མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་༦༠ རྗེས་སུ་འབྲས་བུ་ཅི་ཞིག་བྱུང་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༩/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ནམ་མཁའ། ཡུ་རོབ།

གོང་གི་རྩོམ་བྱང་འདི་དྲི་བ་ཞིག་ཡིན་པ་རྩོམ་ཐུང་འདི་ཀློག་མཁན་ཚོས་ཤེས་མོད། འོན་ཀྱང་དྲི་བ་འདི་ཅི་ཞིག་ལ་འགོད་དགོས་མིན་ནི་ལམ་སེང་ཡིད་ལ་ཤར་ཐུབ་མིན་ཐེ་ཚོམ་རེད།  བོད་རྒྱ་གྲོས་མོལ་གྱི་འབྲས་བུ་ཁོ་ན་ལ་དམིགས་མཁན་ཚོས་འབྲས་བུ་ཅི་ཡང་བྱུང་མི་འདུག་སྙམ་སྲིད། ཡིན་ན་ཡང་། དེ་རིང་འདིར་བོད་རྒྱ་གྲོས་མོལ་ལ་འབྲས་བུ་བྱུང་ཡོད་མེད་སྐོར་ནས་དྲི་བ་བཏང་བ་མ་ཡིན་པར། ༧གོང་ས༧མཆོག་གཙོས་བོད་མི་ཆིག་འབུམ་ཡས་མས་ཙམ་བཙན་བྱོལ་དུ་འབྱོར་ནས་འབྲས་བུ་ཅི་ཞིག་བྱུང་ཡོད་མེད་སྐོར་ནས་ཡིན། རྒྱུ་མཚན་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཤེས་ཡོན་ཡོད་མེད་གཉིས་ཀྱི་བོད་མི་བཙན་བྱོལ་པ་མང་པོ་ཞིག་གིས། བཙན་བྱོལ་གཞུང་ལ་བལྟ་ཡ་ཅི་ཡང་ཡོད་པ་མ་རེད། ཁོང་ཚོར་ནུས་པ་ག་རེ་ཡོད་པ་རེད་ཅེས་བཤད་བཞིན་པ་ཕྲན་གྱིས་དངོས་སུ་ཐོས་མྱོང་ཡོད།ཡིན་ན་ཡང་། ཕྱི་ལོ་  ༡༩༥༩ ལོར་༧གོང་ས༧མཆོག་གཙོས་བོད་མི་བཙན་བྱོལ་བ་མང་པོ་ཞིག་ཧི་མ་ལ་ཡའི་ཕར་རྒྱབ་ནས། རྒྱ་གར་ས་ཐོག་ཏུ་མ་འབྱོར་བའི་གོང་རྒྱ་གར་ནང་དུ་འཛུལ་འཇུག་མིན་མི་ཤེས་སྟབས། གལ་སྲིད་རྒྱ་གར་གཞུང་གིས་སྐྱབས་བཅོལ་དུ་ཡོང་གི་མ་བཅུགས་ཚེ། འབྲུག་རྒྱལ་ཁབ་ནང་འཛུལ་ཆོག་པའི་རེ་བ་བརྒྱབས་ཏེ། བོད་མི་འགའ་འབྲུག་ལ་བཏང་བའི་གནས་ཚུལ་སོགས་༧གོང་ས༧མཆོག་གིས་བཀའ་གནང་བ་ལྟར། ཉིན་མོ་དེ་ནས་བཟུང་རང་ཡུལ་བཙན་འཕྲོག་བྱས་ཏེ། མི་ཡུལ་དུ་བཙན་བྱོལ་བ་བྱས་ནས་ཉིན་དང་ཟླ་བ་དྲུག་བཅུ་མ་ཡིན་པར་ལོ་ངོ༦༠འཁོར་བའི་དེ་རིང་གི་ཉིན་མོ།  ང་ཚོས་ཁ་ཕྱིར་འཁོར་ནས་གྲུབ་འབྲས་ཅི་ཞིག་བྱུང་མིན་ལ་བལྟ་རྒྱུ་ཡིན།

གོང་དུ་ཞུས་པ་ལྟར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་དུ་ས་མཚམས་ནས་འཛུལ་ཆོག་མིན་གྱི་ཐེ་ཚོམ་ནས་འགོ་བརྩམས་ཏེ། ལོ་ངོ་༦༠རྗེས་ཀྱི་དེ་རིང་གི་ཉིན་མོ་༼བོད་tibet༽ཟེར་བའི་མིང་ཚིག་འདི་འཛམ་གླིང་གི་སྡིངས་ཆའི་སྒང་ན་གནས་རིམ་གང་དུ་སླེབས་ཡོད་མེད་ཤེས་དགོས་པ་དེ་རེད། ཡིན་ན་ཡང་། ལོ་ངོ་༦༠རིང་གི་གྲུབ་འབྲས་ཆ་ཚང་ཞིག་འབྲི་དགོས་ཚེ། དེབ་རྒན་འགའ་བྲིས་ན་མ་གཏོགས་རྩོམ་ཐུང་ཞིག་གི་ནང་བྲིས་མི་ཚར་བ་དངོས་ཡོད་གནས་ཚུལ་རེད། འོན་ཏེ། བལྟ་རྒྱ་དང་ཐོས་རྒྱ་གཉིས་ཀ་ཆུང་ཡང་། ཕྲན་གྱིས་གང་མཐོང་བ་དང་ཐོས་པ་རྣམས་མདོར་བསྡུས་ཞིག་འདིར་བཀོད་དེ། ༧གོང་ས་༧མཆོག་གཙོ་བྱས་བའི་སྐབས་དེའི་མི་རབས་རྒན་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་འབུལ་གྱི་ཡོད།  ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་དུ་འབྱོར་དུས། ས་དང་གནམ་མ་གཏོགས་ངོ་ཤེས་ཅི་ཡང་མེད་པའི་རྒྱུས་མེད་ཀྱི་ལུང་པ་ཞིག་ཏུ་བསླེབས་ཏེ། དང་པོ་སྲོག་འགོ་ཐོན་ཙམ་ཞིག་མ་གཏོགས། མ་འོངས་བའི་འབྲས་བུ་ཅི་ཞིག་འབྱུང་མིན་དང་། བོད་ཀྱི་གནད་དོན་སྐོར་ལ་ཅི་ཞིག་བྱེད་དགོས་མིན་སོགས་ལ་སྔོན་ནས་འཆར་གཞི་ལྡན་པ་ཞིག་ཡོད་པ་མ་རེད་ཅེས་བཀའ་སློབ་ཡོངས་གྲགས་ཀྱིས་གསུངས་པ་ལྟར། ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་བཞི་བའི་ནང་མ་སུ་རིར་འབྱོར་བའི་མཚམས་སུ། འཛམ་གླིང་གི་གསར་འགོད་པ་ཚོས་༼བོད་གཞུང་༽ཡོད་མེད་ཀྱི་དྲི་བ་བཏོན་པའི་སྐབས། ང་དང་ངའི་བཀའ་བློན་ཡོད་ས་ལ་ངོས་ཀྱི་མི་དམངས་ཀྱིས་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཅེས་གསར་འགོད་པར་ལན་བསྐྱོན་པའི་ཕྱི་ཉིན། ལྡི་ལི་གསར་བའི་རྒྱ་གར་རླུང་འཕྲིན་ཁང་གིས་རྒྱ་གར་ལུང་པ་ལ་བོད་གཞུང་ཟེར་བ་ཞིག་ཡོད་པ་མ་རེད་ཅེས་ལན་འདེབས་གནང་བའི་སྐོར། བཙན་བྱོལ་ནང་གི་རང་དབང་བོད་བསྒྱུར་ཐེངས་དང་པོ་ནང་བཀོད་ཡོད་པ་ལྟར།

དེའི་ཉིན་ཤས་རྗེས་སུ། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རཱོ་ཆེད་མངགས་༧གོང་ས༧མཆོག་ལ་མཇལ་བཅར་དུ་ཕེབས་པའི་སྐབས། རྒྱ་གར་གྱི་སྲིད་བློན་ནེ་རཱོ་ཡང་ཁོང་ཁྲོའི་ངང་མདུན་ཅོག་སྟེང་ཁུ་ཚུར་གྱིས་གཞུ་ཞོར་བོད་གཞུང་ཟེར་བ་ཞིག་ད་ལྟ་རྒྱ་གར་ལུང་པ་ལ་ག་བ་ཡོད་པ་རེད་ཅེས་བཀའ་བཀྱོན་གནང་བའི་སྐོར་དེབ་དེའི་ནང་། ༧གོང་ས༧མཆོག་གིས་བྲིས་གནང་ཡོད་པ་མི་མང་པོ་ཞིག་གིས་མཐོང་ཡོད་ངེས་རེད། སྐབས་ཐོག་དེར་༧གོང་ས༧མཆོག་བོད་རྩིས་བྱས་ན་དགུང་ལོ་ ༢༥ ཕེབས་ཙམ་རེད། རྒྱ་དམར་གྱིས་བོད་ལུང་པ་བཙན་འཕྲོག་བྱས་ཏེ། རྒྱ་གར་ནང་སྐྱབས་བཅོལ་དུ་སླེབས་ནས་རེ་བ་རྒྱ་གར་གཞུང་ལ་བཅོལ་ཡོད་མོད། འོན་ཀྱང་རྒྱ་གར་གཞུང་གིས་ཐ་ན་མིང་ཚིག་ཅིག་བེད་སྤྱོད་གཏོང་སྟངས་ཡང་། རང་དབང་མེད་པར་བཀའ་བཀྱོན་ཁུར་དགོས་པའི་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་འགོ་བརྩམས་ནས་ཡོང་པ་རེད། རྒྱ་གར་གྱི་སྲིད་བློན་ནེ་རཱོ་ཡིས་༧གོང་ས༧མཆོག་ལ་བཀའ་གྱོན་གཏོང་བའི་ཉིན་མོ་དེར། ༧གོང་ས༧མཆོག་དང་མཐའ་འཁོར་གྱི་བོད་མི་ཚོའི་སེམས་སུ་དཀའ་སྡུག་ཅི་འདྲ་ཞིག་འཕྲད་ཡོད་དམ། འདི་ནི་ང་ཚོ་གཞོན་སྐྱེས་མང་པོ་ཞིག་གིས་སོར་མོ་བྲང་ལ་བཞག་ནས། ཁྱེད་རང་སྐབས་དེའི་༧གོང་ས༧མཆོག་གཙོ་བྱས་པའི་མཐའ་འཁོར་གྱི་བོད་མི་ཞིག་ཡིན་པའི་འདུ་ཤེས་བཟུང་སྟེ། རང་གིས་རང་ཉིད་ལ་གཏོང་དགོས་པའི་དྲི་བ་ཞིག་རེད།  དཔེར་ན། བོད་ལུང་པ་ཤོར་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཕུང་པོ་ཡང་གྲང་མོ་ཆགས་མེད་པའི་དུས། འུ་ཐུག་ནས་རྒྱ་གར་དུ་ཡོང་སྟེ་རེ་བ་རྒྱག་ས་ཞིག་བཙལ་ཡང་། རེ་བ་རྒྱག་ས་དེའི་མིང་ཚིག་ཞིག་བེད་སྤྱོད་གཏོང་སྟངས་ལ་ཡང་བཀའ་བཀྱོན་བཏང་སྟེ། མདུན་ཅོག་ཡང་བཅོག་ལ་ཁད་བྱས་ཀྱང་མགོ་བོ་སྒུར་ནས་སྡོད་ཡ་མ་གཏོགས་ཅི་ཡང་བྱེད་ཐབས་མེད་པ་རེད།  ཐ་ན་འུ་ཐུག་སྟེ་ངུ་འདོད་ཀྱང་མིག་ཆུ་མི་ཡོང་བའི་དུས་ལ་བསླེབས་ཀྱང་། ༧གོང་ས༧མཆོག་གཙོ་བྱས་བའི་མི་རབས་རྒན་པ་ཚོའི་སྙིང་སྟོབས་མ་ཞུམ་པར། དཀའ་ངལ་རེ་རེ་ལ་གདོང་ལེན་བྱས་ཏེ། ཧི་མ་ལ་ཡའི་རི་འདབས་ཀྱི་གྲོང་གསེབ་ཁུག་ཀྱོག་ཅིག་ནས་བཙན་བྱོལ་གཞུང་གསར་འཛུགས་བྱས་པ་རེད།བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག  བོད་མི་མང་པོ་ཞིག་མྰ་ན་ལའི་ལམ་བཟོ་ལ་བཏང་སྟབས། སྐབས་དེར་ཕྲུ་གུ་ཚོ་རྡོ་ཕ་བོང་ལ་བཏགས་ཏེ་ལམ་བཟོའི་ལས་ཀ་བྱས་བའི་འདྲ་པར་སོགས་དེང་སང་དངོས་སུ་མཐོང་རྒྱུ་ཡོད་པ་དེ། རྒྱ་གར་ལྷོ་ཕྱོགས་སོགས་སུ་གཞིས་ཆགས་མ་བཙུགས་པའི་གོང་རེད། སྐབས་ཐོག་དེར་༧གོང་ས༧མཆོག་གཙོ་བྱས་པའི་མི་རབས་རྒན་པ་ཚོའི་མ་འོངས་ཕུགས་རྒྱང་རིང་བའི་ཐུགས་བསམ་བཞེས་ཏེ། བོད་མི་ཁེར་གཙང་སྡོད་སའི་གཞིས་སྒར་འཛུགས་ཆོག་པའི་རེ་བ་རྒྱ་གར་གཞུང་ལ་ཞུས་ནས། བོད་མི་བཙན་བྱོལ་བ་ཆིག་འབུམ་ཙམ་རྒྱ་གར་ལྷོ་ཕྱོགས་གཙོ་བྱས་པའི་རྒྱ་བལ་འབྲུག་གསུམ་སོགས་ས་གནས་མི་འདྲ་བ་མང་པོ་ཞིག་ལ་བཏང་བ་རེད། གལ་སྲིད་སྐབས་དེར་༧གོང་ས༧མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་ཚོས། མ་འོངས་ཕུགས་རྒྱང་རིང་པོར་ཐུགས་བསམ་མ་བཞེས་བར། འཛམ་གླིང་གི་མི་གྲངས་མང་ཤོས་ཨང་གཉིས་པ་རྒྱ་གར་གྱི་མི་སེར་ནང་འདོད་མོས་ལྟར་འགྲོ་རུ་བཅུགས་ཡོད་ཚེ། རྒྱ་མཚོའི་ནང་ཆུ་ཡི་ཐིག་པ་གཅིག་ལྷུང་བ་ལྟར། དེ་རིང་བོད་མི་བཙན་བྱོལ་བ་ཆིག་འབུམ་ཡས་མས་བཙལ་ན་རྙེད་ཀྱི་ཡོད་པ་མ་རེད།

དེ་ལྟ་ན་ཡང་། ༧གོང་ས༧མཆོག་གཙོ་བྱས་པའི་མི་རབས་རྒན་པ་ཚོས། དེ་རིང་ལས་སང་ཉིན་གཙོ་བོ་བཟུང་ནས། མིག་སྔར་གྱི་དཀའ་སྡུག་གི་ས་བོན་ལ་སང་ཉིན་གྱི་འབྲས་བུ་མེ་ཏོག་བཞད་པའི་ཕུགས་བསམ་བཅིངས་ཏེ།  རྒྱ་གར་ལྷོ་ཕྱོགས་གཙོ་བྱས་བའི་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཁེར་སྡོད་གཞི་སྒར་བཙུགས་པ་རེད། རྒྱ་གར་ལྷོ་ཕྱོགས་ལྟ་བུར་མཚོན་ནས་བཤད་ན། བོད་མིའི་གཞིས་སྒར་སྡོད་ཆོག་ཆོག་གི་ས་གནས་ཞིག་མིན་ལ། ས་ཁུལ་དེ་དག་ནི་ནགས་ཚལ་སྟུག་པོའི་རྫོང་ཞིག་ཡིན་པ་མ་ཟད་ཚ་བ་ཆེ་བའི་ས་ཁུལ་དག་རེད། འཛམ་གླིང་མཐོ་སྒང་ནས་ཡོང་བའི་མི་རྣམས་ཚ་བ་ཤིན་ཏུ་ཆེ་བའི་ས་ཁུལ་ཞིག་ཏུ་བཏང་ཡང་། དེ་མ་ཡིན་པའི་ས་ཁུལ་རན་པ་ཞིག་ལ་འགྲོ་བའི་གདམས་གསེས་བྱེད་དབང་མེད་པ་རེད།
རྒྱུ་མཚན་ནི། རང་གི་བོད་ལུང་པ་ཤོར་ནས་རྒྱ་གར་ལུང་པ་ལ་གནས་ཚང་གཡར་དུ་ཡོང་མཁན་ཡིན་པས། གནས་བདག་གིས་གང་ལ་བཞག་ན་དེ་ལས་མི་འདུག་ཐབས་མེད་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ལྟར་ཡིན་ཡང་། བོད་མི་གཞིས་བྱེས་གཉིས་ཀྱིས་ཤེས་དགོས་པ་ཞིག་ལ། འཛམ་གླིང་སྟེང་ང་ཚོ་ལ་ཆེས་ཤིན་ཏུ་བཀའ་དྲིན་ཆེ་བའི་ལུང་པ་ཞིག་ཡོད་པ་ནི་རྒྱ་གར་ཡིན་པ་དེ་རེད། གལ་སྲིད་རྒྱ་གར་གཞུང་གིས་རྒྱ་དམར་གྱིས་གང་བཤད་ལ་ཉན་ཏེ། བཙན་བྱོལ་གཞུང་ཞིག་གསར་འཛུགས་བྱེད་དུ་བཅུགས་མེད་ཚེ། གཞི་ལུས་མི་དམངས་ཀྱི་སྙིང་སྟོབས་ལ་ཞུམ་པ་མེད་ཀྱང་། རེ་ལྟོས་བྱེད་ས་ཞིག་མེད་པ་མ་ཟད། བཙན་བྱོལ་བོད་མི་ཚོས་ཀྱང་ཆོས་དང་བོད་རང་གི་སྐད་ཡིག་སོགས་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་མིན་དང་། ཐ་ན་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་བྱས་ཏེ། བོད་ནང་གི་དཀའ་སྡུག་གི་གནས་སྟངས་ཡང་འཛམ་གླིང་གི་སྡིངས་ཆའི་སྟེང་བསྐྱལ་ཐུབ་ཡོད་མེད་ཀྱང་བཤད་དཀའ་བ་ཞིག་རེད་སྙམ། དེས་རྐྱེན་རྒྱ་གར་གཞུང་དམངས་གཉིས་ཀ་བཀའ་དྲིན་ཆེན་པོ་རེད་ཟེར་གྱི་ཡོད།

གང་ལྟར་ཡང་། ༧གོང་ས༧མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་ཚོའི་དཀའ་སྡུག་གི་སེམས་པ་སྙིང་སྟོབས་དང་ཕུགས་བསམ་གྱི་ངོ་བོར་བསྒྱུར་ཏེ། ཐོག་མར་རས་གུར་ནང་གཞིས་སྡོད་བྱས་ཏེ་ཤིང་ནགས་གཅོད་འབྲེགས་བྱས་ནས། སྡོད་ཁང་དང་ས་ཞིང་ཞིག་ཏུ་བསྒྱུར་པས་དེང་སང་ཞིང་ལས་བྱེད་སའི་ཞིང་ས་སྣུམ་པོ་དེ་དག་ནི། ༡༩༥༩དང་༦༠སྔོན་བོད་མི་བཙན་བྱོལ་པ་མ་སླེབས་པའི་བར་དུ་ནགས་ཚལ་སྟུག་པོའི་རྫོང་ཞིག་ཡིན་པ་ང་ཚོའི་མི་རབས་གཉིས་པ་ཚོས་ཤེས་དགོས་ཞིང་། ཚ་བའི་ལུང་པའི་ནང་ཤིང་ནགས་གཅོད་འབྲེག་སྐབས། སྔོན་བོད་ལུང་པ་ལ་གོམས་འདྲིས་མེད་པའི་ཟས་རིགས་ལོངས་སྤྱོད་དགོས་པ་མ་ཟད། རྒྱ་གར་གྱི་སྐྱོབ་གསོ་ཁོ་ན་ལ་བརྟེན་དགོས་སྟབས། དྲོད་ཁོག་མ་ལྟོགས་ཙམ་ཞིག་ལས་དེང་སང་བཞིན་བཟའ་བཏུང་འབེལ་འབེལ་ལྷུག་ལྷུག་གི་དུས་ཤིག་ག་ལ་ཡིན།

འདི་འདྲའི་ཚ་གྲང་ལྟོགས་གསུམ་གྱི་རྔུལ་ཆུ་ས་ལ་འཐོར་བའི་འབྲས་བུ་ལ། ཕྱི་ལོ་ ༡༩༥༩ཡར་སྔོན་བོད་ཟེར་བའི་མིང་ཚིག་འདི་ཐོས་མྱོང་མེད་པའི་རྒྱལ་ཁབ་ཚོས་ཀྱང་། དེང་སང་བོད་ཟེར་བའི་མིང་ཚིག་འདི་རིན་ཐང་ཅན་ཞིག་ཏུ་བརྩི་བཞིན་ཡོད་པ་མ་ཟད།  སྟོབས་ཆེན་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་དང་། དེ་སྔ་ཕྱི་ལོ་ ༡༩༥༩ ཡར་སྔོན་བོད་དང་འབྲེལ་བ་ཁྱོན་ནས་མེད་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སོགས་ཆེད་མངགས་རྡ་རམ་ས་ལར་ཡོང་སྟེ། ༧གོང་ས༧མཆོག་དང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལ་མཇལ་འཕྲད་གནང་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། རྡ་རམ་ས་ལ་ནི་ཧི་མ་ལ་ཡའི་རི་འདབས་ཀྱི་རྒྱ་གར་གྱི་གྲོང་གསེབ་ཁུག་ཀྱོག་ཅིག་ཡིན་མོད། འོན་ཀྱང་དེང་འཛམ་གླིང་སྟེང་ཆེས་སྐད་གྲགས་ཆེ་བའི་ས་གནས་ཞིག་ཏུ་གྱུར་ཏེ། འཛམ་གླིང་གི་ཡུལ་སྐོར་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད་པ་རེད། འདི་འདྲའི་ས་གནས་ཤིག་ཏུ་ཅི་ལྟར་གྱུར་བ་རེད་དམ། འདི་འདྲའི་ས་གནས་སྐད་གྲགས་ཅན་ཞིག་ཏུ་གྱུར་དོན་གཙོ་བོ་ནི། འཛམ་གླིང་སྟེང་ཆེས་ཤིན་ཏུ་བརྩི་བཀུར་ཞུ་ཡུལ་དུ་གྱུར་བའི་༧གོང་ས༧མཆོག་གི་བཞུགས་སྒར་དང་། ༧གོང་ས༧མཆོག་དང་འཕྱར་གྲུ་མཉམ་འདེགས་བྱེད་མཁན་མི་རབས་རྒན་པ་ཚོས་བཙུགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོད་སའི་གནས་ཡིན་པའི་རྒྱུ་མཚན་གྱིས་རེད།

དེ་ལྟ་ན་ཡང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་༧གོང་ས༧མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་ཚོས། ལས་སླ་བོ་ཞིག་གི་སྒོ་ནས་བཙུགས་པ་མ་ཡིན་པ་གོང་དུ་ཞུས་པ་ལྟར། རྒྱ་ནག་སྲིད་གཞུང་གིས་བོད་ལུང་པ་རྒྱ་ནག་གི་མངའ་ཁོངས་ཡིན་པས་བཅིངས་གྲོལ་བཏང་བ་ཡིན་ཞེས། འཛམ་གླིང་སྟེང་རྫུན་སྒྲོགས་གང་ཐུབ་བྱེད་བཞིན་པ་ལྟར། རྒྱ་གར་གྱི་སྲིད་བློན་ནེ་རོ་ཡིས་དབུ་ཁྲིད་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་ཀྱང་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་ངོས་འཛིན་བྱས་སྟབས། བཙན་བྱོལ་གཞུང་གིས་ལས་འགུལ་གང་ཞིག་སྤེལ་ཀྱང་། རྒྱ་གར་སྲིད་གཞུང་ལ་ཕོག་ཐུག་དང་རྒྱ་གར་གྱི་ཁྲིམས་དང་མི་འགལ་བར་བྱེད་དགོས་ཀྱི་ཡོད། དཔེར་ན། དབྱིན་ཡིག་སྟེང་༼CENTRAL TIBETAN ADIMISTRATION༽ཅེས་འབྲི་དགོས་པ་ལས། བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་བོད་ཡིག་ནང་བྲིས་ཡོད་ཀྱང་།  དབྱིན་ཡིག་ནང་བྲིས་ཆོག་གི་མེད་པ་རེད། འདི་འདྲའི་གནས་སྟངས་ཞིག་གི་འོག་ནས་གོམས་པ་རིམ་སྤོས་ཀྱིས། བོད་མི་རང་ལ་ས་ལག་མཐིལ་སྤར་མོ་གང་ཡང་མེད་པའི་མིའི་ལུང་པ་ཞིག་ལ།  བོད་མི་ཁེ་གཙང་སྡོད་སའི་གཞིས་སྒར་དང་དེང་དུས་ཀྱི་ཤེས་ཡོན་སློབ་སའི་སློབ་གྲྭ།  བོད་ཀྱི་མི་རིགས་ཀྱི་སེམས་གཏིང་ལ་ཐིམ་པའི་ནང་ཆོས་སློབ་གཉེར་བྱེད་སའི་དགོན་པ་སོགས་གསར་དུ་བཙུགས་པ་རེད།ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༢ ཚེས་ ༣ ཉིན་རྡོ་རྗེ་གདན་ནས་བོད་ཆོལ་ཁ་གསུམ་གྱིས་མ་གྲོས་གཅིག་མཐུན་གྱི་སྒོ་ནས་༧གོང་ས༧མཆོག་ལ་བརྟན་བཞུགས་ཕུལ་བ་དང་འབྲེལ། བླང་དོར་མནའ་གན་མཐུ་མོ་ཆེ་འབུལ་སྐབས། ༧གོང་ས༧མཆོག་གིས་ཀྱང་བཀའ་སློབ་ཕེབས་དོན་ལ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེ་བར་བརྟེན། ཆོས་བརྒྱུད་ཆེན་པོ་བཞི་དང་བོད་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་ཤེས་འཇོན་ཅན་དང་རྒྱལ་ཞེན་ཅན་སོགས་འོས་ཤོག་གི་ལམ་ནས་འདེམས་བསྐོ་བྱེད་དགོས་ཚུལ་གསུངས་པ་ལྟར། དེ་དག་ནས་འཐུས་མི་ ༡༣ འདེམས་ཐོན་བྱུང་པས། འཐུས་མི་དེ་དག་གིས་ཕྱི་ལོ་ ༡༩༦༠ ཟླ་༩ ཚེས་ ༢ ཉིན་༧གོང་ས་༧མཆོག་གི་སྤྱན་སྔར་དམ་འབུལ་ཞུས་བའི་ཉིན་མོ་ནི། བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་མང་གཙོ་དབུ་བརྙེས་བའི་ཉིན་དང་པོ་ཡིན་ལ། བོད་སིལ་བུར་འཐོར་བ་ནས་བཟུང་ཡང་བསྐྱར་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཉིན་དང་པོ་ཡང་ཡིན་ཞེས་ཟེར་ཆོག  ཉིན་དེ་ནས་བཟུང་༧གོང་ས༧མཆོག་གིས་བོད་མིའི་རྩ་ཁྲིམས་ཟིན་བྲིས་བཀོད་གནང་བའི་འོག་ནས། བཙན་བྱོལ་བོད་མི་ཡོངས་འཚར་ལོངས་བྱུང་སྟེ། དེང་སང་བཙན་བྱོལ་བོད་གཞུང་མང་གཙོ་ཚད་ལྡན་ཞིག་གི་ལམ་དུ་སྐྱོད་བཞིན་པ་འདི་ནི། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པའི་༧གོང་ས༧མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་ཚོས་སྐུ་དྲིན་ཡིན་པས། ཕྲན་གྱིས་༧གོང་ས༧མཆོག་གཙོ་བྱས་བའི་མི་རབས་རྒན་པ་རྣམས་ལ། ཁ་བཏགས་དཀར་པོ་ཞིག་ཚབ་ཏུ་ལག་ཟུང་ཐལ་མོ་སྦྱར་སྟེ་ཐུགས་རྗེ་ཆེ་ཞུ་གི་ཡོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 1

  1. Lobsang Wangdu says:
    ལོ་ 6 སྔོན།

    Wao ! ནམ་མཁའ་ལགས། ?Good ?Good ? Excellent. You good Writers. Could you send me your email or Address ? Thanks ? དངོས་ནས་ ང་ཚོ་བོད་པའི་སྤྱི་ཚོགས་ནང་་་ སོ་སོ་སྒེར་གྱིས་བསམ་བློ་མ་གཏོགས་མི་འཁོར་མཁན་བྱབ་ཆུང་མང་པོ་རེད། ཀ་ཁ་སྦྱང་ན་རྩ་རགས་ཀྱི་མ་རེད་ཟེར་མཁན་ཡང་བྱུང་ཡོད། ཧ ཧ ? དེ་ལས་ སྔ་མོ་མི་རྙིང་རྒན་ཁོག་སློབ་གྲྭ་འགྲོ་མ་མྱོང་མཁན་ནང་་་ ཕགས་པ་སྤྱན་རས་གཟིགས་བཀའ་དྲིན་བསམ་ཤེས་མཁན་མང་བ་ཡོད། མི་རྙིང་རྒན་ཁོག་ཚོ་ བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།། སྐྱེ་བ་རྗེས་མར་ཀྱར་དུ་་་ ཕགས་པ་སྤྱན་རས་གཟིགས་ཀྱིས་འདུལ་བྱ་དུ་སྐྱེད་པའི་སྨོན་འདུན་བཞུགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese