དྷ་རམ་ས་ལའི་རྒྱ་གར་ཚོང་པ་ཚོགས་པས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུན་དུས་ཀྱི་ཆོས་འབྲེལ་ཁག་དྷ་རམ་ས་ལ་ནས་མ་གནང་ཚེ་ཁོ་ཚོར་ཚོང་ཡག་པོ་མེད་སྐོར་གྱི་སྙན་ཞུ་ཞིག་ཕུལ་འདུག
ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་ཊིར་བྷོན(Tribune)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དྷ་ས་ཁུལ་གྱི་རྒྱ་གར་མགྲོན་ཁང་ཟ་ཁང་གི་ཚོང་པ་ཚོགས་པས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་(Jai Ram Thakur)མཆོག་ལ་སྙན་ཞུ་ཞིག་ཕུལ་ཏེ། རྗེས་ཕྱོགས་༧གོང་ས་མཆོག་གི་དགུན་དུས་ཆོས་འབྲེལ་མཛད་འཆར་ཁག་དྷ་ས་ནས་གནང་དགོས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུན་རིང་དྷ་ས་ནས་མ་བཞུགས་ན་ཁོང་ཚོར་མགྲོན་པོ་དང་ཚོང་མེད་སོགས་སྐོར་ཞུས་ཡོད་པ་དང་། མངའ་སྡེའི་བློན་ཆེན་མཆོག་ནས་རྒྱལ་བའི་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ལ་བཀའ་བསྡུར་ཞུ་རྒྱུ་ཡིན་ལུགས་གསུངས་ཡོད་སྐོར་བརྗོད་འདུག
གནས་ཚུལ་དེའི་ཐད་འདི་གའི་གསར་འགོད་པས་རྒྱ་གར་ཚོང་པ་ཚོགས་པའི་ཚོགས་གཙོ་ཨ་ཤི་ཝ་ནི་བྷམ་བྷ་(Ashwani Bamba)ལ་འབྲེལ་བ་བྱས་ཏེ། སྙན་ཞུ་དེ་ཚོང་བ་ཚོགས་པ་ཐུན་མོང་ནས་ཕུལ་བ་ཡིན་ནམ་ཡང་ན་ཚོགས་མི་རེ་ཟུང་གི་བསམ་ཚུལ་ལྟར་ཕུལ་བ་ཡིན་དྲིས་པར་ཁོང་གིས། སྙན་ཞུ་དེ་ང་ཚོ་ཚོགས་འདུ་ཚོགས་དེ་ཚོགས་མི་ཐུན་མོང་གི་བསམ་ཚུལ་ལྟར་ཕུལ་ཡོད་པ་དང་། ང་ཚོའི་སྙན་ཞུའི་ནང་དོན་གཙོ་བོ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཧི་མ་ཅལ་མངའ་སྡེ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དུས་འཁོར་དབང་ཆེན་གནང་སའི་ས་ཆ་དང་ལམ་ཁ། བཞུགས་གནས་སོགས་ཀྱི་མཐུན་རྐྱེན་བསྐྲུན་དགོས་པའི་སྙན་ཞུ་ཕུལ་བ་ཡིན། ཞེས་བརྗོད་བྱུང་།
བློན་ཆེན་མཆོག་ནས་སྙན་ཞུ་དེར་ལན་ག་རེ་གནང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་སྙན་ཞུ་ཡར་ཕུལ་ཡོད་ན་ཡང་ད་ལྟའི་ཆར་བཀའ་ལན་གང་ཡང་གནང་མ་སོང་ཡང་། རྗེས་ཕྱོགས་མུ་མཐུད་གནས་ཚུལ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཞུ་འདོད་ཡོད་ལ། ད་ལོ་ནས་བཟུང་ཚོང་པ་ཚོགས་པས་བོད་པའི་ལོ་གསར་དང་བསྟུན་ལས་རིམ་གོ་སྒྲིག་དང་བོད་པའི་ལོ་གསར་སྲུང་གཙི་སོགས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།
ཡང་གནས་ཚུལ་དེའི་ཐད་ཊིར་བྷོན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཚོང་པ་ཚོགས་པའི་སྙན་ཞུ་དེ་ཕུལ་རྗེས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གནས་ཚུལ་དེ་མ་འོངས་པར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། ཚོང་པ་ཚོགས་པ་དེའི་དྲུང་ཆེ་སན་རྗིབ་གྷན་དྷི་(Sanjeev Gandhi)ཞེས་པ་ཞིག་གིས་གསར་འགོད་པར། ནམ་རྒྱུན་ཡིན་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྷ་ས་ཁུལ་དུ་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་བསྐྱངས་གནང་གི་ཡོད་པ་དང་། ཆོས་འབྲེལ་ཁག་གིས་དྷ་ས་ཉེ་འཁོར་གྱི་ཟ་ཁང་དང་མགྲོན་ཁང་གཙོའི་ཚོང་ལས་གཉེར་མཁན་ཚོར་ཡོང་སྒོ་ཡག་པོ་ཡོད་ན་ཡང་། འདས་པའི་ལོ་ཤས་ནས་༧གོང་ས་མཆོག་གི་དགུན་དུས་ཀྱི་ཆོས་འབྲེལ་ཁག་རྡོ་རྗེ་གདན་དུ་བསྐྱངས་ཡོད་པས་དྷ་སར་ཚོང་གི་ཡོང་སྒོ་གཅིག་ཀྱང་མེད་སྐོར་དང་། བྷེ་ཧར་མངའ་སྡེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཛད་འཕྲིན་སྐྱོང་སྐབས་མཐའ་ན་རྡོ་ཡན་ཆད་བེད་སྤྱོད་གཏོང་གི་ཡོད་སྟབས། ཧི་མ་ཅལ་མངའ་སྡེའི་ནང་མཛད་འཕྲིན་སྐྱོང་དགོས་སྐོར་སོགས་བརྗོད་ཡོད་པ་བཀོད་འདུག
དྷ་ས་ཁུལ་གྱི་ཚོང་བ་ཚོགས་པས་མངའ་སྡེའི་བློན་ཆེན་མཆོག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་འབྲེལ་མཛད་འཕྲིན་ཁག་དྷ་ས་ནས་སྐྱོང་དགོས་པའི་ཞུ་ཡིག་ཕུལ་བ་ཐོག་མ་དེ་མ་ཡིན་པར། ཕྱི་ལོ་ ༢༠༡༧ ལོའི་དགུན་དུས་སུའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་ལུགས་བྱེད་སྒོ་ཁག་དྷ་ས་ནས་མ་བསྐྱང་ན་ཁོ་ཚོར་ཚོང་ཡག་པོ་མེད་པ་དང་། ཧི་མ་ཅལ་ནང་མཛད་འཕྲིན་གང་ཐུབ་ཀྱིས་མང་པོ་སྐྱོང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
Hilarious. Just shows how unsustainable their businesses are. His Holiness has boosted the local economy for decades just by living and teaching there; these get-rich-quick type establishments should not dictate anything.
འོ་ཧོ། དེ་འདྲ་རྫབ་ཆེན། ངས་ཅག་བོད་པ་ཚང་། ད་ཤེས་སོང་ངམ། རྒྱ་གར་བ་ཚོའི་་་ ང་ཚོའི་བོད་པའི་ ལྟ་བའི་མིག་དང་། ཁོག་པའི་སྙིང་ལ་་་ ༧གོང་ས་མཆོག་ལ་ རྩིས་མཐོང་གང་འདྲ་ཞིག་འདུག ཚོང་ཟོག་གིས་ དུས་ཤེས་མ་ཏོགས་མིན་འདུག་ག ད་ ཉམས་ལེན་མེད་པའི་ཚོང་ཟོག་དང་། སོ་སོ་གཏམ་སྙན་བསྒྲགས་ཁོ་ན་ལ་ གསུང་ཆོས་དེའི་རིགས་དེ་གསོལ་བ་མ་གཏབ་རོགས་འབོད་སྐུལ་ཞུ་གི་ཡོད་ལ། གསུང་ཆོས་གསོལ་བ་གཏབ་མཁན་དང་། ལས་བྱེད་སུ་ཡིན་རུང་མི་སྐད་གོ་མཁན་ནི་ཡིན་གྱི་རེད། ཁོང་༧གོང་ས་མཆོག་ནས་ སྐུ་ཐང་ཆེ་ཡ་མང་དུ་མང་དུ་འགྲོ་ཡི་འདུག ཐེང་མང་པོ་གསུངས་སོང་ངམ། ཧ ཧ རྒྱ་གར་ བཀའ་དྲིན་ཆེ། བཀའ་དྲིན་ཆེ། ?????? ?
རྒྱ་གར་བ་རྣམས་ལ་ཐུགས་ཁག་རྩ་བ་ནས་ཡོག་མ་རེད་།ག་ཡིན་ཟེར་ན་ཁོང་ཚོས་འཇིག་རྟེན་འདོད་ལྷ་ལ་སྐྱབས་བཅོལ་བ་དང་ཚོང་བདག་གླང་སྣ་ལ་སོགས་པ་འཇིག་རྟེན་པའི་ནོར་ལྷ་སོགས་ལ་ཆོས་བྱེད་གྱིས་ཡོད་པར་རེད།དེ་འདྲའི་ཡིན་དུས་ད་རེས་ཀྱི་དཀའ་ངལ་འདི་ལྟར་འཕྲད་ཡོང་པ་རེད།
ཡིན་ན་ཡང་གཏམ་བརྗོད་དང་རང་དབང་ཡོད་པའི་དམངས་གཙོ་ལུང་པ་ཡིན་དུ་ཧི་མ་ཅལ་གཞུང་འཛིན་ངོས་ནས་བཙན་བཀའ་གནང་འདོག་ཁག་པོ་མ་རེད་སྙམ།
སྐད་ཆ་འདི་ཧམ་བཤད་རེད། སང་ཉིན་བོད་ལ་ལོག་རྒྱུ་སྐལ་བཟང་གི་ཉིན་མོ་བྱུང་ཉིན་ཁོ་ཚོའི་དེ་ག་རང་ཤོད་མ་སྲིད་པ་མ་རེད། འདས་པའི་དུས་ཡུན་ནང་ཁོང་ཚོས་བོད་པ་མེད་ན་དཔེ་བྱས་རྒྱུ་ཡོད་མདོག་ཤོད་ལུགས་ཡོད། ད་འདི་རེད་མདོག
ད་ནས་དབུས་བོད་མིའི་སྒྲིག་འཛུགས་དང་སྐུ་སྒེར་ཡིག་ཚང་ངོས་ནས་ཆོས་འབྲེལ་སྟབས་བདེ་རེ་ལས་གནང་རྒྱུ་མིན་པའི་གསལ་བསྒྲགས་ཤིག་སྤེལ་ནས་༸གོང་ས་མཆོག་སྐུ་ལྷོད་ལྷོད་ངང་བཞུགས་སུ་བཅུག་ན་དེ་ལས་ཡག་པ་ཡོད་མ་རེད།
ཧཧཧ་ད་འུ་ཐུག་པའི་སྐད་ཆ་རང་རེད་གོང་ས་མཆོག་ནས་
བཀའ་ཆོས་ག་པར་གནང་དགོས་མིན་དེ་དུས་ལ་གཟིགས་དགོས་
པ་དང་ཡུལ་ལ་གཟིགས་དགོས་པ་དང་འདུལ་བྱ་ལ་གཟིགས་དགོས་
པ་དང་གནས་ལ་གཟིགས་དགོས་པ་དང་ཁམས་ལ་གཟིགས་དགོས་
པ་སོགས་གཟིགས་པ་ལྔ་ལ་གཟིགས་ནས་བཀའ་ཆོས་གནང་རྒྱུ་
ཡིན་པ་ལས་ཚོང་དང་ཆབ་སྲིད་ལ་ནམ་ཡང་འབྲེལ་བ་མེད་པའོ།
༧གོང་ས་མཆོག་ནས་ས་གནས་གང་དུ་གསུང་ཆོས་གསུང་མིན་ས་གནས་རྒྱ་གར་ཚོས་སྔོན་མ་ནས་མཆུ་ཏོག་བྱས་དང་བྱེད་བཞིན་ཡོད་།འབྱུང་འགྱུར་འདི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།