མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཆ་འཕྲོག་སྟེ་ཡུལ་མིར་བརྡུངས།

བོད་ཀྱི་དུས་བབ།
༢༠༡༨/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འཇོ་མདའ་རྫོང་ཁོངས་སུ་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཞེས་པ་ ༢༣ བཙུགས་ཏེ་ཡུལ་མི་མང་པོ་བཙན་གྱིས་ཁུལ་དེར་གནས་སྤོར་དུ་བཅུག་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འབོ་ཐང་གྲོང་ཚོའི་(麦东村)ཁྱིམ་ཚང་ཡོངས་རྫོགས་སྡོད་མང་གཅིག་གྱུར་ཁུལ་དུ་བཙན་གྱིས་གནས་སྤོ་རུ་བཅུག་སྟེ། ཁྱིམ་མིའི་གྲངས་འབོར་ལྟར་སྡོད་ཁང་གོ་སྒྲིག་བྱས་ཡོད་པ་དང་། ལས་གཞི་དེ་མགོ་བརྩམས་སྐབས་ཡུལ་མི་ཚོས་མོས་མཐུན་བྱས་མེད་པ་མ་ཟད། སྲིད་གཞུང་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ཞི་རྒོལ་བྱེད་སྐབས། ཉེན་རྟོག་པས་ཡུལ་མི་ཚོར་གང་བྱུང་གཅར་རྡུང་བཏང་སྟེ་མི་མང་པོར་རྨས་སྐྱོན་བཟོས་པ་དང་། མི་ ༥༠ ལྷག་བཀག་ཉར་བྱས་ཡོད་འདུག

འདི་གར་འབྲེལ་ཡོད་ཅིག་གིས་དེའི་སྐོར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༦ པའི་ནང་མཁར་གྲོང་འཛུགས་སྐྲུན་ལ་ཁ་གཡར་ཏེ། ས་གནས་སྲིད་གཞུང་གིས་འཇོ་མདའ་རྫོང་འབོ་ཐང་གྲོང་ཚོར་ཁྱིམ་ཚང་ ༣༠ ཡས་མས་ཡོད་པ་རྣམས་གནས་སྤོར་དགོས་པའི་བཙན་བཀའ་གཏོང་སྐབས། ས་གནས་མི་མང་གིས་མོས་མཐུན་བྱས་མེད་པ་རེད། དེ་ནས་སྲིད་གཞུང་གིས་ས་རྐོ་འཕྲུལ་འཁོར་ཆེད་མངག་གིས་གྲོང་ཚོའི་སྡོད་ཁང་ཁག་ཅིག་བཙན་གྱིས་གཏོར་ཏེ་ས་ཆ་ཧམ་བཟུང་བྱས་ཡོད་པར་བརྟེན། ས་གནས་མི་མང་གིས་སྲིད་གཞུང་གི་བྱ་སྤྱོད་དེ་ནི་ཁྲིམས་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ཞི་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་དུག་རླངས་གཏོར་བ་དང་གང་བྱུང་གཅར་རྡུང་བཏང་སྟེ་མི་མང་པོས་རྨས་སྐྱོན་བཟོས་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། ཕྱིས་སུ་ཉེན་རྟོག་པས་ཕྲུ་གུ་ཆུང་ཆུང་གི་ཨ་མ་ཞིག་དང་སྒྲོལ་མ་ཞེས་པའི་བུད་མེད་ཅིག་ཚུད་པའི་ཡུལ་མི་ ༥༠ ལྷག་འཛིན་བཟུང་བྱས་ཏེ། ཟླ་ཤས་རིང་བཀག་ཉར་གྱིས་འདྲི་རྩད་གཅར་རྡུང་བཏང་རྗེས་རིམ་གྱིས་ཀློད་གྲོལ་བཏང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། སྲིད་གཞུང་གིས་སྡོད་མང་གཅིག་གྱུར་ཁུལ་ཞེས་པ་དེ་ནི་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་། འཇོ་མདའ་རྫོང་སྣུམ་བླུག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་སྡོད་མང་གཅིག་གྱུར་ཁུལ་གྱི་སྡོད་ཁང་རྣམས་ཕྱི་ནས་བལྟས་ན་མཛེས་པོ་ཡོད་ཀྱང་། ནང་དུ་སོང་ན་ཁང་པ་ཆུང་ཞིང་རྒྱུ་སྤུས་ཞན་པོ་ཡོད་སྟབས། སྲིད་གཞུང་གིས་གུན་གསབ་ཀྱི་དངུལ་ཉུང་ཉུང་ཞིག་སྤྲད་དེ་ཡུལ་མི་ཚོའི་ས་ཆ་འཕྲོག་པ་མ་ཟད། སྔར་གྱི་སྡོད་ཁང་རྣམས་བཙན་གྱིས་གཏོར་སོང་བར་འཁོན་སེམས་ཆེན་པོ་ཡོད་ཀྱང་། བཙན་བཀའ་ལ་ཟློག་ཐབས་མེད་པས་དཀའ་སྡུག་བཤད་ས་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་འཇོ་མདའ་རྫོང་སྲིད་གཞུང་གིས་རྒྱལ་མང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཞེས་པ་དངོས་སུ་ལག་བསྟར་བྱས་ཏེ། འཇོ་མདའ་རྫོང་ཁོངས་ཀྱི་གྲོང་ཚོ་མང་པོའི་ཡུལ་མི་ཚོ་ཡབ་མེས་ནས་གཏན་སྡོད་བྱས་པའི་རང་ས་ནས་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཞེས་པ་དེར་བཙན་གྱིས་གནས་སྤོ་རུ་བཅུག་ཡོད་པ་དང་། ལས་གཞི་དེའི་འོག་ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ ལོའི་ལོ་མཇུག་བར་དུ་ཁྱོན་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་ཞེས་པ་ ༢༣ བཙུགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༦ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    རང་བཙན་མེད་ན་རང་དབང་ག་ན་ཡོད་།
    ཁྲིམས་སྒྲིག་མེད་ན་དྲང་བདེན་ག་ན་ཡོད་།
    ལྷག་བསམ་མེད་ན་འགན་འཁུར་ག་ན་ཡོད་།
    བསྒྱུར་བཅོས་མེད་ན་གསར་བརྗེ་ག་ན་ཡོད་།
    སྙིང་རྗེ་མེད་ན་བྱམས་སེམས་ག་ན་ཡོད་།
    ངོ་ཚ་མེད་ན་ཁྲེལ་གཞུང་ག་ན་ཡོད་།
    རྒྱུ་ནོར་མེད་ན་རྐུ་མ་ག་ན་ཡོད་།
    ཤེས་ཡོན་མེད་ན་འཇོན་སྟངས་ག་ན་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese