མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞས་མ་གྲཊ་ཅན་ཞིག་གི་མཁལ་མ་བརྗེ་བོ་བརྒྱབས།

བོད་ཀྱི་དུས་བབ།
༢༠༡༧/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ན་གཞོན་གཞས་མ་གྲགས་ཅན་སེ་ལི་ན་གྷོ་མེ་ཛ་ཡིས་མོ་རང་གི་མཁལ་མ་གཅིག་འཕྲོ་བརླག་ཏུ་ཕྱིན་ཏེ་གྲོགས་མོ་ཞིག་གིས་མཁལ་མ་སྦྱིན་པ་བཏང་ཡོད་སྐོར་བསྒྲགས་འདུག

འཛམ་གླིང་གི་ན་གཞོན་གཞས་མ་གྲགས་ཅན་སེ་ལི་ན་གྷོ་མེ་ཛ་(Selena Gomez)ལ་དགའ་མོས་བྱེད་མཁན་མང་པོ་ཞིག་གིས། གཞས་མ་ཁོང་གིས་གླུ་གཞས་གསར་པ་འགྲེམ་སྤེལ་བྱེད་ཀྱི་མི་འདུག་ཅེས་འཁང་ར་མང་པོ་བྱས་ཡོད་པར་བརྟེན། ཁ་སང་མོ་རང་གི་སྤྱི་ཚོགས་དྲྭ་བ་ཨིན་སི་ཊ་གྷ་རཱམ་(Instragram)སྟེང་། མོ་དང་གྲོགས་མོ་སྨན་ཁང་ནང་ཉལ་ཁྲི་གཉིས་ཀྱི་སྟེང་དུ་གཅིག་གིས་གཅིག་ལ་ལག་པ་འཇུས་ཏེ་ཉལ་ཡོད་པའི་པར་རིས་ཞིག་བཀྲམ་སྟེ། མོའི་མཁལ་མ་འཕྲོ་བརླག་ཏུ་ཕྱིན་ཏེ་མོ་རང་གི་གྲོགས་མོ་འཆམ་ཤོས་རན་སི་ཡ་རཱ་ཡེ་སཱ་(Francia Raisa)ཡིས་མཁལ་མ་སྦྱིན་གཏོང་བྱས་ཡོད་སྐོར་བསྒྲགས་ཡོད་པ་རེད།

པར་རིས་དེའི་འོག་ཏུ་གཞས་མ་གྷོ་མེ་ཛ་ཡིས། ང་ལ་དགའ་མཁན་མང་པོ་ཞིག་གིས་ད་ལོའི་དབྱར་གཞུང་དུ་ང་རང་ཅུང་ཟད་སེམས་ཁམས་མ་སྐྱིད་པ་ཡོད་པ་ཤེས་འདུག་ལ། ཁ་ཤས་ཤིག་གིས་ངས་ཅིའི་ཕྱིར་གཞས་གསར་པ་འགྲེམ་སྤེལ་བྱེད་ཀྱི་མེད་པའི་སྐོར་དྲི་བ་དྲིས་བྱུང་། དེ་ནི་ཁོང་ཚོས་ང་ལ་དགའ་བོ་དང་དོ་སྣང་ཡོད་པའི་རྟགས་མཚན་ཞིག་ཡིན་སྟབས། རང་ཉིད་ལ་དགའ་སྤོབས་ཤིག་སྐྱེས་པ་མ་ཟད། སེམས་ལ་ཚོར་བའང་ཤུགས་ཆེན་པོ་ཞིག་སྤྲད་བྱུང་། ཞེས་དང་།  ངའི་མཁལ་མར་དཀའ་ངལ་འཕྲད་ནས་བརྗེ་དགོས་བྱུང་བར་བརྟེན། སྐབས་དེར་ངའི་རྨ་ཁ་གསོ་བཞིན་པའི་སྒང་ཡིན། ཞེས་བརྗོད་འདུག

གཞས་མ་གྷོ་མེ་ཛ་ཡིས་ཕྱི་ལོ་ ༢༠༡༥ ལོར་ཐོག་མར་རང་གི་མཁལ་མར་བརྟག་དཔྱད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ན་ཚ་དྲག་སྐྱེད་མ་བྱུང་བར་སྡུག་ཏུ་ཕྱིན་ཏེ། སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད་དུ་མོས་སེམས་འཚབ་དང་སེམས་སྡུག་ཆེན་པོ་མྱངས་རྗེས། མཐའ་མ་དེར་བཤའ་བཅོས་བྱས་ནས་མོའི་མཁལ་མ་གཅིག་བརྗེ་བོ་རྒྱག་དགོས་བྱུང་ཡོད་འདུག

ཁ་སང་གཞས་མ་གྷོ་མེ་ཛ་ཡིས་ད་དུང་མ་འོངས་པར་དེ་དང་འབྲེལ་བའི་པར་རིས་ཁ་ཤས་ཤིག་མོ་རང་གི་སྤྱི་ཚོགས་དྲྭ་བ་བརྒྱུད་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ད་ལྟ་གནས་སྐབས་མོས་སྨན་ཁང་གི་སྨན་པ་དང་ལས་རོགས། དེ་བཞིན། མོའི་གྲོགས་མོ་འཆམ་ཤོས་རཱ་ཡེ་སཱ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་ཡི་ཡོད་སྐོར་བརྗོད་པ་དང་འབྲེལ། གྲོགས་མོ་རཱ་ཡེ་སཱ་ཡིས་བློས་གཏོང་ཆེན་པོའི་ཐོག་ནས་ང་ལ་མོ་རང་གི་མཁལ་མ་གཅིག་བྱིན་པ་ནི་རྔན་པ་ཡག་ཤོས་དེ་ཡིན། ང་ལ་མོ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་དང་། ང་རང་མོ་ལ་ཧ་ཅང་གིས་དགའ་བོ་ཡོད། ཅེས་བརྗོད་འདུག

གཞས་མ་གྷོ་མེ་ཛ་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་འཛམ་གླིང་ནང་སྤྱི་ཚོགས་དྲྭ་བ་ཨིན་སི་ཊ་གྷ་རཱམ་ཐོག་རྗེས་འཇུག་པ་མང་ཤོས་ཡོད་མཁན་ཞིག་ཡིན་པ་དང་། མོའི་གྲོགས་མོ་འཆམ་ཤོས་རཱ་སེ་ཡཱ་ནི་ད་ལྟ་རང་ལོ་ ༢༩ ཡིན་ཞིང་། ཨ་རིའི་བརྙན་འཕྲིན་གྱི་འཁྲབ་སྟོན་པ་ཞིག་ཡིན་ལ། ད་ལྟ་ཨ་རིའི་བརྙན་འཕྲིན་ཁང་གི་མུ་འབྲེལ་ལྟད་མོ་ཨ་རིའི་ན་གཞོན་གྱི་གསང་བའི་མི་ཚེ་(The Secret Life of the American Teenager)ཞེས་པ་དེ་འཁྲབ་སྟོན་བྱེད་བཞིན་ཡོད་འདུག

དབང་པོ་བགྲོ་འགྲེམ་འབྲེལ་མཐུད་ཚོགས་(The United Network for Organ Sharing)པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་ནང་དབང་པོ་བརྗེ་བོ་རྒྱག་མཁན་མི་གྲངས་ ༣༣༠༠༠ ལྷག་བྱུང་ཡོད་པ་ལས། མི་གྲངས་ ༡༣༠༠༠ ལྷག་གིས་མཁལ་མ་བརྗེ་བོ་བརྒྱབས་ཡོད་པ་དང་། དེའི་ནང་ནས་མཁལ་མ་ ༥༦༢༩ ནི་མི་གསོན་པོས་སྦྱིན་པ་བཏང་བ་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. དོན་གྲུབ་བཟང་པོ། says:
    ལོ་ 9 སྔོན།

    བུ་མོ་མཛེས་མ་ཞེ་དྲག་འདུག
    སེམས་པ་ཤོར་སོང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese