མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངའ་སྡེ་རེར་གཞུང་འབྲེལ་སྨན་གྱི་མཐོ་སློབ་རེ་འཛུགས་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༨/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་དབུལ་ཕོངས་མི་མང་ས་ཡ་ ༡ ལྷག་གི་ཁྱིམ་ཚང་རེར་ལོ་གཅིག་ནང་ཧིན་སྒོར་འབུམ་ ༥ རེས་སྨན་བཅོས་ལྟ་སྐྱོང་གནང་སྟེ་འཛམ་གླིང་ཐོག་འཕྲོད་བསྟེན་ལས་གཞི་ཤུགས་ཆེ་ཤོས་དེ་སྤེལ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉཱིན་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་སྐུ་ཞབས་ཨ་རོན་ཇའེ་ཊི་ལེ་(Arun Jaitley)ལགས་ནས་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ཡི་སྔོན་རྩིས་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་དང་།  འདི་ལོར་རྒྱ་གར་གཞུང་ནས་འཕྲོད་བསྟེན་ཐོག་ལས་གཞི་ཆེན་པོ་གཉིས་བཟོས་ཡོད་པ་ནི་ཧིན་སྒོར་དུང་ཕྱུར་ ༡༢༠ གཏང་སྟེ། རྒྱ་གར་རྒྱལ་ཡོངས་སུ་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བའི་ལྟེ་གནས་ཁང་འབུམ་ ༡.༥ འཛུགས་སྐྲུན་གྱི་ལས་གཞི་མགོ་འཛུགས་རྒྱུ་དང་། ད་ལྟའི་རྒྱ་གར་གྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་འཛུལ་ཞུགས་བྱེད་ཐུབ་ཀྱི་མེད་པའི་དབུལ་ཕོངས་མི་མང་ས་ཡ་ ༡ ལྷག་ལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གསར་པ་ཞིག་བཟོས་ཏེ། ལོ་རེར་དབུལ་ཕོངས་མི་ཚང་རེར་ཧིན་སྒོར་འབུམ་ ༥ རེ་ཡི་འཕྲོད་བསྟེན་ལྟ་སྐྱོང་གནང་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། འདི་ནི་སྲིད་གཞུང་གིས་མ་དངུལ་བཏང་སྟེ་བཙུགས་པའི་འཛམ་གླིང་གི་འཕྲོད་བསྟེན་ལས་གཞི་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་ཅེས་གསུངས་ཡོད་པ་དང་། དཔལ་འབྱོར་བློན་ཆེན་སྐུ་ཞབས་ཨ་རོན་ལགས་ཀྱིས། ང་ཚོའི་རྒྱལ་ཁབ་ནང་མི་མང་འབུམ་ཕྲག་མང་པོས་རང་ཁྱིམ་གྱི་རྒྱུ་ནོར་བཙོང་བ་དང་མི་གཞན་གྱི་ལག་ནས་དངུལ་གཡར་བ་སོགས་བྱས་ཏེ། སྨན་བཅོས་ཐབས་འཚོལ་བྱེད་ཀྱིན་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། དེར་བརྟེན་གཞུང་ངོས་ནས་དབུལ་ཕོངས་དང་ཉེན་ཁའི་ནང་ལྷུང་བའི་མི་མང་གི་དཀའ་ངལ་སེལ་ཐབས་སུ་བསམ་ཞིབ་ནན་ཏན་བྱེད་ཀྱིན་ཡོད། ཅེས་གསུངས་འདུག

འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་གསར་པའི་ནང་རྒྱ་གར་རྒྱལ་ཡོངས་སུ་སྨན་གྱི་མཐོ་སློབ་ཁག་ ༢༤ གསར་འཛུགས་ཀྱིས། མངའ་སྡེ་རེ་རེའི་ནང་གཞུང་འབྲེལ་སྨན་གྱི་མཐོ་སློབ་རེ་ཡོད་པ་བཟོ་རྒྱུ་དང་། དེ་བཞིན། རྫོང་རིམ་པ་ཁག་གི་ནང་ཡོད་པའི་གཞུང་གི་སྨན་ཁང་ཁག་རྒྱ་སྐྱེད་དང་གསར་འཛུགས་སོགས་གནང་སྟེ།  རྒྱ་གར་མི་མང་ལ་འཕྲོད་བསྟེན་གྱི་མཐུན་རྐྱེན་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་མ་ཟད། ན་ཚ་མང་ཆེ་བར་རིན་མེད་ཐོག་སྨན་བཅོས་བྱ་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༩ ལོར་བྷེ་ཇི་ཕི་ཚོགས་པའི་གཞུང་འཛིན་དུས་ཡུན་རྫོགས་ཀྱི་ཡོད་སྟབས། ཁ་གཏད་སྲིད་དོན་པ་མང་པོ་ཞིག་གིས་མུ་དྷི་གཞུང་ནས་མི་མང་གི་བདེ་སྡུག་གཙོ་བོར་བཟུང་བའི་ལས་གཞི་རིགས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་དེ་ཆབ་སྲིད་ཀྱི་དམིགས་འབེན་ཁོ་ན་ལས་ལག་ལེན་ཐོག་གང་ཡང་མེད་སྐོར་དང་། ཡང་ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས། མུ་དྷི་གཞུང་ནས་འདི་ལོ་རྒྱ་གར་གྱི་དཔལ་འབྱོར་དང་། མི་མང་གི་འཕྲོད་བསྟེན། དེ་བཞིན། ཞིང་ལས་སོགས་ཀྱི་ཐོག་ནུས་ཤུགས་ཡོད་རྒུ་བཏོན་ཏེ། མགྱོགས་མྱུར་ངང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱས་ཏེ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་གར་གསར་པ་ཞེས་པའི་ཕུགས་མདུན་གྱི་ཕྱོགས་སུ་བསྐྱོད་འདོད་ཡོད་སྐོར་སོགས་བརྗོད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. བོད། says:
    ལོ་ 8 སྔོན།

    གཞུང་པ་ཚེ་དབང་བསོད་ནམས་ལགས།
    ཆོས་ལྡན་རྒྱལ་ཁབ་རྒྱ་གར་གྱི་གཞུང་དེ་བཞིན་ཧ་ཅང་ཡག་པོ་རེད། འོན་ཀྱང་བསམ་ཤེས་མེད་པའི་མི་འགའ་རེས་གཞུང་དངུལ་ལྐོག་བཟའ་བྱེད་པ་དེ་ཤིན་ཏུ་བྱ་སྤྱོད་ངན་པ་ཞིག་རེད། ངས་བྱས་ན་རྒྱ་གར་ནང་གཞུང་དངུལ་ལྐོག་བཟའ་བྱེད་སེམས་བཅངས་མཁན་དེ་དག་ལག་ཏུ་ཐེབས་ཚེ་གཞུང་གིས་རྒྱ་ཡན་དུ་མི་གཏོང་བར་ཉེས་ཆད་ལྗིད་པོ་ཞིག་བཟོས་ན་ད་བཟོད་རྒྱ་གར་གཞུང་དང་མི་མང་ལ་རེ་བ་ཡོད་པ་རེད།
    གཞན་རྒྱ་གར་གཞུང་གིས་དངུལ་ག་ཚོད་བཏང་ཡང་མི་མང་སྐྱོ་པོ་དེ་ཚོའི་ལག་ཏུ་རག་གི་མེད་པའི་བསམ་ཚུལ་དང་དངོས་ཡོད་གནས་སྟངས་ང་ཚོས་ཤེས་ཤེས་པ་རེད།

    དེར་བརྟེན་གཞུང་པ་ཚེ་བསོད་ལགས་ཀྱི་ཆབ་སྲིད་རིག་པའི་སྒྲུང་སྙན་ཟེར་བ་དེ་ནི་ཧ་ཅང་བློ་ཕམ་དགོས་པའི་བསམ་ཚུལ་རེད། ་དེ་ཚོའི་གྲས་རྒྱ་གར་གཞུང་ལ་ཁ་གཏོང་སྟངས་ཤིག་ཆགས་ཀྱི་རེད་མ་གཏོགས་དོན་དམ་གྱི་དམངས་ཕན་བསམ་ཚུལ་ཞིག་གཏན་ནས་མ་རེད་དོ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ཆབ་སྲིད་རིག་པས་སྒྲུང་སྙན་མི་མང་བསླུས་།
    འོས་ཤོག་ཐོབ་པའི་སྒྲ་སྒྲིག་སྔོན་རྩིས་ནང་།
    ཁ་སྙན་ལག་ལྟར་མེད་པའི་སྒྲུང་རིང་འོག་།
    ཉམས་ཆུང་མི་མང་བསླུ་བའི་སྔོན་རྩིས་ཙམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese