མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲིག་སྤྱོད་ཀྱི་ཕན་ཡོན་བཅུ་གཅིག་མ།

བོད་ཀྱི་དུས་བབ།
༢༠༡༩/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

འཁྲིག་སྤྱོད་ནི་འགྲོ་བ་མི་ཙམ་མ་ཟད་སྲོག་ཐོག་སེམས་ཅན་ཀུན་གྱིས་ལོངས་སུ་སྤྱོད་པ་ཞིག་དང་། ལོངས་སུ་སྤྱད་པ་ཙམ་མ་ཡིན་པར་རིགས་རྒྱུད་སྤེལ་ཐབས་ལ་ངེས་པར་མེད་ཐབས་མེད་པ་ཞིག་ཡིན་པ་དང་། འཁྲིག་སྤྱོད་ནི་རང་བྱུང་གི་བྱེད་ལས་གལ་ཆེན་ལྡན་པ་ཞིག་ཡིན། མིའི་རིགས་ལ་མཚོན་ན་འཁྲིག་སྤྱོད་ནི་ཚོད་ཚོད་དུ་སྤྱོད་ཤེས་པ་ཙམ་མ་ཡིན་པར་དེ་ཡི་གལ་ཆེའི་ཕན་ནུས་དང་འཁྲིག་སྤྱོད་ཀྱི་བདེ་ཐང་སོགས་རྒྱུན་ཤེས་གལ་ཆེན་འདི་དག་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པ་ལྟར། གཤམ་དུ་ང་ཚོས་ཚན་རིག་རང་བཞིན་གྱི་ཉམས་ཞིབ་གྲུབ་དོན་ལས་འཁྲིག་སྤྱོད་ལ་ཕན་ནུས་ག་འདྲ་ཡོད་པ་སོགས་བསྒྱུར་སྒྲིག་བྱས་ཡོད།གཅིག འཁྲིག་སྤྱོད་ནི་རང་བྱུང་གི་བྱེད་ནུས་ཆེན་པོ་ལྡན་པ་ཞིག་ཡིན་པས་ལོ་ཚད་རྒས་མ་རན་གོང་ནས་ངོ་གདོང་གཉེར་མས་གང་བ་དང་གཟུགས་གཞིའི་ནུས་ཤུགས་ཤོར་བ་སོགས་མི་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། སི་ཀོ་ཊི་ལན་ཊིའི་རའོ་ཡཱལ་ཨེ་དྷན་བྷར་གྷི་(Royal Edinburgh Hospital)སྨན་ཁང་གི་དབང་རྩའི་སེམས་ཁམས་རིག་པའི་སྨན་རམས་པ་སྐུ་ཞབས་དྷེ་ཝེ་དྷི་(Dr David)ཡིས་ལོ་ངོ་ ༡༠ ཡི་རིང་འཁྲིག་སྤྱོད་ཀྱི་ཕན་ནུས་སྐོར་ལ་ཉམས་ཞིབ་བྱས་པ་ལྟར་ན།  སྐྱེས་པ་དང་བུད་མེད་སུ་ཞིག་ཡིན་ཡང་དུས་རྒྱུན་ཚད་དང་ལྡན་པའི་འཁྲིག་སྤྱོད་བྱས་པ་ཡིས། ཁོ་ཚོ་ནམ་རྒྱུན་གྱི་ལོ་ཚད་ལས་ལོ་ ༥ ནས་ ༧ བར་གྱི་གཞོན་ཤ་ལྡན་པ་དང་གསོན་ཉམས་དོད་པོར་སྡོད་ཐུབ་ཀྱི་ཡོད་པ་དང་། ད་དུང་འཁྲིག་སྤྱོད་བདེ་ཐང་ཕན་ནུས་ཞིབ་འཇུག་ཁྲོད་ནས་ཤེས་རྟོགས་བྱུང་བ་ནི་འཁྲིག་སྤྱོད་ལ་ཆེས་གལ་ཆེ་བ་ནི་གྲངས་ཀ་མ་ཡིན་པར་སྤུས་ཚད་གཙོ་བོ་ཆགས་ཡོད་པ་དང་། མི་ཞིག་གིས་བདུན་ཕྲག་གཅིག་གི་ནང་འཁྲིག་པ་ཐེངས་གཉིས་ལ་སྤྱད་ན་ཚད་དང་ལྡན་པར་བཤད་ཡོད་འདུག

གཉིས། ཞིབ་འཇུག་པ་ཚོས་བདུན་གཅིག་ནང་རྒྱུན་ལྡན་འཁྲིག་སྤྱོད་ཐེངས་གཉིས་རེ་བྱེད་མཁན་ཚོའི་གཟུགས་པོའི་ནད་རིགས་སྔོན་འགོག་གི་ཕྲ་ཕུང་(IgA)གི་ཚད་གཞི་དེ་འཁྲིག་སྤྱོད་ཡུན་རིང་མི་བྱེད་མཁན་དང་། ཡང་ན་འཁྲིག་སྤྱོད་ཚད་གཞི་མི་ལོང་བ་ཚོ་ལས་བརྒྱ་ཆ་ ༣༠ ཡག་པོ་ཡོད་སྐོར་བརྗོད་ཡོད་པ་དང་། ནད་རིགས་སྔོན་འགོག་གི་ཕྲ་ཕུང་དེ་ཅི་ཙམ་མང་པོ་དང་ཡག་པོ་ཡོད་ན་ཆམ་ནད་རིགས་དང་གཟུགས་པོའི་ནད་འབུ་ཕྲ་མོ་རིགས་ཡར་ལངས་མི་ཐུབ་པར་ཕན་ནུས་ཆེན་པོ་ཡོད་འདུག

གསུམ། སྤྱིར་ན་འཁྲིག་སྤྱོད་ནི་ག་དུས་བྱས་ཀྱང་ཕན་ཐོགས་ཡོད་ཡོད་པ་གང་ཞིག་ལ། འཁྲིག་སྤྱོད་ཀྱིས་སེམས་ཁམས་སྐྱིད་པོ་དང་ལུས་ཕུང་བདེ་བོ་དང་རྩ་ལམ་ཡངས་པོ་ཆགས་པར་ཕན་ནུས་ཆེན་པོ་ཡོད་པ་དང་། ཉམས་ཞིབ་པ་ཚོས་ལྷག་པར་དུ་ཞོགས་པར་འཁྲིག་སྤྱོད་བྱས་ན་ཉིན་གང་བོར་སེམས་ཁམས་སྐྱིད་པོ་དང་གཟུགས་པོ་བདེ་ལྷོད་དང་རྩ་ཁམས་ཡངས་པོ་ཡོང་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་ཚན་རིག་པ་ལྕམ་དྷ་བྷེ་ཧེར་བྷ་ནེག(Dr Debby Herbenick)ལགས་ཀྱིས། ཞོགས་པར་འཁྲིག་སྤྱོད་བྱེད་མཁན་ཚོར་སེམས་ཁམས་ལ་ཕན་པ་ཙམ་མ་ཟད་ནད་འགོག་བྱེད་ནུས་(Immune system)ཡག་པོ་ཡོང་བཞིན་ཡོད་པ་དང་། ཞོགས་པར་གཉིད་ལས་སད་པ་དང་ཡར་ལངས་ཏེ་ཞོགས་ཇ་ཟས་ནས་ལས་ཀར་འགྲོ་མཁན་དང་། ཞོགས་པར་གཉིད་ལས་སད་རྗེས་འཁྲིག་སྤྱོད་བྱེད་མཁན་ཚོའི་བདེ་ཐང་ལ་བར་ཁྱད་ཆེན་པོ་ཡོད་སྐོར་བརྗོད་འདུག

བཞི། འཁྲིག་སྤྱོད་ཀྱིས་མིའི་རུས་པར་ངར་ཤུགས་ཡོང་བ་མ་ཟད་རུས་ནད་སྔོན་འགོག་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། བུད་མེད་ཚོར་ཟླ་མཚན་བབས་རྗེས་ལུས་ཟུང་ཉམ་ཐག་ཆགས་པ་དང་སྐུལ་རྒྱུ་ཇེ་ཉུང་དུ་སོང་སྟེ་རུས་ནད་རིགས་བྱུང་བར་འཁྲིག་སྤྱོད་ཀྱིས་སྲུང་སྐྱོབ་ཆེན་པོ་ཡོང་གི་ཡོད་པ་དང་། ལྷག་པར་དུ་འཁྲིག་སྤྱོད་སྐབས་དང་འཁྲིག་སྤྱོད་རྗེས་སུ་མོ་གཤིས་སྐུལ་རྒྱུ་(Oestrogen)དང་ཕོ་གཤིས་སྐུལ་རྒྱུའི་(Testosterone)ནུས་ཚད་འཕར་ཏེ། སྐྱེས་པ་དང་བུད་མེད་གཉིས་ཀྱི་རུས་སོབ་ནད་(Osteoporosis)ལས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། སྐུལ་རྒྱུ་ནི་མིའི་གཟུགས་པོའི་བྱེད་ནུས་གལ་ཆེན་ཞིག་ཡིན་པ་དང་རྫས་ཏེ་མིའི་ཁྲག་རྒྱུན་བརྒྱུད་གཟུགས་པོར་ཁྱབ་སྟེ་གཟུགས་པོར་ངར་ཤུགས་སྤྲོད་པའི་ཟག་རྫས་རིགས་ཤིག་ཡིན་པ་རེད།

ལྔ། རྒྱུན་ལྡན་འཁྲིག་སྤྱོད་བྱེད་བཞིན་ཡོད་པའི་སྐྱེས་པ་ཚོར་གཅིན་ལྒང་གི་ཁ་རྒྱུད་དུ་གནས་པའི་སྐྱེས་འཕེལ་མ་ལག་གི་རྨེན་བུར་སྐྲན་ནད་ཡོང་རྒྱུའི་ཉེན་ཁ་ཧ་ཅང་ཆུང་བ་དང་། དབྱིན་ཇིའི་ནཱོ་ཊན་གྷམ(Nottingham University)གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་སྡེ་ཚན་གྱིས་སྐྱེས་པ་ལོ་ན་ ༥༠ ཡན་ཟིན་པ་ཚོར་སྐྲན་ནད་དེ་བྱུང་བའི་ཉེན་ཁ་ཆེན་པོ་ཡོད་ན་ཡང་། འཁྲིག་སྤྱོད་ཀྱིས་གཅིན་ལྒང་གི་སྐྱེས་འཕེལ་མ་ལག་གི་སྐྲན་ནད་ཉེན་ཁ་སྔོན་འགོག་ཐུབ་པ་མ་ཟད། འཁྲིག་སྤྱོད་ཀྱིས་གཅིན་ལྒང་གི་སྐྱེས་འཕེལ་འབུ་ཕྲ་དག་གཙང་བཟོ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་ཉམས་ཞིབ་སྡེ་ཚན་མང་པོ་ཞིག་གིས་ཞིབ་འཇུག་གྲུབ་དོན་ཁྲོད་འཁྲིག་སྤྱོད་མི་བྱེད་མཁན་དང་གྲྭ་པ་ཚོར་སྐྲན་ནད་དེ་བྱུང་བའི་ཉེན་ཁ་ཆེན་པོ་ཡོད་སྐོར་སོགས་བརྗོད་ཡོད་འདུག

དྲུག འཁྲིག་སྤྱོད་ནི་རང་བྱུང་གི་ལུས་རྩལ་གལ་ཆེན་ཞིག་ཡིན་པ་དང་འཁྲིག་སྤྱོད་ཀྱིས་མཚན་མོ་གཉིད་མི་ཁུག་པ་དང་། ཡང་ན་གཉིད་མི་ཁུག་པའི་ནད་(Insomnia)ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཉམས་ཞིབ་པ་ཚོས་འཁྲིག་སྤྱོད་ཀྱི་བདེ་བར་རོལ་རྗེས་སྐྱེས་པ་དང་བུད་མེད་གཉིས་ཀའི་མཐར་ཐུག་གི་ཚོར་བདེ་(orgasm)ལྷོད་ཀྱི་ཡོད་པ་དང་། དེ་ཡིས་སྐུལ་རྒྱུ་གཟུགས་པོའི་མ་ལག་ཁག་བརྒྱུད་ནས་ལུས་ཁམས་ཡོང་ལ་ཁྱབ་སྟེ་ངལ་གསོའི་བདེ་སྣང་དང་གཉིད་ཡག་པོ་ཡོང་བར་ཕན་ཐོགས་ཡོད་སྐོར་བརྗོད་ཡོད་པ་དང་། སྤྱིར་ན་འཁྲིག་སྤྱོད་བྱས་རྗེས་ཚང་མར་ཚོར་བ་བདེ་སྣང་གི་རྐྱེན་གྱིས་གློ་བུར་གཉིད་ཁུག་པ་དང་གཉིད་འདོད་པའི་ཚོར་སྣང་གཅིག་གྱུར་དུ་བྱུང་གི་ཡོད་པས། འཁྲིག་སྤྱོད་ནི་ལུས་སེམས་གཉིས་ཀྱི་རང་བྱུང་གི་ལུས་རྩལ་གལ་ཆེན་ཞིག་ཡིན་འདུག

བདུན། སེམས་ཁམས་རིག་པའི་ཞིབ་འཇུག་པ་ཚོས་རྒྱུན་ལྡན་འཁྲིག་སྤྱོད་ལ་རོལ་མཁན་ཚོ་ནི་ནམ་རྒྱུན་འཁྲིག་སྤྱོད་མི་བྱེད་མཁན་དང་། ཡང་ན་འཁྲིག་སྤྱོད་གལ་ཆེན་པོ་མི་བརྩི་བར་སྟབས་བདེ་དང་ཡུན་ཐུང་ངང་བྱེད་མཁན་ཚོ་ལས་ཉོབ་སྣང་གི་སེམས་ཁམས་དང་། སེམས་ཁམས་མི་བདེ་བའི་ནད་སོགས་བྱུང་ཚད་ཉུང་ཉུང་ཡིན་པ་དང་། བརྟག་དཔྱད་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན་འཁྲིག་སྤྱོད་ལ་དོ་སྣང་མེད་མཁན་མང་པོ་ཞིག་གཅིག་པུ་དང་ཁེར་རྐྱང་ལ་འདུག་བསམ་པའི་ཚོར་སྣང་དང་། མི་ཚོགས་འདུ་ས་སོགས་སུ་སྐད་ཆ་བཤད་མི་བསམ་པ་སོགས་ཀྱི་ཉོབ་སྣང་གི་ནད་བྱུང་གི་ཡོད་ཀྱང་། འཁྲིག་སྤྱོད་སྐབས་ཕན་ཚུན་འཁྱུད་པ་དང་འཐམ་པ་སོགས་ཀྱིས་གཟུགས་པོའི་སྐུལ་རྒྱུ་ཁཱོར་ཊེ་སོལ་(cortisol)ཞེས་པ་ཉུང་དུ་གཏོང་གི་ཡོད་པ་དང་། སྐུལ་རྒྱུ་དེ་ནི་མིའི་གཟུགས་པོའི་ཉོབ་སྣང་སྐྱེད་བྱེད་ཀྱི་ནུས་རྒྱུ་ཆེན་པོ་ཞིག་ཡིན་འདུག

བརྒྱད། འཁྲིག་སྤྱོད་ཀྱིས་ཁྲག་ཤེད་མཐོ་བོ་ཆགས་པའི་ནད་གཞིར་ཕན་ཐོགས་ཆེན་པོ་ཡོད་པ་དང་། སི་ཀོ་ཊིའི་འཁྲིག་སྤྱོད་ཚན་རིག་པ་ཞིག་གིས་འཁྲིག་སྤྱོད་དུས་ལྟར་ཡག་པོ་བྱེད་མཁན་ཚོར་ཁྲག་ཤེད་མཐོ་བོ་དང་ཁྲག་ནད་རིགས་ལ་ཁ་གཏད་གཅོག་ཐུབ་པའི་གཟུགས་པོའི་ནུས་ཤུགས་དང་སྐུལ་རྒྱུ་ཡག་པོ་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་བྷ་རེ་གྷམ་ཡོན(Brigham Young ­University)གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཞིག་གིས་ཁྲག་ཤེད་མཐོ་བའི་སྙིང་ནད་རིགས་འཁྲིག་སྤྱོད་ཀྱིས་ཞི་འཇགས་ཡོང་ཐུབ་པ་དང་། དེ་བཞིན་ཨ་རིའི་ཁཱལ་ལེ་ཧྥ་ནེ་ཡ་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་རྗོ་སི་ཧྥེ(Joseph J Pinzone)ཡིས་འཁྲིག་སྤྱོད་ཀྱིས་མིའི་སྙིང་ཁམས་འཕར་ལྡིང་གི་ཚད་གཞི་མཐོ་རུ་ཕྱིན་ཏེ་སྙིང་གི་བྱེད་ནུས་ཡག་རུ་གཏོང་ཐུབ་པ་དང་། བུད་མེད་གཅིག་གིས་བདུན་གཅིག་གི་ནང་ཚོར་བདེ་ཐེངས་གཉིས་ལ་མྱོང་ཐུབ་ན་སྙིང་རྩ་འགག་པའི་ཉེན་ཁ་བརྒྱ་ཆ་ ༣༠ ཇེ་ཉུང་དུ་འགྲོ་བར་བཤད།

དགུ། འཁྲིག་སྤྱོད་ཀྱིས་གཟུགས་པོའི་ནང་ལོག་གི་བདེ་ཐང་ལ་ཕན་པ་ཙམ་མ་ཟད། འཁྲིག་སྤྱོད་ཚད་ལྡན་དང་འཁྲིག་བདེ་ཡག་པོ་བྱུང་མཁན་ཚོར་རང་བཞིན་གྱིས་ལས་གཉེར་ཁྲོད་སྤོབས་པ་དང་གདེང་ཚོད་ཡོང་གི་ཡོད་པ་དང་། ཨ་རིའི་ཊེག་ས་(Texas)གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་གྱིས་འཁྲིག་སྤྱོད་ཀྱིས་མིའི་རང་མཐོང་དང་རང་ཉིད་ལ་བརྩི་བཀུར་གྱི་བསམ་བློ་སྐྲུན་ཐུབ་པ་མ་ཟད། འཁྲིག་བདེ་ཡག་པོ་མྱོང་ཐུབ་མཁན་ཚོར་རང་བཞིན་གྱིས་རང་ཉིད་ལ་ཡིད་ཆེས་ཡོང་གི་ཡོད་པ་དང་། ཕྱོགས་གཅིག་ནས་འཁྲིག་སྤྱོད་ཀྱིས་ཕྱིའི་མདོག་དང་ངོ་གདོང་སོགས་གཙང་མ་ཆགས་པ་མ་ཟད། འཁྲིག་སྤྱོད་ཀྱིས་ལུས་ཕུང་གི་འབུ་ཕྲ་དང་མི་གཙང་བ་མང་པོ་ཞིག་མེད་པ་བཟོ་ཐུབ་པས། ཤ་འཇམ་པོ་དང་གཉེར་མ་ཇེ་ཉུང་དུ་འགྲོ་ཐུབ་པ་སོགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་འདུག

བཅུ། འཁྲིག་སྤྱོད་ཀྱིས་མིའི་གཟུགས་པོའི་ཚིལ་ཞག་དང་ལྗིད་ཚད་ཉུང་དུ་གཏོང་ཐུབ་པ་དང་། ནམ་རྒྱུན་མི་ཚོས་ཤ་རྒྱགས་པ་དང་གཟུགས་པོའི་ཚིལ་ཞག་ཇེ་ཉུང་དུ་གཏོང་ཆེད་རྐང་ཐང་ལ་འགྲོ་བ་དང་། ལུས་རྩལ་སྣ་ཚོགས་རྩེས་ནས་ལྗིད་ཚད་ཇེ་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། གནད་དོན་དེའི་ཐད་ཨ་རིའི་འཁྲིག་སྤྱོད་བདེ་ཐང་ཆེད་མཁས་བ་སྨན་པ་ཨ་མེ་ཝལ་ཆི་ལིར(Dr. Amy Wechsler)གྱིས་འཁྲིག་སྤྱོད་ཐེངས་གཅིག་ལ་སྐྱེས་པའི་ལུས་ཕུང་གི་ཁེ་ལོ་རེ་(calories)བརྒྱ་ཆ་ ༡༠༠ དང་བུད་མེད་ཀྱི་ཁེ་ལོ་རེ་བརྒྱ་ཆ་ ༦༩ ལྷག་མེད་པ་གཏོང་གི་ཡོད་པ་དང་། དེ་ནི་མི་ཞིག་གིས་ལུས་རྩལ་ཤུགས་ཆེན་པོ་རྩེས་ཏེ་ཁེ་ལོ་རེ་མེད་པ་གཏོང་བའི་ཚད་གཞི་དང་གཅིག་པ་ཡིན་སྐོར་བརྗོད་ཡོད་པ་དང་། ཁེ་ལོ་རེ་ནི་མིའི་ལུས་ཕུང་གི་ནུས་པ་སྐྱེད་བྱེད་ཀྱི་ཚ་དྲོད་ལ་ཟེར་གྱི་ཡོད་པ་དང་། བོད་ཡིག་ནང་ཁེ་ལོ་རེ་ལ་ནུས་པའི་གཞི་རྩ་ཞེས་བྲིས་ཡོད་པ་རེད།

བཅུ་གཅིག བུད་མེད་ཕལ་ཆེ་བར་ཟླ་མཚན་འབབ་སྐབས་ཟུག་གཟེར་དང་ན་བ་ཚ་བ་སོགས་ཡོང་གི་ཡོད་པ་དང་། ཨ་རིའི་བུད་མེད་འཕྲོད་བསྟེན་ཚན་ཁག་གི་ཞིབ་འཇུག་པ་ཚོས་བུད་མེད་ཚོར་ཟླ་མཚན་འབབ་སྐབས་འཁྲིག་སྤྱོད་ཀྱིས་ཟླ་མཚན་གྱི་ན་ཟུག་གཅོག་ཐུབ་མིན་དང་ཕན་ཐོགས་ཡོད་མེད་སྐོར་ལ་བརྟག་དཔྱད་བྱེད་སྐབས།  བུད་མེད་ཕལ་ཆེ་བས་ཟླ་མཚན་འབབ་གྲབས་ཡོད་སྐབས་འཁྲིག་སྤྱོད་བྱས་ན་ན་ཟུག་མི་ཡོང་བར་ཕན་ཐོགས་ཡོད་སྐོར་བརྗོད་ཡོད་ཀྱང་། བུད་མེད་ཚང་མར་འཁྲིག་སྤྱོད་ཀྱིས་ཕན་པ་ཡོད་པའི་ངེས་པ་མེད་པ་རེད། སྤྱིར་འཁྲིག་སྤྱོད་ཀྱིས་དྷེ་པཱ་མཱན(dopamine)ཞེས་པའི་མིའི་རྩ་ཁམས་ལ་བྱེད་ནུས་བསྐྲུན་ཏེ་སྐུལ་རྫས་མང་པོ་ཞིག་ལུས་ཁམས་སུ་ཁྱབ་ཀྱི་ཡོད་པ་དང་། ཀླད་པའི་རྩ་ཁམས་ནི་དེ་ཡི་བྱེད་ནུས་གལ་ཆེན་འདོན་ས་ཞིག་ཡིན་པས་ཀླད་པའི་རྩ་ཁམས་བརྒྱུད་རྩ་ཕྲན་གཞན་ལ་ཁྱབ་བཞིན་ཡོད་པ་དང་། བྱེད་ནུས་དེ་ཡིས་ན་ཟུག་སོགས་འགོག་ཐུབ་པར་ཕན་ནུས་ཆེན་པོ་ཡོད་འདུག

སངས་རྒྱས་དཀོན་མཆོག་གིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 11

  1. སྐལ་བཟང says:
    ལོ་ 6 སྔོན།

    འདིས་བོད་པའི་སྤྱི་ཚོགས་ལ་ཡར་རྒྱས་ཡོང་གི་ཡོད་པའི་རྣམ་པ་མཐོང་གི
    སོང་ཙང་ཞེ་གི་བཟང་གི
    བོད་ཡིག་ཀློག་མཁན་མང་པོ་དགོས་པ་རེད། བཟང་མི་བཟང་རྩོམ་ཡིག་ཀློག་གྲངས་ལ་ལྟོས་ན་ཤེས།

    Reply
  2. བསོད་ནམས་སྨྱོན་པ་ says:
    ལོ་ 6 སྔོན།

    བོད་ཀྱི་དུས་བབས་བྱེད་ལུགས་ནི་ཁོ་རང་ཚོའི་་ལྟ་བ་མཐུན་པ་ཆགས་སྲེགས་ཀྱི་སླད་པའི་དཔྱད་རྩོམ་དག་རང་སོར་འཇོག་པ་མ་གཏོག་དེ་ལ་འགལ་བ་བརྗོད་མཁན་དག་གི་དཔྱད་རྩོམ་་རྣམས་ནག་བསུབ་བཏང་བ་ནི་དམངས་གཙོས་བལྟ་བ་དང་ཡོངས་སུ་འགལ་ལོ།
    ང་ཚོས་བློ་འཚབས་བྱ་ཡུལ་ནི་བོད་མི་སྤྱི་ཚོགས་འདི་འཕགས་པའི་དགེ་འདུན་དང་བཙུན་མ་ཤིན་ཏུ་རྒྱ་ཆེ་བ་ལ་བསམ་ནས་ཡིན།
    དེ་མིན་ང་རྒྱལ་གཞན་ཕམ་གྱི་དགོས་པ་མེད་དོ།

    Reply
  3. ABHARU JIGWANG says:
    ལོ་ 6 སྔོན།

    ༄༅། འདོད་པའི་མི་ལ་དོད་པ་སྦྱིན་པ་དེ། དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོང།
    མཐོ་དམན་བར་དང་རྒན་གཞོན་ཆུང་གསུམ་ལ། འདོད་པ་མེད་པའི་ཕོ་མོ་ཡོང་མི་སྲིད།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ།
    རིག་པ་མཐའ་མེད་རྒྱ་མཚོའི་གཏིང་མཐའ་འདྲ།
    འཁྲིག་སྤྱོད་ཡོན་ཏན་རང་རང་འདོད་རྩལ་ལ།
    འགན་འཁུར་ཐུབ་ན་བཟའ་ཚང་བདེ་སྐྱིད་བསྐྲུན།

    Reply
  5. བསོད་ནམས་སྨྱོན་པ་ says:
    ལོ་ 6 སྔོན།

    ཡ་ཁྱེད་དེ་བྱེད་ན་བྱ་ལུགས་ངེས་དང་ཤེས་ཏེ་ངོ་དེབ་བརྒྱུད་བོད་རིགས་ཡོངས་ལ་བོད་ཀྱི་དུས་བབས་བྱེད་ལུགས་དེ་ཡོངས་གྲགས་གསལ་བཤད་ཞུ་རྒྱུ་ཡིན།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    འདོད་པའི་མི་ལ་འདོད་པ་བཤད་པ་འདི།
    དགེ་སྡིག་གང་ཡིན་སོ་སོའི་དཔྱད་ན་ཤེས།
    འཇིག་རྟེན་ཁམས་ཀྱི་མངལ་སྐྱེས་མ་ལུས་པ།
    ཕོ་མོ་འབྲེལ་བའི་འདོད་ཆགས་རྒྱུད་ནས་སྐྱེས།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    བྱ་ལས་ག་འདྲ་ཞིག་ཡིན་ཀྱང་ཕན་གནོད་མེད་པ་
    གཅིག་ཀྱང་མེད་པ་ནས་ཨ་མདོ་དགེ་འདུན་ཆོས་
    འཕེལ་གྱི་གསུང་ལས་བཏུས་པ།
    འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ།
    དགེ་བ་མེད་ན་སྡིག་པ་གང་ནས་ག་ནས་ཡོད།
    སྐལ་བ་སྟོང་གི་བྱང་ཆུབ་སེམས་པ་རྣམས།
    ཕོ་མོ་སྦྲེལ་བའི་འདོད་པའི་འདམས་་ལས་འཁྲུངས།

    Reply
  8. Lhatse says:
    ལོ་ 6 སྔོན།

    རེད། སྤྱིར་བཏང་འཁྲིག་སྤྱོད་སྐོར་བཤད་ན་བདེ་མོ་ཞིག་མེད་ཀྱང་། གནས་ཚུས་འདིས་བཟའ་ཟླ་ཕན་ཚུན་དབར་གྱི་འབྲེལ་བ་ཡག་པོ་ཡོང་གི་ཡོད་པ་དངོས་བདེན་མིན་གྲོ བཟའ་ཟླ་གཉིས་ཀྱི་དབར་གྱི་འབྲེལ་བ་ཡག་པོ་འབྱུང་ན་ནང་མི་ཆམ་པོ་ཡོང་གི་རེད། ཡིན་ཡང་བཟའ་ཟླ་ཕན་ཚུན་བསམ་ཤེས་ཡག་པོ་དགོས། ཁ་ཤས་ཀྱིས། འོ་ཙི་འདི་ཙོོག་པ་རེད་བྱས་མི་རུང་། ཡང་ན་འདི་ཆོས་དང་འགལ་འགྲོ་བ་རེད་ཟེར་བཟའ་ཟླ་ཕན་ཚུན་དབར་གྱི་བར་ཐག་རིང་པོ་ཞིག་འཇོག་ན། དེས་བཟའ་ཟླ་སུ་རུང་ལ་འདོད་པ་མི་ཚིམ་པའི་རྐྱེན་གྱིས་མི་གཞན་དང་མཉམ་དུ་ལུས་འབྲེལ་བྱ་དགོས་ཐུག་གི་ཡོད་པ་དེབ་མང་པོའི་ནང་གསལ་གྱི་འདུག བཟའ་ཟླ་ཕན་ཚུན་གྱི་འབྲེལ་བ་ཡག་པོ་འབྱུང་ན་དེ་ཡག་པོ་ཡིན་ནམ། ཡང་ན་བཟའ་ཟླ་ཕན་ཚུན་དབར་གྱི་འབྲེལ་བ་ཡག་པོ་མ་བྱུང་ནས་མི་གཞན་གྱི་བུད་མེད་དམ་ཁྱོ་གང་རུང་དང་འབྲེལ་བ་བྱས་འདོད་པ་དེ་ཡག་པ་ཡིན་ནམ། འདི་བསམ་བློ་གཏང་དགོས་ཡས་ཞིག་མི་འདུག་གམ།

    Reply
  9. ཤམ་བྷ་ལ། says:
    ལོ་ 6 སྔོན།

    འཁྲིགས་སྤྱོད་མི་འདོས་པ་སེམས་ཅན་ཡིན་ཕྱིན་སུ་་ཡང་མེད། འོན་ཏང་ཐབས་ལམ་བཟང་པོ་ངང་ནས་འཁྲིགས་སྤྱོད་སྤང་ཐུབ་ན་གང་ཟག་དེ་ཚེ་འདིར་ལུས་ཁམས་རྒྱས་ལ། ཆོས་ལུགས་རྒྱ་འབྲས་ལ་ཁས་ལེན་་ཚོས་། དེ་ནི་བསམ་གཏན་རྩེ་གཅིག་ལ་འཇོག་ཐུབ་པའི་ནུས་པ་དང་། བསམ་གཏན་ལ་མཉམ་པར་འཇོག་ཐུབ་ན་་ཤེས་རབ་འཕེལ་བའི་རྟེན་བཟང་དང་། དེ་ནས་ཉོན་མོངས་འཇོམ་པར་བྱེད་པའི་གཉེན་པོ་ཡིན་མངོན་སུམ་ཚད་མས་གྲུབ་བོ། འཁྲིགས་སྤྱོད་གཅིག་ལོངས་སུ་སྤྱོད་ཚར་ནས་དེ་ནས་ཡིད་ཚིམས་པ་མེད་པ་མ་ཟད་ཉོན་མོངས་ཀུན་འཕེལ་བྱེད་ཀྱི་རྩ་བ་ཡང་ཡིན་ནོ། རས་གཞི་རློན་པ་ས་ལ་དྲུད་ན་གད་སྙིགས་ཐམས་ཅད་འབྱར་བ་ལྟ་བུ་ཡིན་ནོ། །

    Reply
  10. kalsang dawa says:
    ལོ་ 6 སྔོན།

    ༄།བྱ་བ་གང་ཞིག་ཡིན་ཡང་ཕན་གནོད་གཉིས་ཀ་ཡོད་པ་བཞིན་ཕོ་མོ་འཁྲིག་སྤྱོད་ལ་བརྟེན་ནས་གནོད་སྐྱོན་གང་ཡོད་པ་ཡང་བཤད་ཐུབ་ན་བཟང་སྙམ།དཔེར་ན་ཉེས་ཁ་ཅན་གྱི་འགོས་ནད་ཨེ་ཙི་ཁྱབ་པ།ཟུར་བརྟེན་ཆུང་མ་དང་སྐྱེས་པ་ཉར་བ་སོགས་ཀྱི་བཟའ་ཚང་ཁ་བྲལ་འགྲོ་བ་དང་བྱིས་པས་སེམས་ཁམས་དང་མདུན་ལམ་ལ་སྐྱོན་ཆེན་པོ་བཟོ་བ།ལུས་ཀྱི་བཅུད་ཉམས་པ།དཀའ་ལས་རྒྱབ་པའི་དངུལ་ཡང་ཤོར་བ།་སྤྱི་ཚོགས་ནང་ཕྲག་དོག་དང་ཞེན་སྡང་དམིགས་སེལ་་མང་ཆེ་བ་ཕོ་མོའི་དབར་གྱི་ཆགས་སེམས་དང་འཁྲིག་པའི་ཐོག་ནས་ཡོང་གི་ཡོད་པ་ཡང་དངོས་ཡོད་ཡིན་པས་ངེས་པ་དུ་ཤེས་དགོས་།

    Reply
    • བསོད་ནམས་སྨྱོན་པ་ says:
      ལོ་ 6 སྔོན།

      འཁྲུལ་སྣང་འཁྲིད་སྤྱོད་ཞན་སྐྱོན་བཅུ་གཉིས་མ།
      ༡)དུག་གསུམ་ཐོག་མ་ཆགས་པ་ཡིན།
      ༢)སྲིད་པས་སྒོ་འབྱེད་ཆགས་པས་བྱས།
      ༣)འཁོར་བ་ཐར་མེད་ཆགས་པས་ལན།
      ༤)ཆགས་པར་དགའ་རུང་བཟུང་བཅུད་འཕྲོག།
      ༥)བཟུང་བཅུད་འཕྲོག་པས་་མིག་རྩ་ཉམ།
      ༦)འཁྲིག་སྤྱོདྲབཟི་ན་དགོན་ནས་བུད།
      ༧)དགོན་དུ་མི་གནས་ཚུལ་ཁྲིམས་ཉམ།
      ༨)ཚུལ་ཁྲིམས་ཉམ་པས་དམ་ཉམ་ཆགས།
      ༩)དམ་ཉམ་སྐྱེབུ་བསྟན་པའི་རྐངྲའདྲེན་།
      ༡༠)ངོ་ཚ་ཁྲེལ་མེད་ཆགས་པས་བཟི།
      ༡༡)བཟི་བས་མ་ཚད་ཡིད་་ལག་ཤོར།
      ༡༢)ཡིད་ལག་ཤོར་བས་བཙོག་གཏམ་ས་སྟེང་ཁྱྱབོ་།
      སྐྱེ་མ་ངོ་ཚ་སྨིན་པ་ཡ་རབ་སྤྱོད་བཟང་གི་སྤྱི་ཚོགས་འདིར་གུ་ཡངས་དང་ཚན་རིག་མྱོང་བ་ཆེ་ཁུལ་གྱི་འཁྲུལ་སྣང་གི་འཆལ་གཏམ་འདི་འདྲ་བོ་སྤེལ་བ་བློ་ཕམ་ཆེ།་་ང་ཚོས་སྤྱི་ཚོགས་འདི་ནི་འཕགས་པས་དགེ་འདུན་དང་བཙུན་མ་བླ་མ་དམ་པ་སོགས་ཤིན་ཏུ་ནས་ཁྱབ་ཆེ།་་་་སྤྱིར་ནུབ་ཕྱོགས་སྤྱི་ཚོགས་གུ་ཡངས་དང་ཚན་རིག་གནས་ཚད་ཤིན་ཏུ་མཐོ་ནའང་འཁྲིག་སྤྱོད་བཙོག་གཏམ་འདི་འདྲ་བོ་ནི་བྱེད་བྲག་སྡེ་ཚན་ནང་ཁུལ་མ་གཏོག་ཡོངས་གྲགས་གསར་ཤོག་ཁག་ནང་མཐོང་རྒྱུ་ཤིན་ཏུ་ནས་དཀོན་ནོ།་་་་གྲུབ་ཐོབ་ཀུན་དགའ་ལེགས་པ་ལྟབུ་ཡིན་ན་མ་གཏོག་འཆལ་སྤྱོད་དམ་བཙོག་གཏམ་འདི་འདྲ་བླ་དམ་པ་རྣམས་་ཀྱིས་མ་གཟིགས་པ་ཤོག་།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese