<a href="https://tibettimes.net/wp-content/uploads/2018/05/New.jpg"><img class="wp-image-169720 aligncenter" src="https://tibettimes.net/wp-content/uploads/2018/05/New-461x1024.jpg" alt="" width="568" height="1262" /></a>
གཞུང་འབྲེལ་མིན་པའི་ཚོགས་པ་སྒེར་ཁག་གིས་ཟུར་དུ་སློབ་ཡོན་གྲ་སྒྲིག་བྱ་དགོས་དོན་ཅི་ཡིན་ནམ། དེ་བས་ལྷག་བསམ་རྣམ་དག་ཅིག་ཡིན་ན་སློབ་ཡོན་གྱི་དངུལ་འབོར་དེ་ཤེས་རིག་ལས་ཁུངས་སུ་ཕུལ་ཏེ། རོགས་སྐྱོར་བྱེད་མཁན་གྱི་ཚོགས་པའི་དགོས་འདུན་ལྟར་སློབ་ཡོན་གྲངས་འབོར་འདི་བུ་མོ་ཁོ་ནར་འབུལ་དགོས་པའི་དགོས་འདུན་འདོན་ཆོག་པ་ཡིན། དེ་མིན་སྙན་འབུལ་བ་ཁོངས་ནས་སློབ་ཕྲུག་བཅུ་འདེམས་སྒྲུག་བྱེད་ཕྱོགས་ལ་ངོ་ཤེས་འཐེན་འཁྱེར་སོགས་མི་ཡོང་བའི་འགན་ཁུར་ཅི་ཞིག་བྱེད་ཐུབ་བམ། གཞན་ཡང་འདི་འདྲའི་སློབ་ཡོན་ནི་སྤྱི་ཚོགས་ཁྲོད་བོད་མི་མང་ཚོགས་ནས་ཤེས་རྟོགས་དང་མཐོང་ཐོས་ཡོང་མཁན་ཕལ་ཆེར་གཞུང་འབྲེལ་སློབ་ཡོན་ལས་ཉུང་བ་ཡོང་གི་མེད་དམ་སྙམ། མ་གཞི་གཞུང་འབྲེལ་མིན་པའི་ཚོགས་པ་དག་སྤྱི་ཚོགས་ཁྲོད་སོ་སོའི་སྣང་ཚུལ་ལེགས་པོ་བཟོ་རྒྱུ་གལ་ཆེན་པོ་མཐོང་བ་ཡིན་སྲིད།
དཔེར་ན་ཚོགས་པ་དེའི་སློབ་ཡོན་དངུལ་འབོར་དེ་ཤེས་རིག་ལས་ཁུངས་ལྟ་བུར་ཕུལ་ཏེ། སློབ་ཡོན་གྱི་མིན་དུ་”བྱེས་བཞུགས་གཞོན་ནུ་མའི་སློབ་ཡོན་” ཞེས་མིང་འདོགས་བཅུག་ནའང་དགོས་དམིགས་གཅིག་པ་ཡིན་པ་མ་ཟད། སློབ་ཡོན་འབུལ་ཕྱོགས་ཀྱང་དྲང་བདེན་ཡོང་ངེས་ཞེས་བསམ་ཚུལ་ཙམ་གྱི་ཆེད་དུ་བྲིས་པ་ཡིན།