མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་ཀྱི་གྲོགས་པོ་སྐུ་གྲོངས་བར་ཐུགས་གསོ་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་ཚབ་ཏེ་བོད་དོན་རྒྱབ་སྐྱོར་བ་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་སྐུ་གྲོངས་བར་ཁོང་གི་ནང་མི་ཤུལ་ལུས་རྣམས་ལ་ཐུགས་གསོ་ཞུས་འདུགདེ་རིང་ཉིན་རྒྱབ་ཏུ་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་བཅས་ནས་བོད་དོན་རྒྱབ་སྐྱོར་བ་དང་། རྒྱ་གར་གྱི་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་སྐུ་གྲོངས་པར་མཆོད་འབུལ་སྨོན་ལམ་ཚོགས་སོང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་དམ་པ་དེ་ཉིད་ཀྱི་ལྕམ་ལེ་ལཱ་ཀཱ་བྷིར་ལགས་ཀྱིས་གཙོས་ཤུལ་ལུས་ནང་མི་དང་འབྲེལ་ཡོད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་སོགས་ནས་ཀྱང་དམ་པ་ཁོང་གི་བཀའ་དྲིན་རྗེས་དྲན་དང་ཤུལ་ལུས་ནང་མིར་ཐུགས་གསོ་ཞུས་འདུག

དེ་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་འཕྲིན་ནང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་གྲོངས་བའི་ཡིད་སྐྱོའི་དུས་སྐབས་འདིར་ཐུགས་གསོ་ཞུ་ཡི་ཡོད། ཅེས་དང་། དམ་པ་ཁོང་ནི་སྤྱི་དམངས་ཐོབ་ཐང་ཀྱི་སྣེ་འཁྲིད་པ་ཞིག་ཡིན་པ་མ་ཟད། དུས་ནམ་ཡང་བཤུ་གཞོག་ཐེབས་པའི་དགོས་ངེས་ཅན་གྱི་མི་མང་རྣམས་ཀྱི་ཐོབ་ཐང་ཆེད་སྐུ་ལས་སྐྱོན་མཁན་ཞིག་ཡིན་སྐོར་དང་། དམ་པ་ཁོང་འདས་གྲོངས་གྱུར་བ་དེས་རྒྱ་གར་ལ་མཚོན་ན་དབུ་འཁྲིད་དང་འཐབ་རྩོད་པ་ཁྱད་པར་བ་ཞིག་མེད་པར་གྱུར་བ་ཡིན། ཅེས་གསུངས་འདུག

ཡང་ཁོང་གིས། སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་གིས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་དོན་ཐད་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་བོད་མི་རྣམས་ལ་མཚོན་ན་བཀའ་དྲིན་ཆེན་པོ་ཡིན་པ་དང་། དམ་པ་ཁོང་གིས་རྒྱ་གར་གྲོས་ཚོགས་ཕྱི་ནང་གཉིས་ཀ་ནས་བོད་དོན་འབོད་སྒྲ་བསྒྲགས་ཡོད། ཅེས་དང་། དམ་པ་ཁོང་དང་རྒྱ་གར་གྲོས་ཚོགས་འཐུས་མི་གཞན་རྣམ་པས་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལི་རུ་བོད་དོན་ཐད་ལ་རྒྱལ་སྤྱིའི་གྲོས་ཚོགས་རང་བཞིན་གྱི་ཚོགས་འདུ་ཐེངས་དང་པོ་དེ་གསར་འཛུགས་གནང་ཡོད་པ་རེད། ཅེས་གསུངས་འདུག་ལ། མཇུག་ཏུ་དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམ་པས་འགྱུར་བ་གཏོང་ཐབས་མེད་པའི་གནས་སྟངས་འདིར་བློ་སྟོབས་སྐྱེད་གནང་བའི་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད། ཅེས་གསུངས་འདུག

སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་དམ་པ་ཁོང་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་བཅས་ནས་ཀྱང་ཐུགས་གསོ་ཞུས་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཐུགས་གསོ་ཞུ་པའི་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུར་མཚོན་ན། སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་སྐབས་མི་ཉུང་བ་ཞིག་ལ་གཞོན་ལྷན་གྱི་ཚོགས་འདུ་ཁག་གི་སྐུ་མགྲོན་དུ་གདན་འདྲེན་ཞུ་ཐུབ་ཡོད་པ་དེ་ལྷན་ཚོགས་ཀྱི་ཆེ་མཐོང་ཞིག་ཏུ་རྩི་བཞིན་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་རྒྱལ་ས་ལྡི་ལིའི་ཇན་ཏཱར་མན་ཏཱར་(Jantar Mantar) དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། དམ་པ་ཁོང་ཆེད་དུ་ཕེབས་ཏེ་ལས་འགུལ་བ་རྣམས་ལ་ཚ་ལུ་མ་གནང་སྟེ་ཟས་བཅད་ལས་འགུལ་ལེགས་པར་གྲུབ་ཡོད་པ་དང་། ཁོང་གི་བོད་དོན་ཆེད་དུ་སྐུ་ལས་བསྐྱོན་པ་རྣམས་བོད་མིས་ནམ་ཡང་བརྗེད་མི་སྲིད་ལ། བོད་ཀྱི་ལོ་རྒྱུས་ནང་འགོད་ངེས་ཡིན་སྐོར་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ་དམ་པ་ཁོང་ལ་སྨོན་ལམ་དང་ནང་མི་ཀུན་ལ་ཐུགས་གསོ་ཞུ་ཡོད་སྐོར་བརྗོད་འདུག

གཞན་ཡང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་དེབ་ཐོག་ཐུགས་གསོའི་ཞུ་འཕྲིན་ཞིག་བཀོད་པའི་ནང་། དམ་པ་ཁོང་ནི་མི་ཁྱད་པར་བ་དང་། མི་མང་པོར་ཡར་སྐུལ་གནང་མཁན་ཞིག་ཡིན་ལ། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་དང་། བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་པས་དམ་པ་ཁོང་སྐུ་གྲོངས་པར་བློ་ཕམ་བྱུང་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese