མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་དགོངས་པ་ཞུ་དགོས་པའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༨/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བདེན་རྒྱབ་དང་བླངས་མི་མང་གིས་ཨ་རིའི་དོན་གཅོད་ཀྱི་གནད་དོན་ཐད་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་མ་ཐུབ་པ་ཡིན་ན་སྤྱི་ཚོགས་ཀྱི་རྙོག་དྲ་ཆེ་རུ་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།

དེ་རིང་སྔ་དྲོར་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། བདེན་རྒྱབ་དང་བླངས་མི་མང་ཞེས་པའི་དང་བླངས་མི་མང་ ༧༠ ལྷག་གིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་གཉིས་ནས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་དང་། གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་ནས་དགོངས་ཚུལ་བཏོན་པ་ལྟར་ཨ་རིའི་དོན་གཅོད་ཀྱི་གནད་དོན་ཐད་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་མགོ་འཛུགས་བྱས་སོང་།

གསར་འགོད་པས་ལས་འགུལ་གཙོ་གཉེར་བ་འཕྲིན་ལས་སྐལ་བཟང་ལགས་སུ་ལས་འགུལ་གྱི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ལས་ཐོག་བསྟན་པ་ཡར་འཕེལ་གཉིས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རོགས་གནང་ཞུ་རྒྱུ་དང་། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་འགྲོ་བཞིན་པའི་རྙོག་དྲ་འདིའི་ཐད། བོད་མི་མང་སྤྱི་འཐུས་རྣམ་པས་གལ་གནད་དུ་རྩིས་ཏེ་སུ་ལ་བདེན་པ་ཡོད་མེད་ལ་མ་ལྟོས་པར་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་དབྱེ་ཞིབ་ཀྱི་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། གལ་སྲིད་དེ་འདྲ་མ་གནང་བ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་མི་དགོས་པའི་རྙོག་དྲ་དེ་ཆེ་རུ་འགྲོ་ཡི་ཡོད་པར་མཐོང་གི་འདུག ཞེས་བརྗོད་བྱུང་།

ཡང་ཁ་སང་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ནས་ཨ་རིའི་དོན་གཅོད་ཀྱི་གནད་དོན་ཆེད་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་དཀའ་ལས་ཁག་པོ་ཡོད་སྟབས། ཁྲིམས་གཏུགས་བྱེད་པ་ལས་ཐབས་ཤེས་གཞན་མེད་སྐོར་གསུངས་ཡོད་པ་དེར་བསམ་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། སྤྱིར་བཏང་མི་སྒེར་ཞིག་ལ་མཚོན་ནའང་ལས་དོན་ག་རེ་ཡིན་ཡང་དཀའ་ལས་ཁག་པོ་ཡོད་རེད་ལབ་དུས། ལས་ཀ་དེ་བྱེད་འདོད་མེད་པའི་རྒྱུ་མཚན་བགྲང་རྒྱུ་དེ་རེད། བྱེད་དགོས་དང་མི་དགོས། གལ་ཆེན་ཡིན་མིན་ལ་གཟིགས་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། རྩ་བའི་བཙན་བྱོལ་གཞུང་ལབ་དུས་བཀའ་ཤག་གཅིག་པུ་ཆགས་ཀྱི་ཡོད་པ་མ་རེད། བཀའ་ཤག་གི་དགོངས་ཚུལ་དེ་འདྲ་ཞིག་རེད་དེ། དམངས་གཙོའི་ཀ་བ་གསུམ་དང་། དམིགས་བསལ་ད་རེས་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་ནས་གཟིགས་དགོས་པ་རེད། ཁྲིམས་ཁང་ལ་གཏུག་རྒྱུ་ནི་རྙོག་དྲ་སེལ་ཐབས་སུ་འོས་འགན་འཁུར་གྱི་མེད་པ་དང་བསམ་བློ་མེད་པར་མཐོང་གི་ཡོད་ལ། ནང་མི་ཞིག་ལ་ཆ་བཞག་ན། རྙོག་དྲ་བྱུང་ཚེ་ཁྲིམས་ཁང་ལ་གཏུག་རྒྱུ་ནི་ཆེས་མཐའ་མར་འཇོག་གི་རེད། ད་ལྟ་སྤྱི་ཚོགས་ནང་རྙོག་དྲ་ཞིག་ཡོང་བསྡད་ཡོད་པ་དང་། དམངས་གཙོའི་གཞུང་ནང་དོན་གྱི་བདག་པོ་དེ་མི་མང་ཆགས་ཡོད་པ་རེད། མི་མང་གིས་ཅིག་དགོས་ཀྱི་ཡོད་གསུང་པ་ཡིན་ན་དེར་བདག་པོ་རྒྱག་དགོས་པ་དེ་ང་ཚོའི་གཞུང་གི་ལས་འགན་རེད། བཀའ་ཤག་ཡིན་ན་རེད། དམིགས་བསལ་སྤྱི་འཐུས་རྣམ་པ་མི་མང་གི་སྐུ་ཚབ་ཡིན་པར་བརྟེན། ཕྱོགས་གཅིག་ནས་ང་ཚོའི་མགོ་འཁྲིད་ཚོས་ག་དུས་ཡིན་ན་ཡང་སྤྱི་ཚོགས་ནང་ལོགས་ལ་རྙོག་དྲ་ལབ་ཡ་དེ་དགོས་པ་མ་རེད་ཅེས་ལམ་སྟོན་གནང་གི་ཡོད་ཀྱང་། རྙོག་དྲ་ཡོང་སྲིད་པ་དང་རྙོག་དྲ་ཡོང་སྐབས་དེ་ཇེ་ཆུང་དུ་གཏོང་རྒྱུ་དང་། རྙོག་དྲ་ཆུང་ཆུང་ཞིག་ཡོད་ཚེ་དེ་མེད་པ་བཟོ་དགོས་པའི་ཐབས་ཤེས་གནང་དགོས་རེད། ཁྲིམས་ཁང་ལ་འགྲོ་དགོས་རེད་ལབ་དུས་རྙོག་དྲ་ཇེ་ཆུང་དུ་གཏོང་བ་དང་རྙོག་དྲ་མེད་པར་བཟོ་བའི་ཐབས་ཤིག་ལ་རྩ་བ་ནས་མཐོང་གི་མི་འདུག དེ་ག་རེ་བྱས་ནས་ལབ་ཀྱི་ཡོད་ཞུ་ན། སྲིད་སྐྱོང་གིས་སྐད་ཆ་དེ་ག་རང་གི་འོག་ལ་སྤྱི་འཐུས་གྲོས་ཚོགས་ཀྱིས་གལ་སྲིད་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ཏེ་སྙན་ཐོ་ཞིག་བཏོན་པ་ཡིན་ནའང་། དེ་ལ་བཀའ་ཤག་གིས་ངོས་ལེན་མ་བྱས་པ་ཡིན་ན་བྱ་རྒྱུ་གང་ཡང་མེད་པ་ཅེས་གསུང་གི་འདུག དེ་ལབ་དུས། གལ་སྲིད་ཁྲིམས་ཁང་ནང་ཕྱིན་ཏེ་ཁྲིམས་ཁང་གི་ཐག་གཅོད་ཅིག་གནང་བ་ཡིན་ནའང་དེ་ལ་བདག་པོ་རྒྱག་རྒྱུ་དང་། དེ་གཞིར་བཟུང་གིས་ཕྱག་ལས་གནང་རྒྱུ་སོགས་དེ་ལ་འདོད་པ་དང་མོས་མཐུན་གྱི་ཀུན་སློང་ཞིག་ཡོད་པ་ངས་རྩ་བ་ཉིད་ནས་མཐོང་གི་མི་འདུག གང་ལྟར་ནམ་རྒྱུན་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་རྙོག་དྲ་མེད་པ་བཟོ་དགོས་ཟེར་བའི་བསླབ་བྱ་དང་། སྒང་གི་བཀལ་མོལ་གནང་སྟངས་སོགས་མང་པོ་ཞིག་མཐུད་ཡོང་དུས་དཔལ་ལྡན་སྲིད་སྐྱོང་ལ་རྙོག་དྲ་སེལ་རྒྱུའི་ཀུན་སློང་མེད་པ་གསལ་པོ་རེད་ཤག དེ་ང་རང་ཚོ་མི་མང་གིས་མཁྱེན་དགོས་རེད་བསམ་གྱི་འདུག དམིགས་བསལ་སྲིད་སྐྱོང་གི་རྒྱབ་སྐྱོར་གནང་མཁན་ཚོས་ཞིབ་འཇུག་ཡག་པོ་གནང་སྟེ་མཁྱེན་དགོས་རེད་བསམ་གྱི་འདུག ཞེས་བརྗོད་བྱུང་།

གསར་འགོད་པས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཞི་རྒོལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་ནས་གསོལ་རས་གནང་བའི་དམངས་གཙོ་རེད། དེའི་ནང་ལ་གཏམ་བརྗོད་རང་དབང་ཆ་ཚང་ཡོད་པ་རེད། གཞི་རྩའི་ང་ཡོ་རོབ་ཁག་དང་གང་དུ་ཕྱིན་པ་ཡིན་ནའང་དུས་རྟག་ཏུ་སྐྱོན་བརྗོད་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། ཁྱེད་རང་ཚོར་ཚོར་བ་ཞིག་འདུག ཡིན་ན་ཡང་སྐྱོན་བརྗོད་གཞི་རྩ་མེད་པ་དེ་དག་ལ་མོས་མཐུན་མེད་མོད་ཁྱེད་རང་ཚོར་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་པ་རེད་ཅེས་ཞུས་བསྡད་ཡོད། ད་ཐེངས་དྷ་རམ་ས་ལར་ཕེབས་ཡོད་པ་རེད་ཅེས་བཤད་ཀྱི་འདུག བདེ་སྲུང་ལས་ཁུངས་དང་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ཁོ་རང་ཚོར་ལས་འགུལ་སྤེལ་སའི་ས་ཆ་ཡང་གྲ་སྒྲིག་བྱས་ཡོད། ཁོ་རང་ཚོས་རེ་འདོད་ག་རེ་ཡིན་ན་བཤད་ཆོག་གི་ཡོད་པ་རེད། གཞི་རྩའི་ལས་འགུལ་དེ་ལ་མོས་མཐུན་མེད་དགོས་དོན་ནི། འཛིན་སྐྱོང་ལྟ་བུར་མཚོན་ན། ཐེངས་གཉིས་ལ་མི་མང་ངོས་ནས་འོས་འདེམས་ཀྱིས་བདམས་བཞག་པ་ཞིག་རེད། དེ་ཡིན་དུས་ཆོལ་ཁ་གསུམ་ཆོས་བརྒྱུད་ཚོ་དང་ཨ་རི་སོགས་བོད་པ་ཡོད་ས་ཚང་མ་ནས་འོས་བསྡུའི་གནས་ཚད་མཐོན་པོར་སོན་ནས་འདིར་སླེབས་པའི་སྲིད་སྐྱོང་ཞིག་ཡིན། དེ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་འོས་མི་བཏོན་པ་ལྟར་གྲོས་ཚོགས་ནས་བཀའ་བློན་རྣམ་པར་རྒྱབ་སྐྱོར་གནང་སྟེ་འདེམས་ཐོན་བྱུང་བའི་བཀའ་ཤག་ཅིག་ཆགས་བསྡད་ཡོད་པ་རེད། དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་འགྲོ་ལུགས་ཐོག་ནས་བདམས་པ་ཡིན་ཙང་འགན་འཁུར་ནས་འགྲོ་བསྡད་ཡོད། ཁོ་རང་ཚོར་བཀའ་ཤག་ལ་ག་རེ་གསུང་རྒྱུ་ཡོད་ན་འགྲིག་གི་རེད་ལ། ཁོ་རང་ཚོས་དམངས་གཙོ་ལག་བསྟར་བྱས་ཏེ་འགྲོ་ཡི་འདུག དེ་རིང་ཉི་མ་ཚ་བོ་ཡོད་པས་སྤྱི་ཐབ་ནས་ཁོ་ཚོར་ཆུ་སོགས་སྐྱེལ་དགོས་པ་མིན་ནམ་བསམ་ནས་ཡོད། ཅེས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་ཞི་རྒོལ་བས་བཟང་སྤྱོད་ཀྱི་ཐོག་ནས་ཁོས་དགོངས་པ་ཞུ་དགོས་སྐོར་འབོད་སྐུལ་བྱེད་ཀྱི་ཡོད་པ་དེར་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། དེ་རིང་ངའི་པར་དང་མིང་སོགས་འཁུར་ནས་ང་ལ་ངོ་རྒོལ་བྱེད་མཁན་ཁ་ཤས་ཡོང་གི་ཡོད་ས་རེད། སྤྱིར་བཏང་ཁོ་ཚོས་ག་རེ་བཤད་ཀྱི་ཡོད་གསལ་བོ་ཞིག་ངའི་ངོས་ནས་ཧ་གོ་ཡི་མི་འདུག ཉེ་སྔོན་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་མཛད་སྒོ་ལ་ཕེབས་ཕྱོགས་ཀྱི་ཐོག་ནས་བཀའ་མོལ་ཞིག་བྱུང་བ་རེད། དེ་དགའ་ལྡན་ཕོ་བྲང་རང་ནས་གསལ་བཤད་དང་གྲོས་ཚོགས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་སྐབས་གཙང་མ་གཙང་རྐྱང་ཆགས་ཟིན་པའི་གནས་སྟངས་ཤིག་རེད། ཁོང་རྣམ་པ་ཚོས་དེའི་སྐོར་ལ་བསྐྱར་དུ་གསུང་གི་ཡོད་ན་གྲོས་ཚོགས་ཀྱི་ལས་རིམ་དེར་ཚགས་ཚུད་པོ་དང་ཡག་པོ་ཞིག་མགོ་ནས་བསྐྱར་དུ་གཟིགས་རོགས་ཞུ། དེ་ཙམ་མ་གཏོགས་གཞན་ངའི་ངོས་ནས་ཁོ་ཚོར་ག་རེ་བཤད་དགོས་ཡིན་གསལ་བོ་ཞིག་ཤེས་ཀྱི་མི་འདུག ཅེས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 11

  1. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། བོད་མི་མང་གིས་འོས་འདེམས་གནང་བའི་སྲིད་སྐྱོང་དགོངས་པ་ཞུ་དགོས་ཞེས་བཀའ་གནང་མཁན་
    སུ་རེད།ཁྲིམས་སྒྲིག་གཞི་གང་ཡང་མི་ཤེས་པ། མང་གཙོའི་ལམ་ལུགས་སྣེ་གཅིག་ཀྱང་མ་ཤེས་པའི་རྟགས་རེད།
    དང་པོ་མང་གཙོའི་འགྲོ་སྟངས་འགྲོ་ལུགས་ཁྲིམས་སྒྲིག་སྦྱོངས།
    ཤེས་ཡོན་ཕྲན་ཙམ་མེད་པ་འདི་འདྲ་གང་ཡིན་ནམ།
    ལར་ནས་མི་གང་ཟག་བྱེད་དྲག་པ་གཅིག་ལ་ངུ་སྐད་བརྒྱབ་
    དགོས་དོན་གང་ཡིན་ནམ། མི་མང་མི་མང་ཞེས་ཡང་སེ་འབོད་ནས་ཤེས་མེད་་་ལས་མེད་་་ཁ་ཤས་ལ་ངན་ལབ་
    བརྒྱབ་ནས་་་བཀའ་ཤག་ལ་ངོ་རྒོལ་བྱེད་བཅུག་མཁན་དེ་ཚོའི་རྒྱབ་ལ་སུ་འདུག་ངེས་པར་བལྟ་དགོས་པ་ཡིན།
    ནད་མ་འཁྱག་ན་གཏུགས་ལ་ཁྲིམས་མ་གཏོགས་ཅི་ཡང་མེད། ཁྲིམས་ལ་གཏུགས་། ཁྲིམས་ཀྱོ་གླ་ཨ་སྒོར་འབུམ་
    གཉིས་གསུམ་ཙམ་ཡིན་གྱི་རེད། དངུལ་དེ་ཚོ་ངོ་རྒོལ་ཚོ་ནས་བསྡུ་དགོས་པ་ཡིན་།
    སྤེན་ཚེའི་རྒྱུགས་ཁྱི་འཕྲིན་ལས་སྐལ་བཟང་དང། དེའི་རྗེས་སུ་ཤེས་མེད་དགའ་ཤས་ཀྱིས།
    ངོ་རྒོལ་ཕ་མར་བྱས་པ་ཡིད་རེ་མུག། ངོ་རྒོལ་བྱེད་ན་དམར་པོའི་རྒྱ་ལ་བྱེད།
    བདེ་སྲུང་ལས་ཁུངས་གཟིམ་ཁུག་ནས་མ་རོགས་།

    Reply
  2. Moon says:
    ལོ་ 7 སྔོན།

    Mr. Kesang you had done good jibe!!

    Reply
  3. ཕ་ཡུལ་གངས་ལྗོངས། says:
    ལོ་ 7 སྔོན།

    མཆོག་གསུམ་མི་དམངས་ཀྱི་ཚད་མཐོ་པོ་འདེམས་ཐོན་བྱུང་བའི་སྲིད་སྐྱོང་ལ་གཞིར་མེད་སྐྱོན་བརྗོད་འདི་ལྟར་བྱས་པ་ནི་ལམ་ལུགས་དང་མ་ཐོན་པ་རེད་སྙམ།དེ་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་འགན་ཁུར་དགོས་ཀྱི་ཡོག་རེད།ཡང་ན་ངོ་རྒོལ་བྱེད་མཁན་དེ་དག་ཁྲིམས་ལུགས་བརྟེན་ནས་གཙང་མ་བཟོས་ཐབས་བྱེད་དགོས་ལས་།དངུལ་དངོས་ཡོད་ནས་རྫོགས་རྒྱུ་མེད་པ་སྤྲང་སྐད་རྒྱག་བསྡད་པ་ཡིན་ན་ཡག་པོ་མི་འདུག

    Reply
  4. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། བོད་རྒྱ་ཆེའི་མི་མང་ནས་བརྒྱ་ཆ་་་༦༠་་ཡན་གྱི་འོས་འཕེན་ནས་སྲིད་སྐྱོང་ལ་བསྐོས་པ་རེད།
    མི་མ་རབས་ཁ་ཤས་ནས་སྲིད་ཀྱོང་དགོངས་པ་ཞུས་ཟེར་བའི་དབང་ཆ་སུས་སྤྲད་པ་རེད།
    ཤེས་ཡོན་མེད་པའི་རྟགས་གསལ་པོ་རེད།་མཐའ་ན་བཟང་སྤྱོད་ཀྱི་སྐད་ཆ་བཤད་ཤེས་ཀྱི་མི་འདུག། ཁྱོད་ལ་དཔའ་ཡོད་ན་་་ད་ཨ་རིའི་ཁྲིམས་ལ་གཏུགས། གཞན་གྱི་སྐད་ཆ་ཕལ་བ་བཤད་ནས་དོན་ཅི་ཡང་མེད།
    གངས་ཅན་སྐྱིད་གཤོང་རྕེད་ཐང་དུ་ཤེས་ཡོན་མེད་པ་མི་ཁ་ཤས་ནས་ངོ་རྒོལ་བྱེད་མཁན་དེ་ཚོ་བོད་རང་དབང་
    སྒེར་ལངས་ཉིན་ཉིན་དགྲ་བོ་རྒྱ་དམར་ལ་ངོ་རྒོལ་བྱེད་པར་དུ་ཕྱིན་ཡོད་པས།

    Reply
  5. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ལོ་རྗེས་མ་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་སྐད་འབོད་བྱ་དགོས་ཀྱི་འདུག

    Reply
  6. gendun says:
    ལོ་ 7 སྔོན།

    རང་ཉིད་ཀྱིས་ག་རེ་བཤད་པ་མི་ཤེས་ན། སྐབས་དེའི་ཚིག་རེ་གཉིས་ཀྱིས་དྲན་བསྐུལ་བྱེད་ཆོག ཅིག་ལྷ་རེ་ཞེས། ཅིག་འདྲེ་རེ་ཞེས། ཅིག་བདུད་རེ་ཞེས་མི་མང་ནང་ལ་གཉའ་ནོན་གཏོང་མཁན། བཤུ་གཞོག་གཏོང་མཁན་ཞེས་པའི་ཚིག་འདི་རེད། ཞིབ་ཕྲ་དྲན་གསོ་བྱེད་ན་སྐབས་དེའི་བརྙན་འཕྲིན་ལ་གཟིགས།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 7 སྔོན།

    ང་ཚོ་མི་ཡུལ་དུ་སྐྱབས་བཅོལ་ནས་བསྡད་ཡོད་ལ་བདེེན་ཚིག་སྨོན་ལམ་ནང་རིང་ནས་སྙིང་ལ་བསྣག་པ་འདོདད་པའི་དོན་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་ཟེར་བའི་སྨོན་ཚིག་འདི་ལ་ང་ཚོའི་འགན་འཁུར་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འགོ་མང་ཚང་མས་ནུས་པ་འདོན་དགོས་པའི་དུས་ལ་སླེབས་ཡོད་ན་ནང་ཁུལ་རྩོད་གླེང་ལ་འགོ་
    མང་ཚང་མས་དུས་ཚོད་མ་བཏང་ན་ཡག་ལེ་རེད་དོ་འགོ་མང་ཚང་མས་དགོང་པ་ཡག་པོ་བཞེས་རོགས་ཐུགས་རྗེའི་གཟིགས་ང་ཚོའི་ལོ་རྒྱུས་ནང་ནག་ཐིག་མ་ཕོག་པའི་འགན་དེ་འགོ་མང་ཚང་མས་བཞེས་རོགས་གནང་བཀྲིན་ཆེ་།

    Reply
  8. Lobsang Khenrap says:
    ལོ་ 7 སྔོན།

    In fact, everyone got enough time to explain and question about termination or removal of Mr. Penpa Tsering from his position in the exile parliament. However, Kashag stood very defensive and denied even a tiny mistake it has done regarding this issue. As a matter of fact, if that is the case, why Kashag is scare of accepting proposal of majority Chithues about appointing special investigation committee? We don’t see any reason to allow investigation if everything is perfect and no mistake at all. This is an honest opinion I am presenting here.

    Reply
  9. ཚེ་སྒྲོན། says:
    ལོ་ 7 སྔོན།

    བར་ལམ་བོད་ཀྱི་ཐེབས་རྩ་ཁང་དང་བཀའ་བཤག་བར་དངུལ་དངོས་སྐོར་གྲོས་ཚོགས་སུ་གཙང་མ་ཆགས་ཚར་ཡོག་རེད་དྲན་གྱི་ཡོད།ཚོགས་ཟུར་དོན་གཅོད་ནས་ལས་གནས་ནས་འཕོ་འགྱུར་དེ་རེད།མི་མ་འཇོན་ན་རྐུབ་སྟེགས་ཟིན་བསྡད་ན་ག་བར་འགྲིག་གི་རེད།འཕོ་འགྱུར་བཏང་ཡ་སྐུ་དབང་དེ་གཞུང་འཛིན་ལ་ཡོག་རེད་དྲན་གྱི་ཡོད།དཔེར་ན་ཨ་རིའི་ལ་ཆ་བཞག་ན།ཨ་རིའི་ཕྱི་སྲིད་དྲུང་ཆེ་རེག་སི་ཁྲེ་ལེ་སེན་གནས་དབྱུང་བཏང་བ།
    https://www.voatibetan.com/a/4296511.html
    སྲིད་འཛིན་གྱིས་ཁྲིམས་དཔོན་ལས་ཚབ་གནས་དབྱུང་བཏང་།
    https://tibettimes.net/wordpress/2017/01/31/154669/
    ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དམིགས་བསལ་རྒྱབ་ལྗོངས་ཡོད་མཁན་དེ་འདྲའི་ཡིན་ན་གང་ཤེས།དམངས་གཙོ་དང་རང་དབང་ཁ་ལ་འཁྱེར་ནས་གང་བྱུང་བྱུང་བྱེད་བཞག་པ་ཡིན་ན་གང་འདྲ་ཆགས་ཀྱི་རེད།ངོ་རྒོལ་བྱེད་ཡུལ་དེ་ཧ་མ་གོ་ཡིན་ན་ཁྱེད་རྣམ་པ་གསར་འགྱུར་ཕྱག་ལས་གནང་མཁན་ཚོས་གཞིར་མེད་ངོ་རྒོལ་བྱེད་མཁན་ཕྲིན་ལས་སྐལ་བཟང་ལ་ཁ་བྱང་འདི་སྤྲད་རོགས།
    Embassy of the People’s Republic of China in the United States of America
    3505 International Place, N.W.
    Washington, D.C. 20008 U.S.A.
    ངོ་རྒོལ་བྱ་ཡུལ་རྒྱ་ནག་དམར་གཞུང་རེད་མ་གཏོགས་བཙན་བྱོལ་སྒྲིག་འཛུགས་མ་རེད།

    Reply
  10. ཨ་འབར་་་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། བདེན་རྒྱབ་དངས་བླངས་པ་ཞེས་པར་་་ཞབས་འདྲེན་དངས་བླངས་ཞེས་་་འབོད་ན་ལེགས།
    དགྲ་ཤར་ལ་བཞག། གཏོར་མ་ནུབ་ལ་བསྐྱེལ་མཁན་ལྟར་རེད།
    དངོས་ནས་བདེན་པ་བརྡར་དགོས་ན་ཕ་ཡུལ་བཙན་འཕྲོག་བྱེད་མཁན་དགྲ་བོ་རྒྱ་དམར་ལ་བྱེད་དགོས།
    ཨ་དོན་ལས་བྱེད་སྐོར་ལ་མི་ཉུང་ཤས་ཀྱིས་མི་བདེན་པ་མང་དག་བཤད་སོང། ད་འདོད་པ་མ་ཁེངས་ན་ཕྱི་
    ནང་གཉིས་ཀྱི་ཁྲིམས་ལ་གཏུགས་དགོས་པ་ལས་དེ་མིན་གྱིས་གསལ་བཤད་བྱེད་དགོས་ཡ་མེད་པ་རེད།
    སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་བ་དེ་གྲ་ཆས་མར་ཕུད་དེ་དགོངས་པ་ཞུ་དགོས།རྒྱལ་ཁབ་དང་མི་རིགས་ཀྱི་
    ཐོག་ལ་སྐད་ཆ་ཚིག་གཅིག་བཤད་རྒྱུ་མི་འདུག་
    ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་ན། བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་མཁན་དེ་ཚོའི་་རྒྱབ་ལྗོངས་ལ་
    སུ་འཛུལ་འདུག་་་དེ་ལ་ཞིབ་འཇུག་ཚོགས་ཚུང་འཛུགས་དགོས་པ་ཡིན།

    Reply
  11. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 7 སྔོན།

    ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུར་གྲོས་ཚོགས་ལ་མོས་མཐུན་མེད་པ་དང་ཁྲིམས་གཏུགས་བྱ་རྒྱུར་བདེན་རྒྱབ་ལས་འགུལ་ལ་མོས་མཐུན་མེད་ན་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་རྩོད་སྙོགས་འདུམ་སྒྲིག་ཚོགས་ཆུང་ལ་འགན་བཀུར་ནས་བཙན་བྱོལ་སྤྱི་ཚོགས་ནང་ལྷིང་འཇགས་འཆམ་མཐུན་བཟོ་རོགས་གནང་།།

    ྱ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese