མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་དགེ་ཟླ་བའི་སྐུ་ཕུང་ཞུཊ་འབུལ་གནང་།

བོད་ཀྱི་དུས་བབ།
༢༠༡༧/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བོད་རིགས་དམག་དགེ་བཀྲ་ཤིས་ཟླ་བ་ལགས་ཀྱི་སྐུ་ཕུང་རྣམ་གྲོལ་གླིང་དགོན་པའི་དུར་ཁྲོད་དུ་ཞུགས་འབུལ་གནང་ཡོད་འདུག

དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་རའི་ནང་དུ། དགེ་འདུན་པ་རྣམས་ཀྱིས་རྒྱ་གར་མཁའ་དམག་གི་དགེ་རྒན་བཀྲ་ཤིས་ཟླ་བ་ལགས་ཀྱི་ཆེད་དུ་བསྔོ་སྨོན་གསུང་འདོན་གནང་གྲུབ་རྗེས། ཁོང་གི་བྱས་རྗེས་ལ་ཆེད་བསྟོད་དང་གུས་བརྩི་མཚོན་སླད་དམག་དཔུང་རུ་སྒྲིག་གིས་སྐུ་ཕུང་རྣམ་གྲོལ་གླིང་དགོན་པའི་དུར་ཁྲོད་དུ་གདན་འདྲེན་གྱིས་ཞུགས་འབུལ་གནང་སོང་།

གསར་འགོད་པས་སྐུ་ཕུང་གདན་ཞུ་བྱེད་མཁན་གྱི་གྲས་སུ་ཡོད་པའི་བོད་རིགས་དམག་དཔོན་ཚེ་རྣམ་ལགས་སུ། ཟླ་བ་བཀྲ་ཤིས་ལགས་ཀྱི་གྲོངས་རྐྱེན་གང་ཡིན་དྲིས་པར་ཁོང་གིས། གྲོངས་རྐྱེན་ངོ་མ་ཅི་ཡིན་སྐོར་ད་ལྟ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། གོང་རིམ་ནས་བཀའ་ནན་པོ་གནང་བ་ལྟར་གནས་ཚུལ་དེའི་སྐོར་བཤད་ཆོག་གི་མེད་སྐོར་བརྗོད་བྱུང་།

ཁ་སང་ཟླ་བ་བཀྲིས་ལགས་ཀྱི་ཕུང་པོ་དམག་སྒར་ནས་ཐད་འཕུར་གནམ་གྲུའི་ནང་སྦེང་ལོར་གྲོང་ཁྱེར་དུ་གདན་འདྲེན་ཞུས་ཏེ། དམག་དཔུང་གིས་ཆེད་བསྟོད་གུས་བརྩི་དང་མྱ་ངན་གྱི་བྱེད་སྒོ་ཟབ་རྒྱས་ཤིག་སྤེལ་རྗེས། ཕྱི་ཚེས་༡༤ ཉིན་གྱི་སྔ་དྲོར་སྦེལ་ཀོབ་བོད་མིའི་ལུགས་བསམ་གཞིས་ཆགས་ཀྱི་གྲོང་སྡེ་གསུམ་པའི་ནང་ཡོད་པའི་རང་ཁྱིམ་དུ་གདན་འདྲེན་བྱས་ཡོད་པ་དང་། སྐུ་ཕུང་གདན་ཞུ་བྱེད་མཁན་ནང་རྒྱ་གར་གྱི་དམག་དཔོན་དང་དམག་མི་ ༡༣། དེ་བཞིན་བོད་དམག་གསུམ་བཅས་ཁྱོན་དམག་མི་ ༡༦ ཕེབས་ཡོད་པ་དང་། གཞན་ཡང་། སྦེལ་ཀོབ་ས་གནས་དང་ཀོ་ལི་གྷལ་ཧོན་སོར་སོགས་ནས་དང་ཟུར་དམག་མི་ ༡༦༠ ཡས་མས་འཛོམས་ཡོད་པ་རེད།

བཀྲིས་ཟླ་བ་ལགས་ཀྱི་གཅེན་པོ་ཚེ་དགའ་ལགས་ཀྱིས། ཕྱི་ཟླ་བཅུ་གཉིས་པའི་ནང་རང་ཁྱིམ་དུ་གུང་གསེང་ལ་ཡོང་རྒྱུའི་འཆར་གཞི་ཡོད་སྐོར་དང་། ཁོང་ནི་ནམ་རྒྱུན་སྤྱོད་ལམ་ཡ་རབས་ཚུལ་ལྡན་པ་ཞིག་ཡིན་སྐོར་བརྗོད་བྱུང་།

ཟླ་བ་བཀྲིས་ལགས་དམག་ཁོངས་སུ་ཞུགས་ཏེ་ལོ་ངོ་༢༤ ཙམ་འགྲོ་གི་ཡོད་པ་དང་། ཁོང་གི་ཁྱིམ་དུ་ཨ་མ་རྒན་མོ་ཞིག་དང་གཅེན་པོ་གཅུང་པོ། བཟའ་ཟླ་དང་ཕྲུ་གུ་གཉིས་བཅས་ཡོད་པ་དང་། ཁོང་གི་བཟའ་ཟླ་འབྲས་ལྗོངས་སྒང་ཏོག་ནས་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྤྱི་ཚོགས་དྲ་གནས་ཁག་ཅིག
Mobile App

བལ་ཡུལ་གཞུང་གིས་ངོ་དེབ་དང་ཡུ་ཊུབ་ཚུད་པའི་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས།

ཆུ་ཚོད་ ༦ སྔོན་ལ།
གསར་འགྱུར།

རྒྱ་ནག་དམར་གཞུང་གིས་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་བཙོན་ཁང་དུ་སྐུ་བཀྲོངས་ཡོད་འདུག

༢༠༢༥/༠༩/༠༤
ལྡི་ལི་བསམ་ཡས་གླིང་སོགས་སུ་ཆར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག  ༢༠༢༥།༠༩།༤ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

ལྡི་ལི་བསམ་ཡས་གླིང་སོགས་སུ་ཆར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

༢༠༢༥/༠༩/༠༤
Front Slider

ཉིན་ལྔའི་རིང་གི་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་འཚོག་བཞིན་འདུག

༢༠༢༥/༠༩/༠༣
Mobile App

བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་དབུ་འཛུགས་གནང་སོང་། 

༢༠༢༥/༠༩/༠༣
Mobile App

ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་གནང་།

༢༠༢༥/༠༩/༠༣

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    གཡུལ་ལས་རྣམ་པར་རྒྱལ་ལ་ལས་སྨོན་དགོས་།
    གཡུལ་སར་དགྲ་དང་གདོང་ཐུག་དུས་ལ་བློ་རྩ་བརྟན་།
    གཡུལ་ལམ་འགག་པའི་ཐབས་ཇུས་ཞན་པས་ན་།
    གཡུལ་སར་ཚེ་ཡིའི་འཕེན་པ་འབྱུང་བས་བསྡུ་།
    ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་ཧྲི་་་་་་་་ ཧྲི་་་་

    Reply
  2. pema gyalpo says:
    ལོ་ 8 སྔོན།

    བློ་ཕམ་ཆེན་པོ་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese