རྒྱ་གར་གྱི་དྭ་ཕྲུག་ཚོར་རོགས་རམ་མཉམ་ལས་བྱེད་འདོད་ཡོད་ཁུལ་བརྗོད་དེ་བོད་ཀྱི་དགེ་འདུན་པ་ཞིག་གི་ལག་ནས་ཧིན་སྒོར་བྱེ་བ་ ༡.༩༧ ཡས་མས་གཡོ་ལེན་བྱས་ཡོད་འདུགདེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དགོན་པའི་ཚན་རིག་དང་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ལས་གཉེར་གནང་བཞིན་པའི་དགེ་འདུན་པ་ཞིག་ལ། ངོ་དེབ་ཀྱི་མིང་རོ་ལན་ཌི་མེ་ཁལ(Roland Michael)ཟེར་བའི་ཨ་རི་ནས་ཡིན་ལུགས་ཀྱི་བུད་མེད་ཅིག་དང་། མིང་ལ་ཝེ་ལམ་རྗོན་སན(William Johnson)ཟེར་མཁན་སྐྱེས་པ་ཞིག་གིས། རྒྱ་གར་ནང་དྭ་ཕྲུག་ལ་རོགས་སྐྱོར་གྱི་ལས་ཀར་མཉམ་འབྲེལ་བྱེད་འདོད་ཡོད་ཚུལ་བརྗོད་དེ། དགེ་འདུན་པ་དེའི་ལག་ནས་ཁྱོན་ཧིན་སྒོར་བྱེ་བ་ ༡.༩༧ ཡས་མས་གཡོ་ལེན་བྱས་རྗེས་གཏན་དུ་འབྲེལ་བ་བཅད་ཡོད་འདུག
འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཁོང་གི་འབྲེལ་ཡོད་ཅིག་ལ་གནས་ཚུལ་དེ་ག་འདྲ་བྱུང་ཡོད་མེད་དྲིས་པར། ད་ལྟའི་ཆར་རྒན་ལགས་ཁོང་ལ་འབྲེལ་བ་བྱས་ན་བདེ་བོ་མེད་པ་དང་སྤྱིར་གསར་ལམ་ཁག་ལ་གནས་ཚུལ་དེའི་སྐོར་བཤད་ཀྱི་མེད་ན་ཡང་། གནས་ཚུལ་དེ་རྒན་ལགས་ཀྱིས་ཉེན་རྟོག་པར་ཞུ་གཏུག་བྱས་རྗེས། ཉེན་རྟོག་པས་རྒྱ་གར་གྱི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་བྱུང་།
རྒྱ་གར་གསར་ལམ་གྱི་གནས་ཚུལ་དེའི་ནང་། དགེ་འདུན་པ་དེས་ཕྱི་ལོ་ ༢༠༡༧ ལོ་ནས་ངོ་དེབ་བེད་སྤྱོད་གཏོང་མགོ་བཙུགས་ཡོད་པ་དང་། ངོ་དེབ་སྒོ་ཕྱེ་ནས་ཟླ་བ་གཅིག་ཙམ་ལས་མ་སོང་བར་ཨ་རི་ནས་ཡིན་ཟེར་བའི་བུད་མེད་ཅིག་གིས་ཁོང་དང་འབྲེལ་བ་བྱས་ཏེ། མོའི་མིང་ལ་རོ་ལན་ཌི་མེ་ཁལ་ཡིན་པ་དང་ཨ་རིའི་མི་སེར་ཡིན་ལ། མོ་ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར་ཡོད་པ་དང་། ད་ལྟ་རྒྱ་གར་ནང་གི་དྭ་ཕྲུག་ཚོར་རོགས་པ་བྱེད་འདོད་ཡོད་སྐོར་སོགས་བརྗོད་ཡོད་པ་མ་ཟད། ཝ་ཚི་ཨབ(WhatsApp)བརྒྱུད་ནས་མོ་རང་དམག་མི་ཞིག་ཀྱང་ཡིན་ལུགས་བརྗོད་དེ་ངོ་སྤྲོད་དཔང་ཡིག་དང་པར་སོགས་སྤྲད་ཡོད་སྐོར་བྲིས་འདུག
དེའི་རྗེས་བུད་མེད་དེས་དགེ་འདུན་པ་དེའི་རོགས་རམ་འོག་མོ་རང་རྒྱ་གར་ནང་ཡོང་ནས་གནས་སྡོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། མོ་རང་ཨ་རི་ནས་མ་ཡོང་གོང་ལ་དྭ་ཕྲུག་གི་རོགས་སྐྱོར་ཆེད་ཧིན་སྒོར་བྱེ་བ་ ༡༧(ཨ་སྒོར་ས་ཡ་ ༢.༥) དགེ་འདུན་པ་དེར་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དགེ་འདུན་པ་དེས་ཀྱང་སྒོར་མོ་དེ་ལེན་རོགས་བྱ་རྒྱུ་དྭང་ལེན་བྱས་ཡོད་འདུག ཡིན་ནའང་། ཕྱིས་སུ་བུད་མེད་དེས་མོ་རང་རྒྱ་གར་ནང་མ་ཡོང་སྔོན་ལ་མོའི་གྲོགས་པོ་ཞིག་རྒྱ་གར་ནང་ཡོང་གི་ཡོད་པས། མོ་རང་མ་བསླེབ་བར་དུ་མི་དེས་རོགས་རམ་བྱ་རྒྱུ་ཡིན་སྐོར་བརྗོད་དེ། ཝེ་ལམ་རྗོན་སན་ཟེར་བའི་མི་ཞིག་ངོ་སྤྲོད་དང་འབྲེལ་ཁོའི་ཁ་པར་ཨང་གྲངས་སོགས་སྤྲད་ཡོད་འདུག
ཕྱིས་སུ་དགེ་འདུན་པ་དེས་སྐྱེས་པ་དེར་འབྲེལ་བ་བྱེད་སྐབས་ཁོས་ཡིན་མདོག་མདོག་གིས། ཁོ་རང་དེར་ཡོང་བར་སྒོ་ཁྲལ་(Custom clearance)དང་ཡོང་འབབ་ཁྲལ(Income tax)། དེ་བཞིན་ཉེན་རྟོག་པར་བདེན་དཔང་ར་སྤྲོད་དང་གནས་སྤོར་སོགས་དང་འབྲེལ་བའི་སྒོར་མོ་སྤྲོད་པར་སྔ་འདོན་དགོས་སྐོར་བརྗོད་དེ་དངུལ་བྱང་ཁག་ཅིག་སྤྲད་པ་ལྟར། དགེ་འདུན་པ་དེས་ཡིད་ཆེས་བྱས་ཏེ་ཁྱོན་ཧིན་སྒོར་བྱེ་བ་ ༡.༩༧ ཡས་མས་བསྐུར་རྗེས་གོ་མེད་ཚོར་མེད་དུ་གྱུར་བ་མ་ཟད། བུད་མེད་དེས་ངོ་དེབ་ནས་ཀྱང་འབྲེལ་བ་གཏན་དུ་བཅད་ཡོད་འདུག
ཡང་གསར་ཁང་གཞན་རེའི་ནང་བུད་མེད་དེས་དྭ་ཕྲུག་ཆེད་རོགས་དངུལ་བསྡུ་རུབ་བྱེད་བཞིན་ཡོད་ལུགས་བརྗོད་ཡོད་སྟབས། དགེ་འདུན་པ་དེས་རོགས་རམ་ཆེད་དངུལ་དེ་རྣམས་བསྐུར་ཡོད་པ་དང་། ད་དུང་བུད་མེད་དེས་མོས་རྒྱ་གར་ནང་བཏང་ཟིན་པའི་རོགས་དངུལ་ཨ་སྒོར་ས་ཡ་ ༢.༥ དེ་སྤྱོད་པར་ཧིན་སྒོར་བྱེ་བ་ ༡༧.༤༥ དགོས་སྐོར་བརྗོད་ཡོད་པ་དང་། དགེ་འདུན་པ་དེའི་ལག་ནས་ཁྱོན་ཧིན་སྒོར་བྱེ་བ་ ༡.༨༠ མ་ཟིན་ཞིག་གཡོ་ལེན་བྱས་ཡོད་པ་སོགས་བཀོད་འདུག་ལ། གཡོ་ལེན་བྱས་པའི་ཧིན་སྒོར་རྣམས་ནི་དགེ་འདུན་པ་ཁོ་རང་གིས་བསགས་པའི་ཧིན་སྒོར་འབུམ་ ༡༥ དང་དེ་མིན་རྣམས་དགེ་འདུན་པ་གཞན་ནས་གཡར་བ་ཡིན་སྐོར་བརྗོད་འདུག
ཉེན་རྟོག་ཁང་གིས་དགེ་འདུན་པ་དེའི་དངུལ་ཧ་ཅང་འབོར་ཆེན་པོ་ཡིན་པས་ཀར་ཝར་ཉེས་དོན་ཞིབ་དཔྱོད་ཁང་(Karwar criminal Investigation department )ལ་རྩིས་སྤྲོད་བྱས་ཡོད་པ་དང་། གནད་དོན་དེ་རྒྱུ་དངོས་འཕྲོག་བཅོམ་དང་། མྱོས་རྫས་ཁྲིམས་འགལ(CEN)རིགས་ཀྱི་ཉེས་ཁྲིམས་འོག་ཐོ་འགོད་བྱས་ཡོད་འདུག
འདི་གའི་གསར་འགོད་པས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་སུ། དེང་སང་མི་མང་པོ་ཞིག་ལ་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་གཞན་གྱིས་དངུལ་སོགས་གཡོ་ལེན་ཀྱི་གནས་ཚུལ་མང་པོ་བྱུང་བཞིན་པ་དེ་ག་འདྲ་ཡོང་གི་ཡོད་སྐོར་དྲིས་པར་ཁོང་གིས། སྤྱིར་དྲ་ལམ་བརྒྱུད་ནས་མི་ལ་མགོ་སྐོར་གཏོང་མཁན་གྱི་རིགས་དེ་སྔོན་ནས་མང་པོ་ཡོད་པ་དང་། སྔོན་ཆད་ཡིན་ན་གློག་འཕྲིན་བརྒྱུད་ངོ་མི་ཤེས་པའི་འབྲེལ་བ་བྱེད་མཁན་མང་པོ་ཡོད་ན་ཡང་། དེང་སང་གློག་འཕྲིན་རིགས་བེད་སྤྱོད་ཉུང་རུ་ཕྱིན་པ་དང་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་འབྲེལ་བ་བྱེད་བཞིན་ཡོད་པ་རེད། དེ་དག་གིས་དང་པོ་ངོ་དེབ་སོགས་སྤྱི་ཚོགས་དྲ་རྒྱ་ཁག་ནས་འབྲེལ་བ་བྱས་རྗེས་ཁྱོད་ཀྱིས་སྤྱི་ཚོགས་དྲ་ལམ་ལ་གནས་ཚུལ་ག་རེ་གཏོང་གི་ཡོད་པ་དང་། ཁྱོད་རང་ཆབ་སྲིད་སོགས་རིགས་གང་ཞིག་ལ་དགའ་མོས་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཅུང་ཙམ་ཤེས་རྗེས། དེ་དང་འབྲེལ་ནས་ཁྱོད་ལ་གནས་ཚུལ་དེའི་རིགས་གཏོང་བ་དང་ཁོ་རང་ཡང་ལས་དོན་དེ་དང་དགའ་བོ་ཡོད་ཚུལ་གྱི་རྣམ་པ་སྟོན་ཐབས་དང་། ཁྱོད་དང་ལས་ཀ་མཉམ་ལས་བྱེད་འདོད་ཡོད་པ་སོགས་འབྲེལ་བ་འཛུགས་གང་ཐུབ་དང་། ངོ་ཤེས་ཅུང་ཙམ་ཆགས་རྗེས་ཐབས་ཤེས་གཞན་བརྒྱུད་ནས་དངུལ་ལེན་ཐབས་བྱེད་བཞིན་ཡོད་པ་རེད། དངུལ་ལེན་ཐབས་སྐོར་ལ་མི་དེ་དག་གིས་ཁོ་ལ་དངུལ་འབོར་ཆེན་ཞིག་ཡོད་ན་ཡང་ད་ལྟའི་ཆར་ལེན་ཐུབ་གྱི་མེད་པས་དངུལ་གཡར་ཐུབ་མིན་དང་། ཁྱེད་རང་གིས་ཐེངས་འདིར་ང་ལ་རོགས་པ་བྱས་སོང་ན་རྗེས་མ་ཁོས་དེ་ལས་མང་པ་རོགས་པ་བྱེད་ཐུབ་སྐོར་སོགས་དངུལ་གྱི་ཐད་ནས་མང་པོ་བཤད་ནས་ཐབས་ཤེས་འདྲ་མིན་གྱིས་བསླུ་ཐབས་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།
དྲ་ལམ་བརྒྱུད་མགོ་སྐོར་བསླུ་ཐབས་བྱེད་མཁན་ཚོར་བརྟག་ཐབས་དང་བཀག་འགོག་བྱེད་ཐབས་ག་འདྲ་ཡོད་མེད་དྲིས་པར་ཁོང་གིས། མ་གཞི་སྤྱི་ཚོགས་བརྒྱུད་ལམ་ནས་འབྲེལ་བ་དེ་འདྲ་བྱེད་མཁན་རིགས་ལ་ཡིད་གཟབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ངོ་མི་ཤེས་པའི་མི་ཞིག་ལ་སྤྱིར་ན་དངུལ་གཏོང་རྒྱུ་མེད་པ་ཤེས་དགོས་ལ། ནམ་རྒྱུན་མི་ཞིག་གིས་ངོ་མི་ཤེས་པའི་མི་ཞིག་ལ་དངུལ་ཁྱོན་ནས་མི་སྤྲོད་པ་ལྟར་སྤྱི་ཚོགས་དྲ་ལམ་ནས་ངོ་མི་ཤེས་མཁན་ཞིག་ལ་དངུལ་སྤྲོད་རྒྱུ་ཡོད་པ་མ་རེད། སྤྱིར་ན་གཡོ་ཐབས་བྱེད་མཁན་རིགས་ཀྱིས་དྲ་གྲོགས་སྟོང་ཕྲག་མང་པོར་དེ་འདྲ་གཏོང་བཞིན་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཡ་ལན་བྱེད་མཁན་ཚོར་ཐབས་ཤེས་འདྲ་མིན་བརྒྱུད་དངུལ་གཡོ་ལེན་བྱེད་བཞིན་ཡོད་ཀྱང་། དྲ་རྒྱ་རང་གི་ལམ་ནས་དེ་དག་ལ་བཀག་འགོག་བྱེད་ཐབས་དམིགས་བསལ་གང་ཡང་ཡོད་པ་མ་རེད། གཙོ་བོ་རང་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་འབྲེལ་བ་བྱེད་མཁན་ཚོར་ཡིད་གཟབ་དགོས་རྒྱུ་དང་སོ་སོས་ངོ་མི་ཤེས་པ་ཞིག་ལ་སྤྱི་ཚོགས་དྲ་ལམ་ནས་འབྲེལ་བ་ཆེན་པོ་བཙུགས་ཏེ་དངུལ་སོགས་མ་གཏང་ན། ཁོ་ཚོར་དངུལ་ལས་དོན་དག་གཞན་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག
ཁོ་རང་རང་གི་དངུལ་འབངམ་༡༥! དངུལ་འབོར་ཆེན་པོ་དབ་འདྲ་ག་ནས་རག་པ་རེད། ཡིན་ན་ཡང། མགོ་བསྐོར་འོག་ཚུད་པ་དེ་ཁོ་རང་གི་ལས་རེད།་། ལལ་མ་བྱལ་པ་དང་མི་འཕྲད་པ་ཡིན།
༄༅། གཅིག་ནས་དཔེ་མི་སྲིད་པའི་ལྐུགས་པ་རེད།
གཉིས་ནས་སྙིགས་དུས་སུ་རང་ཉིད་ཁོ་ནའི་ཆེད་
ཕ་རོལ་པོར་མགོ་བསྐོར་གཏོང་མཁན་ཤ་སྟག་རེད།
གསུམ་ནས་ཤེས་ཡོན་མེད། ལས་ཀ་མེད་།
བྲོད་པའི་ཆེད་དུ་མི་ཡང་བསད་ནས་རྒྱུ་ཡང་འཕྲོག་གི་ཡོད་པ་མང་པོ་རེད།
ཉིན་ལྟར་འཛམ་གླིང་གི་གསར་འགྱུར་ཁག་ནས་ཤེས་ཀྱི་རེད།
རྐུ་མ་དང་ཇག་པ་རྐྱང་རྐྱང་རེད། སུ་ལ་ཡང་བློ་མ་བཅོལ་ཀླད་སྟོང་ཚེ།
བཞི་ནས། ལྔ་ནས། དྲུག་ནས།
སྔ་མོ་བོད་ཀྱི་གཏམ་དཔེ་ལ།
སེར་སྣ་ཅན་གྱི་བསགས་པ་དེ།
དགྲ་འདྲེ་གཉིས་ཀྱི་ཁ་ལ་ཤོར།
ཟེར་ཡང་ཟེར་ལ་བདེན་ཡང་བདེན།
བདེན་གཏམ་ངོ་མ་འདི་རུ་བཤད་ཡོད་དོ།
ཉན་དང་མི་ཉན་རང་རང་སོ་སོ་རེད།
གང་ལྟར་མི་ངོ་མ་ངོ་མི་ཤེསནཡུན་ཕྱིན་་བརྫུན་མ་རེད། མ་ཟད་འདྲ་པར་ཡོད་པ་དེས་གང་ཟག་གཉིས་ཀྱི་པར་དེ་ཡིན་སྲིད་མ་རེད། དོམ་མེད་འངྲ་པར་བརྫུན་མ་བཞག་པ་དང་། ཁ་བྱང་བརྫུན་མ་བཞག་པ་རེད། ངས་ལྟས་ན་དེ་བརྐུས་མཁན་དེ་ནིབ་རྒྱ་གར་ནང་ལོག་དང་མ་ཟད་དངུལ་ཁང་ལས་བྱེད་པ་ཡིན་ཐག་གཅོད་ཆོག་འདུག གང་ལྟར་ཚང་མས་གཟབ་དགོས་ཡག་ཅན་རེད། མི་ངོ་མ་ཤེས་ཚར་དུས་ནམ་ཡང་དངུལ་གཡར་བ་སོགས་། དངུལ་ཁང་ཁ་བྱང་སྤྲད་པ་དང་། མ་ཟད་དངུལ་ཁང་གི་ ATM བྱང་བུ་ཨང་གྲངས་མ་སྤྲད། དེནས་ཚར་བ་རེད་དོ། ཉམས་མྱོང་རེད།
ཨ་ཁ་ཁཁ། ངས་བསམ་ཚུལ་ལ་དངུལ་བཅོག་ཁྲོམ་བྱེད་མཁན་དེ་ནི་ད་ལྟ་འདྲ་པར་ཡོད་མཁན་ངེ་ཡིན་གྱིས་མ་རེད། དེ་ནི་རྒྱ་གར་ནང་དུ་དངུལ་ཁང་ལས་བྱེད་པའམ་ཡང་ན་IT མཁས་པ་ཅན་ཞིག་གིས་བརྐུས་རེད་བསམ། གང་ཡིན་ཟེར་ན་དེང་སང་ཨ་དར་ཀཌ་ཡོད་ཚར་དུས་གང་ཟག་དེར་དངུལ་ཁང་ག་ཚད་ཡོད་མེད་སོགས་ཆ་ཚང་ཧ་གོ་ཡོང་གུས་རེད། བྱས་ཙང་མི་པར་བརྫུན་མ་སོགས་ག་རེ་བཟོ་བཟོ་རེད། མ་ཟད་སྐུ་ཞོག་དེས་དངུལ་གཏོང་ས་དེ་རྒྱ་གར་ནང་གི་དངུལ་ཁང་དུ་གཏོང་ཡོད་ན་དེ་བས་ཀྱང་བུད་མེད་དེ་དང་མི་གཉིས་ཀྱི་པར་ཡོད་པ་དེ་མ་ཡིན་རྟོགས་ཐུབ་བོ།།
ཨ་ཁ་ཁ་དྲན་རྒྱུ་མང་ནས་ཤོར་རྒྱུ་མང་ད་བོད་པ་ཚོ་
ཟབ་ཟབ་གནང་དགོས་རོགས་དངུལ་ལ་རེ་སྟོང་མ་བཅང་
ན་དགའ་ལེ་རེད་དོ་ཐུགས་རྗེའི་གཟིགས།
ཚག་ཐོག་ཏུ་RS crore 1,97 བརྗོད་འདུག གལ་ཏེ་འདི་ལྟར་ཡིན་ན་ཧིན་སྒོར་འབུམ་བརྒྱ་དང་གོ་བདུན་ཡིན་དགོས་རེད། འོན་ཀྱང་རྗེས་སོར་གསལ་བྱེད་བཤད་སྐབས་མཁས་གྲུབ་ལགས་ཀྱི་ཧིན་སྒོར་འབུམ་བཅོ་ལྔ་དང་དགེ་འདུན་པ་གཞན་ལ་གཡར་ནས་ཞེས་བརྗོད་འདུག་པར་དཔག་ན་ཧིན་སྒོར་ཁྱོན་བསྡོམས་འབུམ་ཉི་ཤུ་མ་ཟིན་ཙམ་ཞིག་ཡིན་པ་འདྲ། །
གཞན་རྒྱུའི་རག་རྒྱུ་ཆེད་དུ་རང་རྒྱུ་ཤོར། བརྣབ་སེམས་ཆེ་ན་འདི་འདྲ་ཡོང་གི་རེད། རྐུ་མས་སྐུ་ཞོག་ལ་ཨ་སག྄ོར་ས་ཡ་གཉིས་ལྷག་ཅིག་སྤྲད་པར་ཁས་ལེན་བྱས་འདུག དགེ་འདུན་པ་མཁས་གྲུབ་ལགས་ནས་ས་ཡ་གཉིས་ཐོབ་པའི་ཆེད་དུ་ཁོང་གིས་ཧིན་སྒོར་འབུམ་ཉི་ཤུ་མ་ཟིན་ཙམ་བཏང་ཡོད་པ་འདྲ། སྒོར་གྲངས་ལ་བཤད་ཚུལ་མི་འདྲ་བ་འདུག་མོད། དེ་ནི་གསར་འགོད་པ་ཚོར་ཤེས་ཡོན་གྱིས་མ་འདང་བས་ཡིན་པ་འདྲ། བྱེ་བ་ས་ཡ་རྩི་ཚུལ་མི་འདྲ་བ་ཡིན་ནམ། གང་ལྟར་ཀྱང་གྲངས་ཀ་མི་འདྲ་བར་འདུག །།
༄།ཡར་དཀོན་མཆོག་ལ་མཆོད་པ་མེད་པ་དང་མར་སྤྲང་པོ་སྦྱིན་པ་མེད་པ་།དོན་མེད་དགོས་མེད་བུ་མེད་གཟུགས་མེད་ཞིག་ལ་སྒོར་འབུམ་བརྒྱ་དང་དགུ་ཅུ་གོ་བདུན་ཤོར་བ་རེད་ཟེར།།གཟུགས་མེད་དེ་ལ་མཐུ་དང་ནུས་པ་དེ་འདྲའི་ཆེ་བ་ལ་ཨང་།
དེ་མཚུངས་ཟླ་བ་གཉིས་སྔོན་ལ་སེ་རའི་དགེ་འདུན་པ་ཞིག་ལའང་ཁྲི་དྲུག་ཤོར་བའི་གནས་ཚུལ་བྱུང་འདུག དཔར་དེ་ག་རང་འབད་བཅོས་ཤིང་། ཨ་རིའི་དམག་མི་ཡིན་ལུགས། ད་ལྟ་ཨབ་གྷན་ལ་ཡོད་ལུགས་དང་། རྒྱ་གར་ལ་གུང་སེང་ཡོང་འཆར་ཡོད་པ་བཞིན་ལག་གྲོན་ཆེད་དངུལ་རྒྱ་གར་ལ་གཏོང་རྒྱུ་དང་། དེ་ནས་ལེན་ཐབས་གནང་ན་དངུལ་ཕྱེད་ཀ་སྤྲོད་འཆར་ཡོད་པ་བཅས་བཤད་རྗེས། དངུལ་བཏང་ཟིན་པའི་ཡིག་ཆ་དང་། རིམ་བཞིན་ཡིད་ཆེས་འཕེལ་ཆེད་ཁ་པར་ཨང་། དེ་མིན་རང་ཉིད་དམག་མི་ཡིན་པའི་ཁུངས་སྐྱེལ་ཡིག་ཆ། རང་དཔར་བཅས་གཏོང་མཐར། སླར་ཡང་བཏང་ཟིན་པའི་དངུལ་ད་ལྟ་སྦེང་ལོར་ལས་ཁུངས་ཞིག་ནས་བཀག་ཉར་གྱི་ཁྲལ་སྒོར་ཁྲི་དྲུག་ཙམ་དགོས་ལུགས་ཀྱི་སྔ་སྣུར་བྱ་རོགས་ཞེས་དཔང་ཡིག་དང་བཅས་གཏོང་ནས་དབུ་སྐོར་ཞུས་འདུག
རྗེས་སུ་མགོ་སྒོར་འོག་ཚུད་པ་ཤེས་རྗེས་དངུལ་ཁང་ལ་རྩད་བཅོད་སྐབས་རྒྱ་གར་ལྷོ་ཕྱོགས་ཧོབ་ལི་གཡས་གཡོན་གྱི་དངུལ་ཁང་ཆུང་ངུ་ཞིག་ནས་བཏོན་ཚུལ་འགྲེལ་བཤད་བྱས་འདུག
དེ་དོན་ཚང་མའི་ཟབ་ཟག་གནང་རྒྱུ་གལ་ཆེན་པོ་རེད།