མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་བྱེས་མཉམ་འཛོམས་ཡོང་སླད་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོཊ་ཆེན་བསྡུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༨/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༦ ནས་ ༣༡ བར་བཞུགས་སྒར་དྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། དྷ་རམ་ས་ལའི་མེག་ལོར་སྤྲོ་ཚོགས་ཁང་(Club House)དུ། རྒྱལ་སྤྱིའི་དབུ་མའི་ལམ་དབུས་ཚོགས་ཆུང་གི་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་ ༥ ཚེས ༢༦ ནས་ ༣༡ བར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་བཞུགས་སྒར་དྷ་རམ་ས་ལར་སྐོང་ཚོགས་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། ཚོགས་ཆེན་དེའི་དགོས་དམིགས་གཙོ་བོ་ནི་ ༧གོང་ས་མཆོག་གི་བཀའ་དགོངས་དང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་དེ་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ། རྒྱལ་སྤྱི་དང་དམིགས་བསལ་རྒྱ་ནག་གཞུང་ལ་ངོ་སྤྲོད་གསལ་སྟོན་བྱས་ཏེ་བོད་གཞིས་བྱེས་གཉིས་མགྱོགས་མྱུར་མཉམ་འཛོམས་ཡོང་སླད་ཡིན་སྐོར་བརྗོད་སོང་།

ཡང་གསར་འགོད་བསྒྲགས་གཏམ་ནང་དེ་ཡང་བོད་དབྱིན་གཉིས་ཀྱི་ནང་བསྒྲགས་པའི་རྒྱལ་སྤྱིའི་དབུ་མའི་ལམ་དབུས་མི་མང་ཚོགས་ཆུང་གི་བསྒྲགས་གཏམ་ནང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོས་བོད་མིའི་བདེན་པའི་དོན་ཆེན་འགྲུབ་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། བོད་མི་རིགས་འདི་བདེ་སྐྱིད་ལྡན་པའི་ངང་སའི་གོ་ལ་འདིའི་སྟེང་ཡུན་གནས་ཐུབ་ཐབས་ཀྱི་བླ་ན་མེད་པའི་དགོངས་གཞི་ཟབ་མོ་ཞིག་ཡིན་ལ། གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་འདི་ནིི་དེང་སང་ཛ་དྲག་གི་དུས་འདིར་ཆོལ་གསུམ་མི་མང་ཡོངས་རྫོགས་མཐུན་ལམ་དང་རྡོག་རྩ་གཅིག་ཏུ་སྒྲིལ་བར་ནུས་ཤུགས་ཆེན་པོ་འདོན་པའི་གསེར་གྱི་ཉི་མ་ལྟ་བུར་གྱུར་ཡོད། ཅེས་བཀོད་འདུག

གསར་འགོད་ལྷན་ཚོགས་ཐོག གཉིས་སྨན་དབུ་མའི་ལམ་ནི་བོད་མི་བརྒྱ་ཆ་ ༨༠ ནས ༩༠ ཙམ་གྱིས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་ལངས་ཕྱོགས་ལ་ཁ་ཕྱོགས་ནས་དྲང་བདེན་དང་ཕྱི་ནང་སྦེད་གསང་མེད་པའི་སྲིད་བྱུས་ཤིག་ཡིན་པ་རྒྱལ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གཞུང་ལ་ངོ་སྤྲོད་གསལ་སྟོན་དགོས་པ་དུས་ཀྱི་དགོས་མཁོ་གལ་ཆེ་ཞིག་ཡིན་སྐོར་དང་། བཙན་བྱོལ་མི་མང་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པར་གཉིས་སྨན་དབུ་མའི་ལམ་དེ་སྤྱི་མོས་ཐོག་གཏན་ལ་ཕབ་ཡོད་སྟབས། རྒྱ་ནག་ནང་ཞི་བདེ་ལྷིང་འཇགས་དང་གཅིག་སྒྲིལ། དེ་བཞིན། རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཆེ་མཐོང་དང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དོན་དངོས་ཐོག་གནས་འདོད་ཡོད་པ་ན། དེ་སེལ་ཐབས་ཀྱིི་ལམ་ནི་དབུ་མའི་ལམ་ལས་ལྷག་པ་མེད་སྐོར་བརྗོད་སོང་།

ཡང་བསྒྲགས་གཏམ་ནང་དུ། ཛ་དྲག་གི་གནད་དོན་ཞིག་ལ་བོད་རིགས་གཞོན་སྐྱེས་མང་དག་ཅིག་གི་གཙོས་མང་ཚོགས་ནང་བོད་ཆོལ་གསུམ་སྐྱིད་སྡུག་མཉམ་མྱོང་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་གི་བླ་ན་མེད་པའི་གཉིས་སྨན་དབུ་མའི་ལམ་ལས་ལྷག་པ་གཞན་ཞིག་མེད་པ་གསལ་པོ་མ་མཁྱེན་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་། རྒྱལ་སྤྱིའི་སྟེང་དུའང་དབུ་མའི་ལམ་ལ་རྒྱབ་སྐྱོར་སྔར་ལྷག་འབྱུང་ཐབས་སོགས་ཀྱི་ཆེད་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་གཏན་འཁེལ་ཡོད་སྐོར་སོགས་བཀོད་འདུག

རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་བཞུགས་སྒར་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་། ཨ་རིའི་མེ་ནེ་སོ་ཊར་རྟེན་གཞི་བྱས་པའི་དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་གཙོས་པའི་ཨ་རིའི་མངའ་སྡེ་གཞན་བཞི་དང་། ཡུ་རོབ་རྒྱལ་ཁབ་བདུན། ཨེ་ཤ་ཡའི་རྒྱལ་ཁབ་ཐའེ་ཝན་གཙོས་པའི་རྒྱ་བལ་བཅས་ཀྱི་དབུ་མའི་ལམ་དོན་གཉེར་བ་རྣམས་ཀྱིས་གཙོ་འགན་བླངས་ཏེ་གོ་སྒྲིག་གནང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. ཨ་མའི་བུ། says:
    ལོ་ 9 སྔོན།

    སྐད་ཡིག་གསུམ་ལྡན་རེད་འདུག བོད་ཡིག རྒྱ་ཡིག དབྱིན་ཡིག

    Reply
  2. འཛུམ་ཤུལ་ཐབས་མཁས། says:
    ལོ་ 9 སྔོན།

    རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ཚོགས་ཆེན་ཐེངས་དང་པོ་བདེ་ལེགས་ངང་ཚོགས་ཐུབ་པར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese