ༌ འཕེལ༌ཕྱིར༌དང༌འགྲོ༌རྣམས༌བདེ༌ལ༌འགོད༌ཆེད༌དུ༌མཛད༌པ༌ལས༌ རང༌བརྒྱུད༌པ༌ལྟ༌བུ༌གཅིག༌པུ༌བདེ༌སྐྱིད༌ལ༌བརྩོན༌པ༌ནི༌མ༌ཡིན༌ནོ། ཡང༌སྐུ༌ཕྲེང༌རིམས༌བྱོན༌གྱི༌སྐབས༌སུ༌ཡང༌སྐུ༌ཕྲེང༌གཅིག༌ནི༌དགེ༌ སློང༌དང༌གཅིག༌ལ༌སྔགས༌པ༌ཞེས༌བྱོན༌དགོས༌པ༌ནི༌གསུམ༌ལྡན༌རྡོ༌ རྗེ༌འཛིན༌པའི༌ཁྱད༌པར༌གྱི༌ཆོས༌ཡིན༌ནོ། ཐུགས༌རྗེ༌ཡས༌སྤྲུལ༌གྱི༌བླ༌མ༌ རྣམས༌དེ༌ལྟར༌བྱོན༌པའོ། མས༌འཛེགས༌ཀྱི༌སེམས༌དཔའ༌རྣམས༌ཀྱིས༌ དག༌སྣང༌སྦྱང༌དགོས༌སོ། ཇི༌སྐད༌དུ། ཐེགས༌ཆེན༌རྣམས༌ཀྱིས༌རྟོག༌སླ༌སྟེ། །ཐེགས༌དམན༌རྣམས༌ཀྱིས༌རྟོག༌དཀའ༌འོ༎ ཅེས༌གུས༌བློ༌དམན༌རཥྨི༌ནས༌ཕུལ།
མདོ་དོན་སྙིང་པོ། བརྒྱ་བཤད་ཀྱི་རྩ་བའམ་སྙིང་པོ་ནི། གྲྭ་ཆས་དེ་ཕུད་ནས་འཇིག་རྟེན་ཡ་རབས་ཀྱི་ཚུལ་དང་མཐུན་པའི་ཐོག་ནས་ཁྱིམ་ཐབ་ཡག་པོ་ཞིག་འཛིན། བོད་མི་རིགས་ལ་ཕན་པའི་ཕྲུ་གུ་ཁ་ཤས་གསར་བསྐྲུན་བྱེད། ཕྲུ་གུ་དེ་དག་ལ་བོད་ཀྱི་སྐད་ཡིག་སོགས་ཡག་ཐག་ཆོད་ཅིག་བཟོས་ནས་སྡོད་རྒྱུ་དེ་གལ་ཆེ་ཤོས་རེད། གཞན་ཅི་མི་ཤེས།
ཡང་ཕྲུ་གུ་བུ་འདྲ་སྐྱེ་བྱུང་ན་ཞྭ་དམར་གྱི་ཡང་སྲིད་ཡིན་ཞེས་མ་བཤད་ན་བཟང་།
༄༅། །ཐབས༌མཁས༌ཐུགས༌རྗེ༌ཅན༌གྱིས༌ནི། །གདུལ༌བྱའི༌སྐལ༌བ༌དང༌མཐུན༌པར། །ཆོས༌ལོངས༌ངང༌ནས༌སྤྲུལ༌སྐུར༌བཞེངས། །དེ༌ལ༌སུ༌ཡིས༌བརྗོད༌དུ༌ཁེངས། །གང༌ལྟར༌ རྡོ༌རྗེ༌འཆང༌དབང༌གི །བརྒྱུད༌པའི༌ཕྱག༌རྒྱ༌ཆེན༌པོ༌ཡི། །ཆོས༌བདག༌མར༌མི༌དྭགས༌ གསུམ༌གྱི། །བཀའ༌བརྒྱུད༌ཆེ༌བཞི༌ཆུང༌བརྒྱདདུ། །གྲགས༌པའི༌ཆེ༌བཞིའི༌ནང༌ཚན༌ལས། །ཀརྨ༌བཀའ༌བརྒྱུད༌ཞེས༌གྲགས༌པའི། །ཆོས༌བདག༌ཀརྨ༌པ༌ཞེས༌པ། །དུས༌གསུམ༌ མཁྱེན༌པའི༌དག༌པོ༌བྱོན། །དེ༌ལ༌ཞྭ༌དམར༌ཞྭ༌ནག༌ཞེས། །སྔོན༌ནས༌གཅིག༌གིས༌གཅིག༌ ལ༌ནི། །ཐུགས༌བརྩེ༌ཆེན༌པོས༌སྐྱོང༌བཞིན༌པ། །ཀུན༌གྱིས༌མཁྱེན༌པས༌བཤད༌མི༌དགོས། །འོན༌ཀྱང༌སེམས༌ཅན༌བསོད༌དམན༌པས། །དེར༌སྡུག༌ལས༌ངན༌བསགས༌པ༌བྱུང༌། །དེ༌ ཡང༌མ༌དཔྱད༌པ༌ཡིས༌འཁྲུལ། །སྐུ༌ཕྲེང༌རིམས༌བྱོན༌ཚུལ༌ལ༌ཡང༌། །སྐུ༌ཕྲེང༌གཅིག༌ ནི༌དགེ༌སློང༌དང༌། །གཅིག༌ལ༌སྔགས༌པ༌ཞེས༌བྱོན༌པ། །རྡོ༌རྗེ༌འཛིན༌པའི༌ཁྱད༌ཆོས༌ ཡིན༏ །དེ༌སྤྲུལ༌དངོས༌འཛིན༌མཛད༌ཚུལ༌ཡང༌། །ཞྭ༌ནག༌ལ༌ནི༌ཞྭ༌དམར༌པས། །ཞྭ༌ དམར༌པ༌ལ༌ཞྭ༌ནག༌པས། །སྔོན༌ནས༌དེ༌ལྟར༌མཛད༌ཡོད༌ན། །འདི༌ལ༌འཁྲུལ༌པ༌ཅི༌ ཡིན༌ནམ། །ཡང༌ན༌ཞྭ༌དམར༌མིན༌པ༌འམ། །མིན༌ན༌སྐུ༌ཕྲེང༌བཅུ༌དྲུག༌པས། །གནང༌ བ༌དེ༌འང༌འཁྲུལ༌ལམ༌ཅི། ཅེས༌གུས༌བློ༌དམན༌རཥྨི༌ནས།
ཁོང་གི་མཛད་པ་ལ་དགག་བྱ་གང་ཡང་མེད། ཁོག་ལ་ང་རྒྱལ་དང་རུ་ཏྲ། འདོད་ཆགས་དང་ཕྱོགས་ཞེན་སོགས་ཀྱིས་གང་། ཕྱི་ཚུལ་ལ་སངས་རྒྱས་དང་འཕགས་པ་ཡིན་པའི་ཚུགས་ཀ་འདྲ་ཞིག་བཏོད་ནས་འདུག་མཁན་དག་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཁོང་གིས་མཛད་སྟངས་འདི་བཟང་། སྤྲུལ་སྐུ་ཟེར་ནའང་མི་རེད། མི་ལ་མིའི་དགོས་མཁོ་དང་འདོད་འདུན་ཡོད་ལོས་ཆོག ང་ཚོ་བོད་པ་ད་ལྟ་བར་དུ་ཚུལ་འཆོས་མཁན་ལ་དད་དྲགས་པས་ཚད་འདིར་ལྷུང་བ་རེད།
རྒྱ་ཡིག་佛弟子ཞེས་པའི་མིང་ཅན། མཐའ་ཡས་རྡོ་རྗེ་ཡིས་སྡོམ་པ་ཤོར་བའི་གཏམ་ངན་དེ་བྷི་བྷི་སི་དང་སི་ཨིན་ཨིན། ནེ་ཡོར་ཁི་དུས་བབ་དང་རྒྱ་གར་དུས་བབ། ཧིན་རྡི་དུས་བབ་སོགས་འཛམ་བུ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་རུ་ཆེ་ཚད་ཀྱི་མདུན་ངོས་སུ་བསླེབས་འདུག ད་དུང་བོད་པའི་སྤྲུལ་སྐུའི་འདུལ་ཁྲིམས་དང་སངས་རྒྱས་ཆོས་ལུགས་ཀྱི་རྩ་ཁྲིམས་དང་འགལ་ཡོད་པ་སོགས་འཁོད་འདུག དེ་དག་ཀྱང་མཐའ་ཡས་རྡོ་རྗེ་དང་ཞྭ་དམར་སོགས་ལ་སྔོན་མ་ནས་མི་དགའ་བ་ཕྱིར་འཐོན་པའི་རྟགས་རེད་དམ། རྒྱ་ནག་གི་སི་སི་བརྙན་འཕྲིན་དང་གཅིག་པ་རེད་དམ། ཨེ་ཤི་ཡ་དང་ཨ་རིའི་རླུང་འཕྲིན་དུས་བབ་ཙམ་མ་རེད། བོད་པའི་རླུང་འཕྲིན་ཁང་ཁག་ཚང་མའི་ནང་བཏང་སོང་བ་མ་ཟད། གདོང་དེབ་དང་སྐད་འཕྲིན་སོགས་བརྒྱུད་ལམ་ཁག་ཡོངས་རྫོགས་ན་ཚ་ཚ་འུར་འུར་གྱིས་གླེང་གི་འདུག དེར་མ་ཟད་མཐའ་ཡས་རྡོ་རྗེ་ཁོ་རང་གི་དྲ་ཚིགས་དང་། དཔལ་རྒྱལ་དབང་ཀརྨ་པ་ཨཽཾ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བཅས་ཀྱི་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་སོགས་སུའང་བཀོད་འདུག་པ་དེ་དག་ཀྱང་སྔོན་མ་ནས་མཐའ་ཡས་རྡོ་རྗེ་དང་ཞྭ་དམར་པ་སོགས་ལ་ཞེ་གཏིང་ནས་མ་དགའ་བ་ད་རེས་རྟགས་མཚན་ཕྱི་ལ་ཐོན་པ་རེད་དམ། རྒྱ་ནག་གི་སི་སི་བརྙན་འཕྲིན་དང་གཅིག་པ་རེད་དམ།
སྒར་དཔོན་དེའི་མེ་ཤུགས་འཕུར་མདས་ཐག་རིང་བསྙོབས་འདུག
༼ཀྲུང་གོའི་CCTV དང་བཙན་བྱོལ་བོད་མའི་གསར་འགྱུར་ཁང་རྣམས།༽
——ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་བོད་ཀྱི་དུས་བབ་སོགས་ལ་བཟླས་པ།
སྤྱི་བཏང་ངས་ཁྱེད་ཚོ་ལ་༧རྒྱལ་དབང་ཀརྨ་པ་མཆོག་གིས་གསང་ཡུམ་བཞེས་པའི་སྐོར་གྱི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་དེ་འགྲིག་མི་འདུག་ཟེར་གྱི་མེད། རྒྱུ་མཚན་ནི་དེ་གསང་བ་ཞིག་གང་ཡང་མ་ཡིན་ཏེ་༧རྒྱལ་མཆོག་ཀརྨ་པ་ཁོང་རང་ཉིད་ཀྱི་སྐུ་སྒེར་གྱི་དྲྭ་རྒྱའི་བརྒྱུད་ལམ་ནས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱས་ཡོད།
ཡིན་ན་ཡང་ད་རེས་ཁྱེད་ཚོས་བྱ་སྤྱོད་དེའི་འོག་ནས་སྐྱུག་བྲོ་བའི་བསམ་སྦྱོར་ངན་པ་མི་ཉུང་བ་ཞིག་མཐོང་རྒྱུ་བྱུང་བའི་ཚོར་སྣང་བྱུང་། གང་ཡིན་ཞེ་ན་་་་སྔར་༧རྒྱལ་དབང་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གིས་འཛམ་གླིང་ཤར་ནུབ་ཀུན་ལ་བསམ་ཡུལ་ལས་འདས་པའི་འཛད་འཕྲིན་རླབས་ཆེན་གྲངས་ལས་འདས་པ་བསྐྱངས་ཡོད་ཀྱང་། ཁྱེད་ཚོས་དེ་དག་གཅིག་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་མྱོང་མེད།
འོན་ཀྱང་། ད་རེས་༧རྒྱལ་དབང་ཀརྨ་པ་མཆོག་གིས་གསང་ཡུམ་བཞེས་པའི་གནས་ཚུལ་དེ་གོ་དུས། རྨ་བྱས་དབྱར་རྔ་ཐོས་པ་ལྟར། ཁྱོད་ཚོས་ཞྭ་དམར་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་”ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་“ཟེར་ནས་ཐ་ན་ཁོང་གི་མཚན་ཡང་ཆ་ཚང་བ་ཞིག་མི་ཤེས་པའི་ཟོལ་གྱིས་གསར་འགྱུར་གཅིག་སྤེལ་གཉིས་སྤེལ་བྱས་སོང་། དཔེར་ན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་། བོད་ཀྱི་དུས་བབ་སོགས་ཀྱིས་ཚ་ཚ་འུར་འུར་གྱི་སྒོ་ནས་ཡིག་ངག་གཉིས་ཀྱི་སྟེང་ནས་ཕུ་བསྒྲགས་མདའ་བསྒྲགས་བྱས་སོང་།
མ་གཞི་༧རྒྱལ་དབང་ཀརྨ་པ་མཆོག་གིས་གསང་ཡུམ་བཞེས་པའི་སྐབས་འདི་ལ་ཁྱོད་ཚོས་དམིགས་བསལ་འགན་ཁུར་ཡོད་པའི་ཟོལ་གྱིས་འདི་འདྲ་ཁྱབ་བསྒྲགས་བྱས་དགོས་པའི་ཀུན་སློང་གང་རེད་དམ། དམིགས་ཡུལ་ཅི་རེད་དམ། སུས་ཁྱེད་ཚོ་ལ་ཁྱབ་བསྒྲགས་བྱེད་དགོས་པའི་སྐུལ་མ་གནང་སོང་ངམ། འདི་འདྲ་བྱས་དགོས་ཡ་གང་འདྲ་བྱས་ནས་དྲན་སོང་ངམ། དེ་ནི་ཁྱེད་ཚོས་༧རྒྱལ་དབང་ཀརྨ་པ་མཆོག་ལ་སེམས་པའི་གཏིང་དུ་ཡུན་རིང་ནས་ཉར་པའི་བསམ་སྦྱོར་ངན་པ་དེ་ཕྱི་ལ་ཤོར་པ་མ་རེད་དམ།
སྔར་ཁྱེད་ཚོ་ལ་༧རྒྱལ་དབང་ཀརྨ་པ་དང་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྣམས་གསར་འགྱུར་ནང་དུ་འགོད་རོགས་བྱོས་ཞེས་རེ་སྐུལ་བརྒྱ་ཕྲག་བྱས་ན་ཡང་ཁྱེད་ཚོས་ཟུར་ཙམ་ཡང་ཁྱབ་བསྒྲགས་བྱས་མེད། ད་རེས་ཁྱེད་ཚོས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་འགན་ཁུར་ཡོད་མདོག་མདོག་གིས་ཁྱབ་བསྒྲགས་གནམ་སར་མི་ཤོང་པ་ཞིག་བཟོས་པ་འདིས་༸རྒྱལ་དབང་ཞྭ་དམར་ནག་གཉིས་ལ་སྡང་ཟུག་དང་ངན་སྨོད་བསམ་ངན་ཇི་ཙམ་བཅང་དང་འཆང་བཞིན་ཡོད་པ་དེ་ང་ཚོ་མང་པོ་ཞིག་གི་སེམས་ལ་གསལ་ལྷང་ངེར་བྱས་སོང་། ངེད་ཅག་དད་ལྡན་མང་ཚོགས་ཀྱི་སེམས་ལ་གསོ་དཀའ་བའི་རྨ་ཁ་བཟོས་སོང་། བོད་མི་ས་ཡ་དྲུག་གི་ཆིག་སྒྲིལ་གྱི་གོང་བུ་ལ་གད་ཁ་བཏང་སོང་།
ཁྱབ་བསྒྲགས་གནང་སྟངས་དེ་ཡང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ལ་མི་ཆེན་དང་བླ་ཆེན་གྱིས་རྒྱབ་བསྐྱོར་ཡོད་པའི་རྣམ་པ་བསྟན་པ་དང་། ༧རྒྱལ་དབང་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་༼སྐྱ་སར་བབ་པ༽ རེད་སོགས་མ་རུང་ཁོག་བཅུག་གི་སྒོ་ནས་ཚིག་ངན་གང་སྡུག་བེད་སྤྱད་དེ་ཁྱབ་བསྒྲགས་གནམ་སར་མི་ཤོང་པ་ཞིག་བྱས་པ་འདི་ཚོ། སེམས་པ་རྣལ་དུ་གནས་མཁན་གྱི་མི་ཞིག་གི་སྐད་ཆ་བཤད་སྟངས་རེད་དམ། ཡང་ན་ང་ཚོས་རྟག་ཏུ་བསྙད་ཀྱིན་པའི་”བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་“ཟེར་བ་དེ་མཚོན་བྱེད་ཀྱི་མིག་དཔེ་ཞིག་ཨེ་རེད། གང་ལྟར་ཡང་་་་ཁྱེད་ཚོས་༧རྒྱལ་དབང་ཀརྨ་པ་མཆོག་ལ་སྐུར་འདེབས་དང་ཁོང་གི་དད་ལྡན་སློབ་འབངས་ཚོ་་་༧རྒྱལ་དབང་མཆོག་ལ་དད་ལོག་འཕེལ་བའི་འབད་བརྩོན་ཇི་ཙམ་བྱས་ཀྱང་འབྲས་མེད་སྟོང་པ་རེད། ང་ཚོ་ནི་༧རྒྱལ་དབང་ཀརྨ་པ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་རྣམས་ཤེས་ནས་ཁོང་གི་ཞབས་རྗེས་སུ་འབྲངས་བ་ཤ་སྟག་ཡིན་པས་དུས་ནམ་ཡང་འགྱུར་མི་སྲིད།
མདོར་ན། ཁྱེད་ཚོས་བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང་། དོན་དངོས་ནི་་་ཁྱོད་ཚོའི་གསར་ཁང་དང་ཀྲུང་གོའི་CCTVགཉིས་ཀུན་སློང་ཀུན་སྤྱོད་དམིགས་ཡུལ་སོགས་འདྲ་མཚུངས་ཤིན་ཏུ་མང་པོ་ཡོད་པའི་ནང་ནས་གཤམ་དུ་ཚན་པ་ཁ་ཤས་བཀོད་ན་འདི་ལྟར།
༡༽རང་ཉིད་ཀྱི་ལམ་ཕྱོགས་དང་མི་མཐུན་པ་ཚོ་ལ་ནག་པོ་བཟོ་ཡ་དང་རྩ་མེད་གཏོང་བའི་བསམ་སྦྱོར་མ་རུང་བ་དེ་རྣམས་རྩ་ཆེན་འཛིན་པ།
༢༽གནས་ཚུལ་གང་ཡིན་ཀྱང་ཁུང་ལུང་མེད་པ་འུར་སྒྲོག་བྱེད་པའི་གོམས་པ་རྒྱུན་ཆགས་སུ་གནས་པ།
༣༽བདེན་པ་དང་དངོས་ཡོད་གཙོ་བོར་མི་འཛིན་པ་རང་གི་ཞེ་འདོད་འགྲུབ་པའི་དོན་དུ་རྫུན་གྱི་འཁོར་ལོ་བསྐོར་བའི་སྙིང་སྟོབས་མངའ་བ།
༤༽ཁ་ནས་འཆམ་མཐུན་ཞེས་པའི་མི་སེམས་བསླུ་བའི་ཚིག་ཙམ་ལས། དོན་དུ་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ་གྱི་གོང་བུ་གཏོར་གཤིག་བྱེད་པའི་གཤིས་ལུགས་ངན་པ་ཕྱི་ནང་གསང་གསུམ་དུ་ལྡན་པ།
༥༽རང་ཉིད་སྣང་བར་མི་འགྲོ་སའི་མི་ལ་ཐབས་ཤེས་སྣ་དགུ་ཚད་དེ་་གོ་སྐབས་ནམ་རག་ཏུ་དམའ་འབེབས་བྱེད་པའི་ལམ་ནག་ཏུ་རྟག་ཏུ་འགྲོ་བཞིན་པ།
༦༽རང་ཉིད་དང་ལྟ་སྤྱོད་མཐུན་པའི་ཚོགས་སྒེར་རྣམས་དཀར་ས་རུ་འདོན་ཆེད་་་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པ་ཡོན་ཏན་དང་ཡར་རྒྱས་ཡོད་པའི་འུར་བསྟོད་བྱེད་པའི་ཧམ་སེམས་ཀྱིས་གང་བ།
༧༽ཤེས་ཡོན་དམན་པའི་གཞི་རིམ་མི་དམངས་རྣམས་མགོ་བོ་རྨོངས་སུ་བཅུག་པའི་ལོག་བཤད་རྫོགས་མཐའ་མེད་པའི་ཧུར་བརྩོན་ལྡན་པ།
༨༽ཤེས་ཡོན་པ་དང་། དྲང་བདེན། ལྷག་བསམ་ཅན་གྱི་མི་བུ་རྣམས་ལ་མ་ཉེས་ཁག་གཡོག་གི་སྒོ་ནས་སྤྱི་ཚོགས་ནས་མཐར་སྤྱུགས་བྱེད་པའི་གཡོ་སྒྱུ་ཡིས་ཕྱུག་པ་སོགས་འདྲ་མཚུངས་ཤིན་ཏུ་མང་བས། ད་ཁྱེད་ཚོའི་གསར་འགྱུར་ཁང་ལ་བློ་ལྡན་སུས་ཡིད་ཆེས་དང་མཚན་མ་འཛིན་གྱི་རེད་དམ། དེང་སང་བོད་ནང་ནས་ཀྱང་རྣམ་དཔྱོད་ཅན་དང་གཟུར་གནས་པ་མི་ཉུང་བ་ཞིག་གིས་ཀྱང་བཙན་བྱོལ་ནང་གི་གསར་འགྱུར་དེ་ཚོ་ལ་ཡིད་ཆེས་མེད་པའི་གསུང་སྐད་མང་པོ་ཞིག་ཤོར་གྱི་འདུག་པ་འདི་ལ་ཁག་གཏན་ནས་མེད།
མཐའ་དོན་་་ཁྱོད་ཚོས་བོད་ཀྱི་གསར་འགྱུར་བོད་ཀྱི་གསར་འགྱུར་སོགས་བསྐལ་པ་མ་སྟོངས་བར་དུ་ཤི་འབོད་བྱས་ན་ཡང་། དེ་ནི་རང་གི་གཉེན་ཉེ་དང་མཐུན་ཕྱོགས་རྣམས་དཀར་པོ་དང་རང་ཉིད་མི་དགའ་སའི་ཕྱོགས་གཏོགས་རྣམས་ནག་པོ་བཟོ་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་ལས། བདེན་པ་སོར་བཞག་བྱས་ནས་བོད་མི་ས་ཡ་དྲུག་གི་བདེ་སྡུག་བཤད་སའི་གསར་ལས་ཁང་ཞིག་མིན་པ་འཇིག་རྟེན་ཀུན་གསལ་ཆགས་ཡོད་པས། ཁྱོད་ཚོ་དང་ཁྱོད་ཚོའི་གསར་ཁང་སོགས་ནི་བོད་མི་ས་ཡ་དྲུག་གི་འགྲིན་ཚབ་པ་ཡིན་ཟེར་ན། ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་འཐོབ་དགོས་པ་དང་གཉིས་སུ་མ་འཆིས་སོ།།
སྒར་དཔོན་བློ་བཟང་དབང་འདུས་ཀྱིས་་་་༠༢/༠༤/༢༠༡༧
ཧངས་སངས་དགོས་པའི་གནས་ཚུལ་ཐོན་ན་རང་བཞིན་གྱི་གསར་འགྱུར་ཆགས་ཀྱི་རེད་མ་གཏོགས་གནས་ཚུལ་ཡིན་ཚད་གསར་འགྱུར་དུ་ཐོན་དགོས་པའི་ངེས་པ་མེད་པས། སྨྱོ་ལབ་ཉུང་ན་དགའ།
ཡིན་དང་ཡིན། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་གྱིས། གསུངས་ཡོད་པ་བཞིན་གང་ལ་གང་འདུལ་གྱི་འཕྲིན་ལས་སུ་ངོས་འཛིན་དགོས། དོན་མེད་བསྐུར་འདེབས་བྱ་མི་རུང།
ཅི་མཛད་ལེགས་པར་མཐོང་དགོས་ན། གང་བྱུང་མ་བྱུང་མ་གནང་ཨ། ཅི་གསུང་ཚད་མར་བཟུང་དགོས་ན། གང་བྱུང་མ་བྱུང་མ་གསུང་ཨ།
དུས་བབ་ཚང་གིས་གསར་འགྱུར་ཕྱོགས་སུ་མ་ལྷུང་བ་དང་དོ་སྙོམས་པོ། གུས་ཞབས་དང་ལྡན་པ་ཞིག་སྤེལ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནད་འགག་ལ་ཐུག་སྐབས་སྤྱི་ཚོགས་བརྒྱུད་ལམ་གང་བྱུང་མང་བྱུང་བྱེད་མཁན་དག་ལྟ་བུ་མ་ཡིན་པར་གསར་ཁང་ཚད་ལྡན་དག་གིས་འདི་བཞིན་བབ་བརླིང་བརྟན་གསུམ་དང་གཟབ་གཟབ་གནང་དགོས་པ་ཧ་ཅང་གལ་ཆཻན་ཡིན། གསར་ཁང་ལ་ཤས་ཀྱིས་ཀརྨ་པ་ག་གེ་མོ་རྒྱལ་བ་རིན་པོ་ཆེ་ངོས་འཛིན་གནང་བ་ཡིན་མདོག་མདོག་དང་ཀརྨ་པ་གཞན་དེར་བོད་གཞུང་དང་རྒྱལ་བ་རིན་པོ་ཆེས་ངོས་ལེན་མེད་མདོག་མདོག་སྤེལ་འདུག་པ་དེ་ཡག་པོ་མ་རེད། གསར་ཁང་ནི་གནས་ཚུལ་གང་བྱུང་བ་དེ་ཅི་མ་ཅི་བཞིན་འགོད་མཁན་རེད་མ་གཏོགས་ཡག་དང་བཙོག་བཟང་དང་ངན་ཤོད་མཁན་དེ་མ་རེད། དེ་འདྲ་བྱས་ན་སུ་ལའང་ཕན་ཐོགས་ཡོད་པ་མ་རེད།
གང་ལྟར། ད་རེས་བཀའ་བརྒྱུད་པའི་ནང་བྱུང་བའི་གནས་ཚུལ་དེའི་ཐོག་ཚང་མས་བཟོད་བསྲན་གནང་སྟེ་དཀྲོགས་གཏམ་མི་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་ཁོང་རྣམ་པ་གཉིས་ཀ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་དང་ཆོས་ལུགས་གཅིག་པའི་ནང་པ་སངས་རྒྱས་པ་ཡིན་པའི་མ་ཚད། ཁོང་རྣམ་པ་གཉིས་ངོས་འཛིན་ཐུགས་ཐག་གཅོད་མཁན་ཡང་བོད་པའི་བླ་ཆེན་མཁྱེན་རྟོག་ཡོན་ཏན་དང་ཐོབ་དང་གོ་གནས་འདྲ་མཉམ་ཡིན་པ་དེ་འདྲ་ཡིན་པ་དང་། ད་ལྟའི་ཡང་སྲིད་སྐུ་གཞོན་གཉིས་ཀྱང་གཞུང་ལུགས་མཁྱེན་ཡོན་དང་བོད་པའི་ལ་ཞེན་སྙིང་སྟོབས་ཤུགས་ཆེན་པོ་ཡོད་མཁན་བསྟན་པ་དང་འགྲོ་བའི་དོན་དུ་ཕྱག་ལས་རླབས་པོ་ཆེ་གནང་མཁན་ཉག་ཅིག་ཆགས་ཡོད་པ་རེད།
གོང་གི་པར་ངོ་མ་བཅད་གཏུབ་བྱས་པ་གསལ་བོ་ཡོང་ཆེད་ཡིན་ནའང་པར་ངོ་མ་གང་ཡིན་བཞག་ན་ཡག་པོ་མེད་འགྲོ་བསམ་པའི་སེམས་ཚོར་བྱུང་།
སྐྱེས་སྨན་བླངས་ན་བླངས།སྟོན་པའི་ན་བཟའ་མ་ཕུད་ན་སེམས་ནང་ནས་བདེ་བོ་ཞིག་མི་འདུག
བླ་ཆེན་དེ་ཚོ་ཡར་མར་གཅིག་ཆགས་དུས་གུ་ཡངས་བསམ་བློ་གཏོང་དགོས་པ་དང་།
ཕལ་པ་གཅིག་ཆགས་དུས་ཧ་ལས་མདོག་བྱེད་པ་འདི་གང་འདྲ་རེད།
བློ་ཕམ་་བྱུང་སོང་།
གསང་ཡུམ་བཞེས་ན་མི་སྐྱོན་གི ཆོས་རྒྱུད་ནང་ཁུལ་ལ་སྙོག་དྲ་མ་བཟོས་ན་འགྲིག་པ་རེད།
མཐའ་ཡས་རྡོ་རྗེས་༧ཀརྨ་པ་བཅོ་ལྔ་པ་ཆེན་པོ་མཁའ་ཁྱབ་རྡོ་རྗེའི་རྗེས་སུ་འབྲང་སྟེ་ཆང་ས་བརྒྱབས་པའི་ལོ་རྒྱུས་ཤིག་སྤེལ་གནང་འདུག་པར་ཡ་མཚན་གྱི་གནས་སུ་མཐོང་། གང་གི་ཞེས་ན། ༧རྗེ་བཅོ་ལྔ་པ་ཆེན་པོར་མཁའ་འགྲོའི་ལུང་བསྟན་དང་། བོད་ཆག་འཇིག་གི་ཆུ་ཁྱི་ལོའི་དམག་ཟློག་སོགས་ལ་དགོངས་ནས་ཕྱག་རྒྱ་སྟེ་རིག་སྟོང་བདེ་བར་གཤེགས་པའི་རིག་པ་སྐྱེ་བྱེད་དུ་རིག་མ་བསྟན་པ་ལས་འཇིག་ྟེན་ཕལ་པའི་སྤྱོད་ཚུལ་ལྟ་བུའི་ལོ་མང་རྒྱུན་རིང་བརྩེ་གྲོགས་དང་དེ་ནས་ལྷན་དུ་བཞུགས་པ་ལྟ་བུ་མ་ཡིན་པར་ཤེས་རྒྱུ་གལ་ཆེ། གཞི་ནས་༧རྗེ་བཅོ་ལྔ་པ་ཆེན་པོས་རིག་མ་བསྟན་པ་ཙམ་མིན་པར་དགོངས་པ་ཀློང་རྡོལ་གྱིས་གསུང་འབུམ་དཔོད་བཅོ་ལྔ་ལྷག་ལྗགས་རྩོམ་གྱིས་ཤུལ་ལུས་རྗེས་འཇུག་རྣམས་ཀྱི་བགོ་སྐལ་དུ་འཇོག་གནང་མཛད་པ་མཐོང་ཆོས་ཀྱི་ཡུལ་དུ་གྱུར་པ་དེ་དག་ལ་ཇི་མི་སྙམ་པར་མཁའ་འགྲོ་བཞག་པ་ཁོ་ནར་གཙོར་འདོན་གྱིས་ཁོང་གི་རྗེས་སུ་འབྲངས་པར་བཤད་པ་ནི་༧རྗེ་བླ་མའི་མཛད་པ་ལ་ཞབས་འདེགས་དང་ཞབས་འདྲེན་ཇི་འགྱུར་ཡག་པོ་བྱས་ནས་གཟིགས་དང་། ང་ལྟ་བུ་ལ་མཚོན་ན། ཁོང་གིས་ཆང་ས་རྒྱག་པར་ངོས་ལེན་ལས་ངོ་རྒོལ་རྩ་བ་ནས་མེད་མཁན་ཞིག་ཡིན། དོན་མེད་མཚན་འདོགས་ཆེན་པོ་ཞིག་གིས་ཁོ་རང་གི་འགྲོ་བ་མི་ཡི་ཐོབ་ཐང་དེ་འཕྲོག་སོང་བསམ་ནས་ནམ་ཞག་རྟག་པར་བསམས། མི་ལའང་བཤད་བསྡད་མཁན་ཞིག་ཡིན། ཡིན་ནའང་༧རྗེ་བཅོ་ལྔ་པའི་ཞབས་རྗེས་སུ་འབྲངས་པའི་ཟོག་ཚུལ་ལ་ངོས་ལེན་རྩ་བ་ནས་མེད། ས་པཎ་གྱིས། ཁྭ་ཏས་མི་གཙང་བཟོས་པའི་མཆུ། །ས་གཙང་གཞན་དུ་འབད་དེ་ཕྱིས། ཞེས་གསུང་ལས་མ་འདས།
“ཞྭ་དམར་རིན་པོ་ཆེ་མཆོག་གིས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་མཐའ་ཡས་རྡོ་རྗེ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་སྐྱ་སར་བབས་ཏེ། ཁོང་གི་ཆུང་དུས་ཀྱི་གྲོགས་མོ་རིན་ཆེན་དབྱངས་འཛོམས་ལགས་དང་འཁྲུངས་ས་བསྐྱོན་ཡོད་འདུག” ཨིན་ཡིག་འབྲི་རྩོམ་གྲགས་ཅན་ཤེག་སི་ཕེར་གྱི་གསུང་པ་ར་སྤྲོད་གསལ་པོ་བྱུང་སོང་། ཁོང་གིས་ ”བུ་དང་བུ་མོ་དུས་ཚོད་རིང་པོར་གྲོགས་པོར་གནས་ན་ གྲོགས་པོ་མ་རེད་ ” གསུང་པ་མཐོང་མྱོང་
ཁོང་གིས་མ་གསང་བར་ཚང་མར་བསྒྲགས་པས་གསང་ཡུམ་ཨ་ཡིན། གང་ཟག་མཐའ་མས་གང་ཟག་གཞན་གླེང་། འབྲིང་གིས་བྱུང་བ་གླེང་། རབ་ཀྱིས་གྲུབ་མཐའ་གླེང་། ཡང་རབ་ཀྱིས་ཅང་མི་སྨྲ། དུས་བབ་ཀྱིས་དྲང་པོ་གླེང་།
མི་ལོ་བཅུ་དགུ་ལྷག་གསང་དེ་ནས་མང་ཚོགས་ལ་བསྟེན་གནང་སོང་བས། ད་བསྟན་ཡུམ་ཞེས་འབོད་ན་བཟང་།
མྱི་མདང་དམྱལ་བ་བོ། གཤོབ་ཏག་ཏག་བཤད་ནས། ཞབས་འདྲེན་རང་རེད།