མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་རྔམ་སྟོན་ཁྲོམ་སྐོར་བསྐྱར་དུ་སྤེལ་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱིའི་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་ཁག་དམ་དྲག་བྱས་ཏེ་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་སྐོར་རྒྱ་ནག་མི་མང་གིས་ཤེས་རྟོགས་མི་ཡོང་བར་ཐབས་ལམ་ཡོད་རྒུ་འདོན་གྱི་ཡོད་འདུགདེ་རིང་རྒྱལ་སྤྱིའི་ཨལ་རྗེ་ཛ་ར་(aljazeera)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྩིས་མེད་གཏོང་ཐབས་ཀྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་མགོ་འཁྲིད་པ་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་(Civil Human Rights Front)ཚོགས་གཙོ་ཇི་མི་ཤེམ་(Jimmy Sham)ལགས་སོགས་ཀྱིས། བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན་བསྐྱར་དུ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཡིན་པས་མི་མང་གང་མང་མང་འདུ་འཛོམས་ཡོང་བའི་འབོད་སྐུལ་གསལ་བསྒྲགས་གནང་འདུག

ལས་འགུལ་སྣེ་འཁྲིད་པ་ཇི་མི་ཤེམ་ལགས་ཀྱིས་གསར་འགོད་པར་གཟའ་ཉི་མའི་ཉིན་ང་ཚོས་བསྐྱར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འཆར་ཡོད་ལ། ང་ཚོས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྩིས་མེད་མ་གཏང་བར་དང་ཧོང་ཀོང་མི་མང་གི་ཆེད་དུ་གནད་དོན་ཐག་གཅོད་མ་བྱུང་བར་དུ་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན།  སྲིད་གཞུང་གིས་ང་ཚོར་ཡ་ལན་མ་བྱས་པ་དང་དྲག་སྤྱོད་རྩུབ་རྡུང་སྤེལ་བ་དེས་ང་ཚོ་དེ་བས་ཀྱང་བློ་སྤོབས་དང་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། མ་འོངས་པར་མུ་མཐུད་ཧོང་ཀོང་མི་མང་དེ་ལས་མང་བ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད། ཅེས་བརྗོད་འདུག

གསར་འགྱུར་བརྒྱུད་ལམ་ཁ་ཤས་ནང་ད་ལྟའི་ཆར་ཧོང་ཀོང་མི་མང་གི་རྔམ་སྟོན་ཁྲོམ་སྐོར་ཁྲོད་མི་གྲངས་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་།  མི་ཁ་ཤས་ཀྱི་མགོ་ལ་འགྱིག་མདེལ་གྱིས་བརྒྱབས་ཏེ་རྨས་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག ཡིན་ནའང་། ཧོང་ཀོང་ཉེན་རྟོག་ལས་ཁུངས་ཀྱིས་ད་ལྟའི་བར་ལས་འགུལ་ཁྲོད་མི་གྲངས་ ༧༩ ཙམ་ལ་མ་གཏོགས་རྨས་སྐྱོན་བྱུང་མེད་སྐོར་བརྗོད་འདུག་ལ།  གྲོང་ཁྱེར་སྨན་ཁང་གིས་རྨས་སྐྱོན་བྱུང་བའི་ཁྲོད་མི་མང་དང་ཉེན་རྟོག་པ་གཉིས་ཀ་ཡོད་སྐོར་བརྗོད་འདུག

ཧོང་ཀོང་ནང་རྔམ་སྟོན་ཁྲོམ་སྐོར་བྱུང་བ་ནས་རྒྱ་ནག་སྐམ་ས་ཆེན་མོའི་ནང་རྒྱ་ནག་གཞུང་གིས་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་། དོགས་གཞི་ཡོད་པའི་སྐད་འཕྲིན་དང་ཝེ་པོ་དྲ་རྒྱའི་མི་སྒེར་དྲ་ཁུངས་སོགས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ནང་ཐེངས་འདིའི་ལས་འགུལ་དང་དྲུག་བཞིའི་དོན་རྐྱེན་སོགས་ཀྱི་གནས་ཚུལ་ཡོངས་རྫོགས་བཀག་བསྡོམ་བྱས་ཏེ། རྒྱ་ནག་མི་མང་ཁྲོད་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཤེས་རྟོགས་མི་ཡོང་བའི་ཐབས་ལམ་ཡོད་རྒུ་འདོན་གྱི་ཡོད་པ་མ་ཟད། ཧོང་ཀོང་ནས་ཡིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་སློབ་གྲྭའི་ཉམས་ཞིབ་པ་རྒན་གྲས་ཤིག་ཧོང་ཀོང་ནང་དངོས་སུ་ཕྱིན་ཏེ། ཐེངས་འདིའི་ལས་འགུལ་གྱི་བྱུང་རྐྱེན་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ཐེངས་འདིའི་ལས་འགུལ་གྱིས་རྒྱ་ནག་སྐམ་ས་ཆེན་མོར་སིམ་འཛུལ་གྱིས་དམར་ཤོག་ཚོགས་པར་འཐོར་ཞིག་ལ་ཉེན་ཁ་ཡོད་སྐོར་བརྗོད་འདུག ཕྱི་ཚེས་ ༡༢ ཉིན་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཐད་འཐུས་མི་ ༧༠ ལས་གྲུབ་པའི་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ནས་བགྲོ་གླེང་ཐེངས་གཉིས་པ་དེ་འཚོག་གཏན་ཁེལ་ཡོད་ཀྱང་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན་ཕྱིར་འཐེན་བྱས་ཡོད་པ་ལྟར། དེ་རིང་ཁ་སང་གཉིས་ལ་མུ་མཐུད་ཕྱིར་འགྱངས་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཁྲིམས་འཆར་དེའི་ཐོག་ག་དུས་བགྲོ་གླེང་བྱེད་མིན་གྱི་དུས་ཚེས་གཏན་འཁེལ་གསལ་བསྒྲགས་རིགས་བྱས་མེད་པ་དང་། ཕྱི་ཚེས་ ༡༢ ཉིན་ཧོང་ཀོང་གི་ས་གནས་གསར་ཁང་ཞིག་གིས་ཧོང་ཀོང་སྤྱི་ཁྱབ་ལྕམ་ཀེ་རི་ལམ་(Carrie Lam)ལགས་དེའི་སྐོར་བཅར་འདྲི་བྱེད་སྐབས། ལྕམ་ཀེ་རི་ལམ་ལགས་ཀྱིས་ང་རང་ཧོང་ཀོང་མི་མང་མཉམ་དུ་གནས་འདིར་འཚར་ལོངས་བྱུང་བ་དང་། ང་རང་ཧོང་ཀོང་ལ་དགའ་བའི་རྐྱེན་གྱིས་མི་སྒེར་གྱི་ལས་གནད་དོན་མང་པོ་ཞིག་བློས་གཏོང་མང་པོ་ཞིག་བྱེད་དགོས་བྱུང་བ་དང་། ཧོང་ཀོང་གཞུང་གིས་མི་མང་ལ་ཁེ་ཕན་མེད་པའི་ཁྲིམས་གཞི་ཞིག་ལག་བསྟར་བྱ་མི་སྲིད་ལ། ང་རང་གིས་ཧོང་ཀོང་གཞུང་གིས་དུས་རྒྱུན་མི་མང་གི་འདོད་མོས་དང་མཐུན་པའི་ལས་དོན་གཉེར་གྱི་ཡོད་བསམ་ཡོད། ཅེས་བརྗོད་འདུག

དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ནང་སྐུ་ཞབས་ཊི་ཌ་ཁ་རུ་རྫ་(Ted Cruz)ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་དྷི་མཱར་ཁེ(Ed Markey)ལགས་གཉིས་ཀྱིས། ཕྱི་ལོ་ ༡༩༩༢ ལོར་ཨ་རིའི་ཧོང་ཀོང་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་།  རྒྱ་ནག་གཞུང་གིས་ཧོང་ཀོང་བེད་སྤྱོད་ལོག་པར་བཏང་ནས་ཨ་རིའི་ཁྲིམས་སྒྲིག་ཁག་དང་ཚོང་འབྲེལ་ཐད་གདལ་བཤིག་གཏོང་གི་ཡོད་མེད་ཐད་སྙན་ཐོ་འདོན་དགོས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་། དེ་བཞིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཁང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern)ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་དང་འབྲེལ། ང་ཚོས་གྲོས་ཚོགས་ནང་བསྐྱར་དུ་ཁྲིམས་འཆར་དེ་གླེང་སློང་བྱེད་དོན་ཧོང་ཀོང་གི་རང་དབང་དང་དམངས་གཙོ་འཇིགས་ཉེན་ཡོད་པའི་རྐྱེན་གྱིས་ཡིན་སྐོར་གསུངས་འདུག

ཁ་སང་རྒྱ་ནག་གི་དབྱིན་ཡུལ་གཞུང་ཚབ་པ་ལོའོ་ཞའོ་མེན་(Liu Xiaoming)ཟེར་བས། བྷི་བྷི་སི་གསར་ཁང་གི་བཅར་འདྲི་དྭང་ལེན་བྱེད་སྐབས་རྒྱ་ནག་གིས་དུས་ནམ་ཡང་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ལ་ཐེ་གཏོགས་དང་བཙན་སྐུལ་བྱས་མེད་པ་དང་། ཁྲིམས་འཆར་དེ་ཧོང་ཀོང་གི་གྲོས་ཚོགས་ནས་ཐག་གཅོད་བྱས་པ་ལས་དེའི་རྒྱབ་ན་རྒྱ་ནག་གཞུང་གི་བཀོད་འདོམས་གང་ཡང་མེད་སྐོར་བརྗོད་ཡོད་ཀྱང་། བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་ཁྲིམས་འཆར་གཏན་འབེབ་ཀྱི་རྒྱབ་ལོག་ན་རྒྱ་ནག་གཞུང་གིས་ཐེ་གཏོགས་ཡོད་པ་དང་། ཐེ་གཏོགས་དེ་ཧོང་ཀོང་གི་རྒྱ་ནག་དང་ལྟ་བ་མི་མཐུན་པའི་ཆབ་སྲིད་པ་དང་ཁྲིམས་རྩོད་པ། གསར་འགོད་པ་སོགས་ལ་ཆེད་དམིགས་ཀྱིས་བཟོ་ཡི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese