མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁཱ་ཐོ་ལོ་ནེ་ཡཱ་རང་བཙན་བྱ་རྒྱུའི་གསལ་བསྒྲཊ་ལ་ས་རྟགས་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁཱ་ཐོ་ལོ་ནེ་ཡཱས་མང་མོས་འོས་བསྡུ་བྱས་ཏེ་སི་པིན་ནས་ལོགས་སུ་རང་བཙན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་རྒྱུར་ས་རྟགས་བརྒྱབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡ ཉིན་ཁཱ་ཐོ་ལེ་ནེ་ཡཱ་((Catalonia))སི་པིན་ནས་ལོགས་སུ་རང་བཙན་བྱེད་མིན་གྱི་མང་མོས་འོས་བསྡུ་ཡུལ་དེའི་མངའ་སྡེ་བྷར་སི་ལོ་ནཱ་(Barcelona)རུ་མི་མང་འདུ་འཛོམས་ཀྱིས་འོས་བསྡུ་ཐག་གཅོད་བྱས་ཡོད་པ་དང་། ཁཱ་ཐ་ལོ་ནེ་ཡཱ་གཞུང་གིས་གསལ་བསྒྲགས་བྱས་པ་ལྟར་ན། འོས་བསྡུའི་ཁྲོད་མི་མང་བརྒྱ་ཆ་ ༤༣ གྱིས་རང་བཙན་མི་དགོས་པར་མུ་མཐུད་རང་སྐྱོང་ཁུལ་གྱི་ངོ་བོར་གནས་རྒྱུར་མོས་མཐུན་བྱས་ཡོད་པ་དང་། མི་མང་བརྒྱ་ཆ་ ༩༠ ཡིས་ཁཱ་ཐ་ལོ་ནེ་ཡཱ་སི་པིན་ནས་ལོགས་སུ་རང་བཙན་བྱ་རྒྱུ་ཡིན་པའི་འོས་བླུགས་པར་བརྟེན། ཁ་སང་ཁུལ་དེའི་དབུ་ཁྲིད་ཆཱར་ལེ་པོག་ཌེ་མོན་ཊི(Carles Puigdemont) ཡིས་ཁཱ་ཐོ་ལོ་ནེ་ཡཱ་སི་པིན་ནས་ལོགས་སུ་རང་བཙན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཡིག་ཆར་ས་རྟགས་བཀོད་ཡོད་འདུག

གསལ་བསྒྲགས་ས་རྟགས་དེ་བརྒྱབ་མ་ཐག་སི་པིན་གཞུང་གིས་ཐག་གཅོད་དེར་དང་ལེན་མ་བྱས་པར་རྩིས་མེད་བཏང་ཡོད་པ་མ་ཟད། སི་པིན་གཞུང་དང་གྲོས་མོལ་བྱེད་དགོས་པ་ལས་ཐག་གཅོད་དེ་ལག་བསྟར་བྱེད་མི་ཆོག་པ་དང་། ཁཱ་ཐོ་ལོ་ནེ་ཡཱ་མུ་མཐུད་རང་སྲིད་རང་སྐྱོང་གི་མངའ་སྡེའི་ངོ་བོའི་ཐོག་གནས་དགོས་པའི་གསལ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་། ཁཱ་ཐོ་ལོ་ནེ་ཡཱའི་དབུ་ཁྲིད་ཀྱིས་འོས་བསྡུའི་ཐག་གཅོད་ལ་རྒྱལ་ཁ་ཐོབ་ཡོད་པས་སི་པིན་གཞུང་གི་རྩ་ཁྲིམས་ལྟར་རང་བཙན་གསལ་བསྒྲགས་བྱེད་ཆོག་སྐོར་ལན་འདེབས་བྱས་ཡོད་འདུག

ད་ལོའི་ཕྱི་ཟླ་༧ པ་ནས་ཁཱ་ཐ་ལོ་ནེ་ཡཱ་འཛིན་སྐྱོང་ལྷན་ཚོགས་ཀྱིས།  ཕྱི་ཟླ་ ༡༠ པའི་ནང་ཁཱ་ཐ་ལོ་ནེ་ཡཱ་མི་མང་གིས་མང་མོས་འོས་བསྡུ་བྱས་ཏེ་ཁཱ་ཐ་ལོ་ནེ་ཡཱ་སི་པིན་ལས་ལོགས་སུ་རང་བཙན་བྱེད་མིན་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། གལ་ཏེ་འོས་ཤོག་འཐོབ་པ་ཡིན་ན་གང་མགྱོགས་ཁཱ་ཐ་ལོ་ནེ་ཡཱ་རང་བཙན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག

རང་བཙན་གསལ་བསྒྲགས་ནང་དུ་ང་ཚོས་འཛམ་གླིང་ཡོངས་ཀྱི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་རྒྱུར། ཁཱ་ཐོ་ལོ་ནེ་ཡཱ་རང་བཙན་ལྡན་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་རོགས། ཞེས་འཁོད་ཡོད་པ་དང་། དེ་བཞིན་དབུ་ཁྲིད་ཆཱར་ལེ་པོག་ཌེ་མོན་ཊི་ཡིས་གྲོས་ཚོགས་ནང་མི་རིང་བར་ཁཱ་ཐོ་ལོ་ནེ་ཡཱ་སི་པིན་ནས་ལོགས་སུ་གྱེས་རྒྱུ་ཡིན་པ་དང་། ང་ཚོ་ཚང་མ་ཚོགས་སྡེ་གཅིག་གི་མི་མང་ཡིན་པས་ང་ཚོར་དགོས་པ་དེ་ཚང་མ་མཉམ་དུ་མདུན་བསྐྱོད་བྱ་རྒྱ་དང་། མདུན་བསྐྱོད་བྱེད་པའི་ལམ་ཁ་ཁོ་ན་དེ་དམངས་གཙོ་དང་ཞི་བདེ་ཡིན་པ་རེད། ཅེས་བརྗོད་པར་བརྟེན། ཁ་སང་སི་པིན་གྱི་སྲིད་བློན་མཱ་རི་ཡ་ནོ་རཱ་ཇོ་(Mariano Rajoy) ལགས་ཀྱིས། གྲོས་ཚོགས་ནང་གནད་དོན་དེའི་སྐོར་ལ་ཛ་དྲག་ཚོགས་འདུ་ཚོགས་དགོས་པ་དང་། དཀའ་ངལ་དེ་འཕྲལ་དུ་སེལ་དགོས་པའི་བཀའ་བཏང་ཡོད་འདུག

ཁཱ་ཐ་ལོ་ནེ་ཡཱ་ནི་སི་པན་རྒྱལ་ཁབ་ཀྱི་བྷར་སི་ལོ་ནཱ་(Barcelona)དང་། གྷེ་རོ་ནཱ་(Girona)། ཊཱ་རཱ་གྷོ་ནཱ་(Tarragona)སོགས་མངའ་སྡེ་ཆེན་པོ་གསུམ་གྱིས་གྲུབ་ཡོད་པ་དང་། བྷར་སི་ལོ་ནཱ་ནི་ས་གནས་ཆེ་ཤོས་དང་ཁཱ་ཐ་ལོ་ནེ་ཡཱའི་ས་གནས་སྲིད་གཞུང་གི་རྒྱལ་སའང་ཡིན་འདུག ས་ཆ་དེ་ནི་ཡུ་རོབ་ཀྱི་བཟོ་ལས་དང་ཚོང་གཉེར་གྱི་ལྟེ་བ་ཡིན་པ་མ་ཟད། སི་པིན་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ཞིག་ཀྱང་ཆགས་ཡོད་པ་རེད། ཡུལ་དེའི་ལྷོ་བྱང་ས་ཁུལ་གྱི་མི་མང་ཚོས་དུས་ཡུན་རིང་པོ་ནས་སི་པིན་ནས་ལོགས་སུ་གྱེས་འདོད་ཀྱི་འཐབ་རྩོད་བྱས་ཡོད་པ་དང་། ཁོ་ཚོར་རང་གི་སྐད་ཡིག་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཡོད་པའི་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་ཤིག་ཆགས་ཡོད་འདུག

ཁཱ་ཐ་ལོ་ནེ་ཡཱ་དེ་༡༦༣༥ ནས་ ༡༦༥༩ བར་ཧྥ་རན་སིའི་དབང་བསྒྱུར་འོག་ཡོད་ཀྱང་། རྗེས་སུ་སི་པིན་གྱིས་ ༡༦༥༩ ལོའི་ཕེ་རེ་ནཱེ་སི་(Pyrenees)ཆིངས་ཡིག་འོག་ནས་ཁཱ་ཐ་ལོ་ནེ་ཡཱར་བསྐྱར་དུ་དབང་བསྒྱུར་བྱས་རྗེས་ཧྥ་རན་སི་དང་སི་པིན་གྱི་དམག་འཁྲུག་མཚམས་བཞག ཕྱི་ལོ་༡༩༣༡ ནས་ ༡༩༣༩ ལོའི་བར་སི་པིན་དམངས་གཙོ་དང་སྤྱི་མཐུན་ཚོགས་པ་ཆགས་རྗེས་ཁཱ་ཐ་ལོ་ནེ་ཡཱ་ལ་སི་པིན་འོག་ནས་རང་སྲིད་རང་སྐྱོང་བྱས་ཏེ་བསྡད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

ཆུ་ཚོད་ ༢༡ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

༢༠༢༦/༠༢/༡༢

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། གང་ལེགས་བྲིས་གནང་འདུག་པ་་་་བཀྲིས་བདེ་ལེགས་ཡོད།
    བོད་ལྗོངས་འདི་ཡང་མི་རིང་པར་རང་ཡུལ་རང་ཐོབ་ཡོང་བའི་རེ་སྨོན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese