མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་ཡང་སྲིད་རང་དབང་ལུང་པ་འདིའི་ནང་འཁྲུང་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༡༩/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་མ་འོངས་པར་རྒྱ་ནག་གཞུང་གིས་རྒྱལ་བའི་ཡང་སྲིད་ཅིག་ངོས་འཛིན་བྱས་པ་ཡིན་ནའང་མི་མང་གིས་ཡིད་ཆེས་དང་བརྩི་བཀུར་འཐོབ་རྒྱུ་ཕར་ཞོག་རྒྱ་གཞུང་ལ་དཀའ་ངལ་འཕར་མ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས་འདུགཁ་སང་རོའུ་ཊར་གསར་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁོང་གི་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་སྐབས་མགོན་པོ་གང་ཉིད་ཀྱིས། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ནི་ད་ལྟའི་ཏཱ་ལའི་བླ་མ་ལས་ལྷག་གལ་ཆེན་ཏུ་བརྩི་ནས་སེམས་འཁུར་ཆེན་པོ་བྱེད་ཀྱི་འདུག་ཀྱང་། ངོས་རང་དེའི་ཐད་སེམས་འཁུར་གང་ཡང་མི་འདུག  མ་འོངས་པར་རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མ་ཞིག་དང་རང་དབང་ལུང་པ་འདིའི་ནང་ཏཱ་ལའི་བླ་མ་ཞིག་བྱུང་ཚེ། རྒྱ་ནག་གཞུང་གི་ཏཱ་ལའི་བླ་མར་ཡིད་ཆེས་དང་བརྩི་བཀུར་བྱེད་མཁན་སུ་ཡང་མེད་པས། དེ་ནི་རྒྱ་ནག་གི་དཀའ་ངལ་འཕར་མ་ཞིག་ཡིན་པ་དང་། དེ་འདྲ་ཡོང་མི་སྲིད་པ་ཞིག་མ་རེད། ཅེས་གསུངས་འདུག

ཡང་སྲིད་ངོས་འཛིན་སྐོར་ལ་༧གོང་ས་མཆོག་གིས། ཏཱ་ལའི་བླ་མ་འདི་དགོངས་པ་རྫོགས་རྗེས། ཡང་སྲིད་ཀྱི་བྱེད་སྒོ་དང་དེ་མུ་མཐུད་དགོས་དང་མི་དགོས་ཀྱི་ཐག་གཅོད་ནི་འདི་ལོའི་ལོ་མཇུག་གི་བླ་ཆེན་ཁག་གི་ཚོགས་འདུའི་སྐབས་སྐད་ཆ་ཡོང་སྲིད་པ་དང་། སྟོན་པ་བཅོམ་ལྡན་འདས་ལ་ཡང་སྲིད་མེད་ནའང་ཁོང་གི་ཆོས་འཛམ་གླིང་ལ་ད་དུང་གནས་ཡོད། དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་འདི་དོན་ངོ་མར་བོད་མི་མང་ལ་དགོས་མཁོ་བྱུང་ཚེ་མུ་མཐུད་གནས་རྒྱུ་རེད་ལ། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དེ་དགོས་མིན་གྱི་དྲི་བ་དེ་ཡང་ཡོང་གི་ཡོད་པ་དང་། གལ་སྲིད་སྐུ་ཕྲེང་བཅོ་ལྔ་པ་ཞིག་བྱུང་ཚེ། དེར་ཡང་ཆབ་སྲིད་ཀྱི་འགན་ཅི་ཡང་མེད་ངེས་ཡིན་སྐོར་གསུངས་འདུག

དེ་བཞིན་རྒྱ་ནག་ལ་ཕེབས་འདུན་ཡོད་སྐོར་གསུངས་པའི་ནང་། ༧ཁོང་ནི་འཇིག་རྟེན་ཁམས་ཀྱི་རིག་པ་  (Cosmology) དང་དབང་རྩའི་སྐྱེ་དངོས་རིག་པ (Nuerobiology) ། ཀོན་ཊམ་རྣམ་བཞག་ (Quantum Physics) དང་སེམས་ཁམས་རིག་པའི་ཐོག་ཐུགས་མོས་ཆེན་པོ་ཡོད་པ་མ་ཟད། གལ་སྲིད་ཕྱིར་ཕ་ཡུལ་ལ་ཕེབས་ཐུབ་པ་བྱུང་ཚེ། རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཁག་གི་ནང་བརྗོད་གཞི་དེ་ཚོའི་ཐོག་བཀའ་མོལ་གནང་འདོད་ཡོད་ལ། སྤྱིར་རྒྱ་ནག་ནི་སྟོབས་ཆེན་དང་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ནའང་། ད་ལྟ་རྒྱ་ནག་གི་གཞུང་ནི་གཅིག་སྡུད་རིང་ལུགས་དང་རང་དབང་མེད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་ནག་གི་དམར་ཤོག་གཞུང་ལ་འགྱུར་བ་ཞིག་མ་བྱུང་བར་དུ་བོད་ལ་ལོག་ཐུབ་རྒྱུའི་ཐུགས་རེ་དེ་ཙམ་མེད་ལ། དེའི་བར་དུ་རྒྱ་གར་རང་དབང་ལུང་བའི་ནང་བཞུགས་འདུན་ཡོད་སྐོར་གསུངས་འདུག

ཡང་བོད་རྒྱ་འབྲེལ་མོལ་སྐོར་ལ་བཀའ་འདྲི་ཞུས་པར་བོད་ནང་དང་བཙན་བྱོལ་དུ་ཡོད་པའི་བོད་མིའི་འབྲེལ་ལམ་དམ་ཟབ་ཏུ་འགྲོ་བཞིན་ཡོད་ལ། རྒྱ་ནག་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་བ་དང་གཞུང་ཞབས་བགྲེས་ཡོལ་ཞུས་ཟིན་མཁན་ཚོས་དུས་ནས་དུས་སུ་མཇལ་བཅར་ཞུ་ཡི་ཡོད་ཀྱང་། རྒྱ་ནག་གཞུང་དང་༧ཁོང་གི་སྐུ་ཚབ་བར་གཞུང་འབྲེལ་གྱི་ཐུག་འཕྲད་ནི་ཕྱི་ལོ་ ༢༠༡༠ ནས་བཟུང་བྱུང་མེད་པའི་སྐོར་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

BEIJING, CHINA - MARCH 04: Chen Jining, party secretary of Shanghai attends the opening of the fourth session of the 14th Chinese People's Political Consultative Conference (CPPCC) at The Great Hall of People on March 04, 2026 in Beijing, China. The fourth session of the 14th National Committee of the Chinese People's Political Consultative Conference (CPPCC), often referred to in its acronym form as CPCC meetings, begins on Wednesday in Beijing. (Photo by Lintao Zhang/Getty Images)
Mobile App

རྒྱ་ནག་གི་སྐབས་ཉི་ཤུ་བའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
international day for the elimination of violence at Macloadganji, Dharamsala,  2026
Mobile App

ཉིན་བཅུ་དྲུག་རིང་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Tenzin Lekshay. Photo: CTA
Mobile App

བསྟན་འཛིན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

༢༠༢༦/༡༡/༢༤
ཐའེ་ཝན་དུ་ཚོགས་འདུ་འཚོག་སྐབས། པར་ཐའེ་ཝན་དོན་གཅོད་ཀྱི་ངོ་དེབ་ལས་བླངས། ༢༠༢༦།༡༡།༢༣
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་ཆེན་ཞིག་འཚོགས།

༢༠༢༦/༡༡/༢༤
༸གོང་ས་མཆོག གསར་འགྱུར།

ཨ་རི་དང་རྒྱ་གར་གྱིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་མཉམ་ལས་བྱེད་དགོས་པའི་སྐུལ་འདེད་བྱས།

༢༠༢༦/༡༡/༢༤
Front Slider

སྤྱི་སེམས་ཚོགས་པ་ངོ་སྤྲོད་དང་ལས་དོན་གནང་ཕྱོགས།

༢༠༢༦/༡༡/༢༤

མཆན། 1

  1. Lobsang Wangdu says:
    ལོ་ 8 སྔོན།

    ༧གོང་ས་མཆོས་ནི་་་ བོད་ཆོས་སྡེ་ཞིང་ཁམས་་་ །གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་དེར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །། We Tibet- One ☝️ Mind… His Holiness. One ☝️ Dream… Free Tibet. Long Live His Holiness. Victory Free Tibet ✌️ Victory Middle Way✌️

    China’s usually Dreams is… Tibet for ruling Under ?⛓???? ???
    How Horrific China ??? ☠️❓………………..??

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese