མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱར་རྩྭའི་དཀའ་རྙོག་སེལ་བར་གནད་དོན་ལྔ་ངེས་པར་དུ་ཤེས་དགོས།

བོད་ཀྱི་དུས་བབ།
༢༠༡༩/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་དབྱར་རྩྭ་ཡག་པོ་བརྐོ་རྒྱུ་ཡོད་པའི་ས་ཆ་རྣམས་རྒྱ་རིགས་ཚོང་པ་ཚོས་སྡེབ་ཉོ་བྱས་པ་དང་ས་རིན་ལོ་རེ་བཞིན་འཕར་བཞིན་ཡོད་པས་ས་གནས་བོད་མི་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་འདུགའདི་ལོར་བོད་ནང་གི་དབྱར་རྩྭ་དགུན་འབུ་སྐྱེ་ཡུལ་ཡག་ཤོས་མང་པོ་རྒྱ་རིགས་ཚོང་པས་སྡེབ་ཉོ་བྱས་པ་མ་ཟད། ཉིན་གླ་བ་མང་པོ་འཁྲིད་ཡོང་ནས་དབྱར་རྩྭ་རྐོ་རུ་འཇུག་གི་ཡོད་སྟབས། ལོ་རེའི་ཡོང་འབབ་གཙོ་བོ་དབྱར་རྩྭ་ལ་བརྟེན་པའི་ས་གནས་བོད་མི་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཡང་ས་གནས་ཁག་ཅིག་ནས་སྲིད་གཞུང་གིས་བརྡ་ཁྱབ་བཏང་སྟེ་ཕྱི་མི་དབྱར་རྩྭ་རྐོ་རུ་ཡོང་བ་དང་དབྱར་རྩྭ་ཉོ་ཚོང་མི་ཆོག་པ་དང་། གལ་སྲིད་ཁྲིམས་འགལ་བྱེད་མཁན་ཡོད་ན་མཇུག་འབྲས་ལ་དོ་བདག་གིས་འགན་འཁུར་དགོས་སྐོར་བསྒྲགས་འདུག

ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། བོད་ཡུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལེགས་ཤོས་གྲས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་སྒོ་མོ་གཡུ་ཚ་སྡེ་བའི་མཐའ་འཁོར་དང་། མགོ་ལོག་རྨ་ཆེན་གངས་རིའི་གཡས་གཡོན་གྱི་ས་ཆ་རྣམས་རྒྱ་ནག་པེ་ཅིན་དང་ཧྲང་ཧེ། ཟི་ལིང་སོགས་ནས་ཡོང་བའི་ཚོང་པ་ཆེན་པོ་དེ་ཚོས་སྡེབ་ཉོ་བྱེད་ཀྱི་ཡོད་པ་དང་། ནམ་རྒྱུན་ས་ཁྱོན་རྨིད་གྲུ་བཞི་མ་ ༡༦༠༠༠ ལ་ཟླ་གཉིས་རིང་དབྱར་རྩྭ་བརྐོས་པ་ཡིན་ན། ས་རིན་རྒྱ་སྒོར་ཁྲི་ ༡༥༠ ཡིན་ཡང་། ད་ལོར་ས་གོང་འཕར་ཏེ་ས་ཁྱོན་རྨིད་གྲུ་བཞི་མ་ ༡༦༠༠༠ ལ་རྒྱ་སྒོར་ཁྲི་ ༣༠༠ བྱས་ནས་བཙོང་གི་ཡོད་འདུག ཚོང་པ་ཆེན་པོ་དེ་ཚོས་འབུ་རྐོ་བ་ ༣༠༠ ནས་ ༤༠༠ ཡས་མས་དེ་འདྲར་ཉིན་གླ་སྤྲད་དེ་དབྱར་རྩྭ་རྐོ་རུ་འཇུག་གི་ཡོད་འདུག དེ་བཞིན་ཀོང་པོ་སྨན་གླིང་རྫོང་ (米林县) ཕྱོགས་སུ་དབྱར་རྩྭ་ཡག་པོ་ཡོད་པས་འདི་ལོར་རྒྱ་མི་དབྱར་རྩྭ་རྐོ་མཁན་ཧ་ཅང་མང་པོ་བསླེབས་ཡོད་པ་དང་། ས་གནས་གཞན་དུ་དབྱར་རྩྭ་རྐོ་བར་ཕྱིན་ན་འདས་ལོར་མི་རེར་ས་རིན་རྒྱ་སྒོར་ ༢༥༠༠ ཡིན་ཡང་། ད་ལོར་མི་རེས་རྒྱ་སྒོར་ ༤༥༠༠ རེ་སྤྲོད་དགོས་པ་ཆགས་ཡོད་པ་དང་། གཞན་ཡང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེལ་ཤུལ་རྫོང་སེལ་ཤུལ་དགོན་རིའི་རྒྱབ་ཕྱོགས་ཀྱི་ས་གནས་གྲགས་འབྱུང་དང་སྲིབ་ལུང་སོགས་སུ་དབྱར་རྩྭ་རྐོ་ཧ་ཅང་མང་དུ་ཕྱིན་ཏེ། ས་ཆའི་བདག་པོ་ལ་ཟླ་གཉིས་རིང་མི་རེས་ས་རིན་རྒྱ་སྒོར་ ༨༠༠༠ སྤྲོད་དགོས་ཀྱི་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༦ ཉིན་མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་ཕྱི་མི་བསྡུས་ཏེ་དབྱར་རྩྭ་བརྐོ་མི་ཆོག་པའི་ཡོངས་ཁྱབ་བརྡ་ཐོ་ཞིག་བཏང་བའི་ནང་དུ།  མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》སོགས་འབྲེལ་ཡོད་ཁྲིམས་སྲོལ་དང་ས་ཁོངས་དེ་གའི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་ལ་གཞིགས་ནས་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཕྱི་ཡོང་མི་སྣས་རྐང་ཚ་རྫོང་ཁོངས་སུ་དབྱར་རྩྭ་དགུན་འབུ་རྐོ་བ་བཀག་འགོག་བྱ་རྒྱུའི་གཏན་འབེབས་བྱས་ཡོད། བཀག་སྡོམ་གྱི་བསླབ་བྱ་ལ་མི་ཉན་པར་རྐང་ཚ་རྫོང་ཁོངས་སུ་དབྱར་རྩྭ་དགུན་འབུ་བརྐོ་མཁན་ཡོད་ན། མཇུག་འབྲས་ཡོད་ཚད་རང་གིས་འགན་འཁུར་དགོས། ཁྲོམ་རའི་ནང་ལས་མི་བསྡུས་ནས་རྐང་ཚ་རྫོང་ཁོངས་སུ་དབྱར་རྩྭ་དགུན་འབུ་བརྐོ་བའི་སྣང་ཚུལ་ཚང་མ་མགོ་གཡོག་མགོ་སྐོར་གྱི་བྱ་སྤྱོད་ཡིན་པས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ་ཡིན་པས་ཆེད་དུ་བརྡ་ཁྱབ་འདི་བཏང་བ་ཡིན། ཞེས་བརྗོད་འདུགདེ་བཞིན་ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་མཚོ་བྱང་ཁུལ་མདོ་ལ་རྫོང་སྲིད་གཞུང་གིས་བརྡ་ཁྱབ་ཅིག་བཏང་སྟེ། རྫོང་ཁོངས་ཀྱི་ཁོར་ཡུག་དང་རྩྭ་ཆུར་སྲུང་སྐྱོབ་བྱེད། རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་སོགས་གཞིར་བཟུང་རྫོང་ཡོངས་ཀྱི་ནང་དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་པ་གཏན་འབེབ་བྱས་ཟིན་པས། ཁྲིམས་འགལ་ཐོག་དབྱར་རྩྭ་རྐོ་བ་དང་ཕྱི་མི་ཡོང་ནས་དབྱར་རྩྭ་ཉོ་ཚོང་སོགས་བྱེད་མི་ཆོག་པ་དང་། གལ་སྲིད་ཁྲིམས་འགལ་བྱེད་མཁན་བྱུང་ན་མཇུག་འབྲས་ལ་དོ་བདག་སོ་སོས་འགན་འཁུར་དགོས་སྐོར་བསྒྲགས་འདུག

གཞན་ཡང་། ཉེ་བའི་ལོ་ཤས་ནང་དཔལ་འབྱོར་གྱི་ཁེ་བཟང་ཆེད། ཚོང་པ་ཁག་ཅིག་གིས་ཚན་རྩལ་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་མགོ་ཚུགས་ཡོད་པ་དང་། འདེབས་འཛུགས་བྱས་པའི་དབྱར་རྩྭ་དེ་རིགས་ཀྱི་རིན་གོང་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལས་དམའ་བོ་ཡོད་ཀྱང་། ཕྱི་ནས་བལྟས་ན་གཉི་ག་འདྲ་བོ་ཡོད་པས་མགོ་སྐོར་འོག་ཚུད་པའི་གནད་དོན་ཡང་བྱུང་གི་ཡོད་འདུག བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་ཉུང་མཐའ་ཡང་བོད་ཁུལ་དུ་ཚན་རྩལ་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་ཡུལ་མི་འདྲ་བ་གསུམ་ཡོད་པ་གཅིག་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་དང་། སི་ཁྲོན་ཞིང་ཆེན་གྱི་བྱང་ཕྱོགས། དེ་བཞིན་སི་ཁྲོན་ཁྲིན་ཏུའུ་ཡི་ཉེ་འགྲམ་ཞིག་ཏུ་ཡོད་པ་དང་། དབྱར་རྩྭ་འདེབས་འཛུགས་བྱེད་ཐབས་ལ་ཞིབ་འཇུག་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་འདུགཁྲིམས་གླེང་དྲ་བའི་( http://trimleng.org)ནང་དུ་དབྱར་རྩྭ་དགུན་འབུ་ནི་བོད་མི་མང་པོ་ཞིག་གི་དཔལ་འབྱོར་གྱི་བརྟེན་ས་གཙོ་བོ་ཞིག་ཡིན་པས། རྒྱ་ནག་གཞུང་གི་ཁྲིམས་ལུགས་གཞིར་བཟུང་གིས་དབྱར་རྩྭ་དང་འབྲེལ་བའི་གནད་དོན་ལྔ་ངེས་པར་དུ་ཤེས་དགོས་སྐོར་བཀོད་པའི་ནང་། གནད་དོན་དང་པོ་སོའི་རྩྭ་སའི་སྟེང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཡོད་མཁན་གྱི་འབྲོག་པ་དག་གིས་རྩྭ་སའི་བདག་དབང་གཏན་ནས་གཞན་ལ་ཤོར་དུ་འཇུག་མི་ཉན་པར་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། གནད་དོན་གཉིས་པ་སོ་སོའི་ས་ཐོག་ཏུ་དབྱར་རྩྭ་དགུན་འབུ་བརྐོ་ན་ཡང་སྲིད་གཞུང་ནས་ཆོག་མཆན་ཞུ་དགོས་པ་དང་། སྲིད་གཞུང་གིས་དུས་ཐོག་ཏུ་ཐག་བཅད་ནས་ལན་སྟེར་དགོས། གལ་ཏེ་ཆོག་མཆན་མ་སྤྲད་ན་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་དང་། ཁྲིམས་ཁང་དུ་སྲིད་འཛིན་གཏུག་བཤེར་སོགས་བྱས་ཆོག་པའི་ཐོབ་ཐང་བརྒྱུད་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆོག་གི་ཡོད་འདུག

གནད་དོན་གསུམ་པ་སྲིད་གཞུང་ནས་ཆོག་མཆན་ཐོབ་ཡོད་ཀྱང་ཉེན་རྟོག་ལས་ཁུངས་སོགས་གཞུང་གི་ལས་ཁུངས་འདྲ་མིན་ནས་གང་བྱུང་ཆད་པ་སོགས་བཅད་ན། ཆད་པ་ཕོག་མཁན་གྱིས་རང་ལ་ཁེ་དབང་གང་དག་ཡོད་པ་ངོས་ཟིན་པའི་ཐོག་ནས་དུས་ཐོག་ཏུ་གོང་རིམ་སྲིད་གཞུང་དང་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག གནད་དོན་བཞི་པ་དབྱར་རྩྭ་རྐོ་བ་དང་ཉོ་འཚོང་ཆོག་པའི་ཡི་གེ་སོགས་ཕྱིར་བསྡུ་དང་། དངུལ་ཆད་གཅོད་པ། དབྱར་རྩྭ་གཞུང་བཞེས་གཏོང་བ་སོགས་བྱས་ན། ཆད་པ་བཅད་པ་དེ་ཁྲིམས་མཐུན་དང་དྲང་བདེན་ཡིན་མིན་ཁྲིམས་མཐུན་འགྲོ་ལུགས་འོག་ཉན་ཞིབ་ཚོགས་འདུ་བསྡུ་དགོས་པའི་རེ་བ་འདོན་ཆོག་གི་ཡོད་འདུག

གནད་དོན་ལྔ་པ་གལ་ཏེ་དབྱར་རྩྭ་རྐོ་མཁན་དང་ཉོ་འཚོང་བྱེད་མཁན་ལ་ཆད་པ་ཕོག་ན་ངེས་པར་དུ་ཆད་པ་ཕོག་པ་ཤེས་རྟོགས་བྱུང་བའི་ཚུན་གྱི་ཉིན་དྲུག་བཅུའི་ནང་གོང་རིམ་ལ་སྲིད་འཛིན་བསྐྱར་གྲོས་ཞུ་རྒྱུའི་རེ་བ་འདོན་དགོས། སྲིད་འཛིན་བསྐྱར་གྲོས་ཀྱི་ཐག་གཅོད་ལ་མོས་མཐུན་མེད་ཚེ་ཐག་གཅོད་ཡི་གེ་དེ་ལག་ཏུ་འབྱོར་བའི་ཚུན་གྱི་ཉིན་བཅོ་ལྔའི་ནང་མུ་མཐུད་ནས་གནད་དོན་དེ་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག གལ་ཏེ་སྲིད་འཛིན་བསྐྱར་གྲོས་མ་བརྒྱུད་ཚེ་ཆད་པ་ཕོག་པ་ཤེས་རྟོགས་བྱུང་བའི་ཚུན་གྱི་ཟླ་གསུམ་གྱི་ནང་ཐད་ཀར་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག

གལ་ཏེ་ཆད་པ་གཅོད་སྐབས་འབྲེལ་ཡོད་ཀྱི་ཐོབ་ཐང་ཅི་ཡོད་གསལ་བཤད་མ་བྱས་པ་ཡིན་ན་གཏུག་བཤེར་གྱི་དུས་ཡུན་དེ་ལོ་གཉིས་ནས་ལྔ་ཡི་བར་བསྲིང་ཆོག་པའི་ཐོབ་ཐང་ཡང་ཡོད་ལ། ཁྲིམས་མཐུན་མིན་པའི་ཐོག་དབྱར་རྩྭ་རྐོ་མཁན་སོགས་འཛིན་བཟུང་བཀག་ཉར་དང་། དབྱར་རྩྭ་དང་དངོས་པོ་གཞུང་བཞེས་སོགས་བྱས་པ་ཡིན་ན་དོ་བདག་ལ་སྲིད་གཞུང་ནས་གུན་གསབ་ལེན་པའི་ཐོབ་ཐང་ཡང་ཡོད་པ་སོགས་བཀོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese